ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

གུ་རུ་དོན་གྲུབ་ཀྱི་སྨྲ་ར་སྐྱེས་ཚུལ།

རྩོམ་པ་པོ:གུ་རུ་དོན་གྲུབ།ཡོང་ཁུངས:ཚངས་དབྱངས་དྲ་བ།གཟིགས་གྲངས:1574ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/1/27 18:21:07ཚོགས་ཡར་སྤྲོད:ངེད།
སྨྲ་ར་སྐྱེས་ཚུལ།

གུ་རུ་དོན་གྲུབ།

སྐྱེས་ཆེན་དག་གི་མདུན་དུ།
རང་ཉིད་ཀྱི་མགོ་བོ་ཐང་ལ་ཁྲོག་ཁྲོག་ཏུ་འདྲུད་པའི་བྲན་ཁྱུ་དག་ལས།
སྨྲ་ར་སྐྱེས་ཚུལ་འདི།   ཅི་འདྲའི་རླབས་ཆེ་བ་ལ་ཨང༌།
བཙན་དབང་གི་མནར་གཅོད་འོག
དཔའ་ཞུམ་པའི་སྡར་མ་དག་ལས།
སྨྲ་ར་སྐྱེས་ཚུལ་འདིར།
ཅི་འདྲའི་སྟོབས་ཤུགས་ལྡན་པ་ལ་ཨང༌།
མཚོན་ཆ་སྣ་ཚོགས་ཀྱི་སོ་ཁ་རུ།
སྨྲ་རའི་ཚོགས་ནག་སིབ་སིབ་ཕྱེ་མར་འཐག་གིན་འདུག་ནའང༌།
སྨྲ་ར་གསོ་སྐྱོང་བྱེད་མཁན་གྱི་བྱིས་པ་དག
ཨ་མའི་སློག་ཧྲུལ་དྲོན་མོའི་གཏིང་རིམ་དུ་འཛུལ་ནས།
སྔུར་བ་བྱང་བྱང་དུ་འཐེན་ལ།
གཉིད་ལས་སད་ཐེངས་རེ་རེར།
བག་ལྷོད་པོས་ཨ་མའི་ནུ་ཞོ་ཚིམ་མེད་དུ་འཐུངས་རྗེས།
སླར་ཡང་གཉིད་དུ་ཡུར་བར་འབད་ཀྱིན་འདུག
དུས་ཚོད་ཀྱི་ཐག་སྒྲས་རྟག་ཏུ་སུ་ཞིག་གཉིད་ལས་སློང་བར་འབད་ཀྱིན་ཡོད་ནའང་ཉན་ལོབས་སུ་སོང་བའི་རོལ་དབྱངས་དེ།
བྱིས་པ་ཚོར།
གཞི་ནས་ཆེས་སྙན་པའི་གཉིད་འགུག་གི་རོལ་དབྱངས་ཤིག་ཏུ་གྱུར་སོང།
དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད།
གཏན་དུ་སད་འདུག་པ་ནི་སྨྲ་རའི་ཚོགས་ཏེ།
སྨྲ་རའི་ཚོགས་ཀྱིས་སྟོབས་ཤུགས་ཀྱི་ལག་ཟུང་ནམ་མཁར་བསྒྲེངས་ཏེ།
མགོ་བོ་ཁོ་ནས་སྲ་མཁྲེགས་ཀྱི་གོང་བུར་གས་ཆག་ཡང་ཡང་གཏོང༌།
དུས་ཚོད་ཀྱི་སྐྱོར་བའི་སྨྲ་རའི་ཚོགས།
རང་རང་གི་ཁྱིམ་གཞིས་དྲོན་མོ་ནས།
ཁུ་སུམ་མེར་སྐྱེས་ཏེ་ནག་རོག་གེར་གྱུར་དུས།
གདུག་རྩུབ་ཀྱི་མཚོན་ཆ་སྣ་ཚོགས།
སྨྲ་ར་དང་དུས་ཚོད་ཀྱི་བར་གསེང་དག་ནས་སྨྱོ་ཧམ་གྱིས་འགུལ་བྱུང༌།
དུས་ཚོད་སྔར་བཞིན་བརྟན་བརླིང་གིས་བཞུར་བས།
སྨྲ་རའང་སྔར་བཞིན་སྟོབས་ཤུགས་ཀྱིས་སྐྱེས་བྱུང༌།
སྨྲ་རའི་ཆེད།  མཚོན་ཆའི་ཚོགས་ཡང་ཡང་ཟད་ཅིང༌།
སྨྲ་རའི་ཆེད།   དུས་ཚོད་ལ་ཆག་གྲུམ་ཡང་ཡང་བཟོས་རུང༌།
དུས་ཚོད།   སྔར་བཞིན་དུས་ཚོད་བཞིན་བཞུར་ཞིང༌།
སྨྲ་ར།  སྔར་བཞིན་སྨྲ་ར་བཞིན་སྐྱེས།
མཇུག་མཐར་མཚོན་ཆའི་ཚོགས་ལ་འུ་ཐུག་གི་འཁུན་སྒྲ་ཡང་ཡང་ཤོར།
སྨྲ་ར་སྐྱེས་ཚུལ་ནི།  དུས་ཚོད་བཞུར་ཚུལ་དང་འདྲ་སྟེ།
དུས་ཚོད་དང་སྨྲ་རས།
ཁ་རོག་གེར།  ཡང་སྙིང་ང་ཚོར་ཅི་ཞིག་བརྗོད་ཀྱིན་མཆིས།
འཐབ་འཛིང་གི་རལ་གྲི་སིང་སིང་གྲགས་པའི་གནམ་འོག་འདིར།
སུ་ཞིག་གི་ལག་ཟུང་དམར་པོས།
དུས་ཚོད་དང་སྨྲ་རར་ཡང་ཡང་འབྲེག་གཅོད་བྱེད་ཀྱིན་ཡོད་ནའང༌།
དུས་ཚོད།   མུ་ནས་མུར་དུས་ཚོད་བཞིན་བཞུར་གྱིན་གདའ།
ཨ་མའི་རུམ་ན་གཉིད་སྟུག་པོར་ཁུག་འདུག་པའི་བྱིས་པ་འདི་དག
སྔར་བཞིན།  བག་ལྷོད་པོས་གཉིད་དུ་ཡུར་འདུག་ནའང༌།
སྨྲ་རའི་ཚོགས་ཀྱིས་ཁོ་ཚོའི་ངོ་གདོང་ཧྲིལ་པོར་ཁེབས་འདུག་ཅིང༌།
སྨྲ་རའི་ཚོགས།   ད་དུང་ཡང་མུ་ནས་མུར།
ཁོ་ཚོའི་ངོ་གདོང་ན།  སྟོབས་ཀྱིས་སྐྱེས་བཞིན་འདུག
སྨྲ་ར་ནི།   གནམ་འོག་གི་ཟིལ་ཤུགས་ཆེས་ཆེ་བ་རེད།
སྨྲ་ར་ནི།   ང་ཚོའི་ཆེས་སྙིང་ཉེ་བའི་མཛའ་གྲོགས་རེད།
སྨྲ་ར་བཞིན།   ང་ཚོར་ཡང་གནོན་དཀའ་བའི་སྟོབས་ཤུགས་ཤིག་ཡོད་ན།
དུས་ཚོད་བཞིན།  ང་ཚོར་ཡང་ཟད་དཀའ་བའི་བཞུར་རྒྱུན་ཞིག་ཡོད་ན།
སྨྲ་ར་སྐྱེས་ཚུལ་འདི།  ཅི་འདྲའི་རླབས་ཆེ་བ་ལ་ཨང༌།
སྨྲ་ར་སྐྱེས་ཚུལ་འདི།   ཅི་འདྲའི་སྙིང་རྗེ་བ་ལ་ཨང༌།
བོད་པའི་དེང་རབས་སྙན་ངག་གི་དཔུང་སྡེ་གསར་པ་མི་རབས་གསུམ་པ་ཞེས་པའི་དེབ་ལས་བཤུས།
·རྩོམ་ཡིག་གོང་མ:ཁྱུང་ཕྲུག་གིས་དགེ་ཆོས་རྗེས་སུ་དྲན་པ།
·རྩོམ་ཡིག་འོག་མ:གླིང་སྒྲུང་ལས་བྱུང་བའི་མདའ་གཞུའི་སྐོར་ལ་དཔྱད་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 0:45:12 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 2:09:03 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 3:37:58 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 63 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS