ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

ཞོགས་དུང་གི་མཆན་དུ་ཉལ་བའི་བྱེའུ།

རྩོམ་པ་པོ:གཅན་མེ་སྟགཡོང་ཁུངས:ན་གཞོན་གསར་པ།གཟིགས་གྲངས:2188ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/2/7 16:12:26ཚོགས་ཡར་སྤྲོད:ངེད།
ཞོགས་དུང་གི་མཆན་དུ་ཉལ་བའི་བྱེའུ།
གཅན་མེ་སྟག

ལོ་འདི་འགར་ཞོགས་དུང་དང་བག་ཆགས་དོང་སྤྲུགས་ཀྱིས་བསླངས་པའི་སྣང་ཚུལ་ཡ་མཚན་པ་ཞིག་གི་རྩོད་གླེང་དེ་བྱུང་བ་དང་མཉམ་དུ། མ་གཞིར་བརྩམས་ཆོས་དང་གྲུབ་འབྲས་གང་ལའང་ཟབ་ཚད་དང་ལྕི་ཚད་གཞལ་རིན་མེད་པའི་མི་སྐོར་ཞིག་ཀྱང་དུས་སྐབས་འདིའི་བཟང་ངན་བསྟོད་སྨད་གང་རུང་གི་སྤྱི་སྙིང་དུ་གྲུབ་ཅིང་། རིམ་གྱིས་མི་དེ་དག་མ་གླེང་ན་དཔྱོད་ཤེས་པའི་གྲལ་དུ་མི་ཚུད་པ་ལྟ་བུའི་མཁའ་དབུགས་མཚར་པོ་ཞིག་མ་ཆགས་རང་ཆགས་སུ་གྱུར་སོང། མཁས་བླུན་རྒན་གཞོན་མཐའ་དག་གིས་ཀྱང་དཔྱོད་ཤེས་དང་གཟུར་གནས་ཀྱི་གཏམ་བརྗོད་མ་བརྒྱུད་པར་གཡམ་རྒྱུགས་ཀྱི་ལས་ཁོ་ནས་རང་ཉིད་ཀྱི་ལངས་ཕྱོགས་དང་ལྟ་སྟངས་མངོན་པར་སྒྲོགས་ལ་བྲེལ་ཡོད། བསམ་བློ་རེ་བཏང་ན། རིག་གནས་ལོ་རྒྱུས་ཁྲོད་གཏམ་གླེང་གི་སྤྱི་སྙིང་དུ་གྱུར་བའི་མི་མང་དུ་ཡོད་དེ།  ལ་ལ་ནི་རང་སྟེང་ནས་བལྟས་ན་གཙིགས་ཆེར་འཛིན་འོས་པའི་རིན་ཐང་གང་ཡང་མེད་ལ།  དེའི་བརྩམས་ཆོས་ཀྱི་རིགས་སུ་གྱུར་བ་དག་ཀྱང་བརྗོད་བྱ་རྗོད་བྱེད་གང་ཐད་ནས་རྒྱས་སྤྲོས་དང་ཆེ་བརྗོད་བྱེད་འོས་ཀྱི་ངལ་བ་ཅིས་ཀྱང་བསྟེན་མི་དགོས་པ་དག་ཡོད་ནའང་། དེ་དག་དུས་རབས་ཤིག་གི་གླེང་བརྗོད་ཀྱི་སྤྱི་སྙིང་དུ་གྱུར་བའི་རྒྱུ་རྐྱེན་གཙོ་བོ་ནི་མི་དེ་དག་གི་སྤྱོད་སྟངས་ཤིག་དང་གནས་བབས་ཤིག།མིང་གྲགས་དང་སྐད་ཆའི་ཟུར་ངོས་རེ་གཉིས་ཤིག་ནས་དུས་རབས་དེའི་རིག་གནས་ཀྱི་ལྟ་བའི་འདུས་མདོ་ཞིག་གམ་ལྟ་སྟངས་ཤེད་ཆེ་བའི་རིག་གནས་ཀྱི་གནད་དོན་ཞིག་ལ་ཕོག་ཐུག་སོང་བ་ལྟ་བུས་བསླངས་པ་ཡིན།  གླེང་གཞི་རུ་གྱུར་བའི་མི་དེ་དག་ལ་རྩོད་གླེང་དང་དགག་བཞག་སྤྲོས་སྐབས་ཀྱང་མི་དེ་དག་ལ་རང་སྟེང་དུ་མངོན་པའི་ཟབ་བརླིང་གི་ཤེས་རྒྱ་དང་གཏིང་ཡངས་པའི་དོན་སྙིང་ཅི་ཞིག་ཡོད་མིན་ལ་ཞིབ་བརྡར་དང་གདེང་འཇོག་བྱེད་པ་མིན་པར།  མི་དེ་དག་གླེང་བ་བརྒྱུད་ནས་གླེང་མཁན་རང་ཉིད་ཀྱི་རིག་གནས་ལངས་ཕྱོགས་གང་འདྲ་ཞིག་ཡིན་པ་དང་བསམ་བློའི་ལྟ་སྟངས་ཇི་འདྲ་ཞིག་ཡིན་པ་དེ་ཤོད་ཀྱིན་ཡོད།བཤད་ས་བུ་མོ་དང་ཉན་ས་མནའ་མའི་དཔེ་རུ་གྱུར་བའི་གླེང་བརྗོད་འདི་དག་ལ་བལྟས་ན། གླེང་ཡུལ་གྱི་མི་དེ་ཇི་ལྟར་གླེང་རྒྱུ་ནི་མི་དེ་ཉིད་གླེང་བ་ལས་ཀྱང་གལ་ཆེན་པོར་མཐོང་རྒྱུ་འདུག།སྣེ་དེ་ནས་བལྟས་ན་ཞོགས་དུང་ནི་སྨོས་མ་དགོས་པར་རིག་གནས་དེའི་རྫ་རྔ་རྡུང་མཁན་ཞིག་རེད་ལ།  རྔ་ཇི་ལྟར་རྡུང་ན་འཆམ་དེ་ལྟར་འཆམ་པའི་ཧོལ་རྒྱུགས་ཀྱི་ལུགས་སྲོལ་འདི་ཀོ་ཡང་དེང་གི་རྩོམ་སྟེགས་ཧྲིལ་བོའི་མ་བཅོས་པའི་ཁྲིམས་སྲོལ་ཞིག་ཏུ་ཆགས་ཀྱིན་འདུག   དེའི་དབང་གིས་ཞོགས་དུང་ཕ་བུ་དང་དོར་ཞི་ཡབ་སྲས་ལ་སོགས་པའི་བསྟོད་སྨད་མ་ངེས་པའི་མིང་བཏགས་མང་དུ་བྱུང་ཞིང་།  དེ་ལ་བསྟོད་སྨད་གང་བྱེད་མཐའ་དག་ཀྱང་འབྲི་མཁན་རང་ཉིད་ཀྱི་དམིགས་ཡུལ་ཙམ་པོ་དེ་འགྲུབ་ཆེད་ཡིན་པར་བལྟས་ཙམ་གྱིས་མཐོང་ཐུབ།  བར་དང་མཚམས་ཆད་མ་མྱོང་བའི་ཞོགས་དུང་གི་རྩོད་གླེང་གིས་མ་གཞིར་དབེན་སིམ་པའི་བོད་ཀྱི་རིག་གནས་སྟེགས་བུ་འདི་འུར་ཟིང་གི་རྣམ་པ་ཅན་ཞིག་ཏུ་བཟོས་ཤིང་།  དེ་དང་འབྲེལ་ནས་ཞོགས་དུང་གི་རྐང་རྗེས་འདེད་ཀྱིན་རང་ཉིད་ཀྱི་རིན་ཐང་ངམ་ཁེ་ཕན་གང་ཞིག་འཚོལ་མཁན་གྱི་མི་བུའམ་དེ་ཡང་ཇེ་མང་དུ་འགྱུར་ཀྱིན་ཡོད་མོད།བསམ་དགོས་པ་ཞིག་ལ།  ཞོགས་དུང་གིས་ཤེས་ནས་སྨྲས་བའི་སྤྱི་ཚོགས་དེ་ཀོ་ཁོང་ཚོས་དུས་རབས་ཤིག་ཏུ་འཛིན་ཞིང་།ཞོགས་དུང་གིས་མ་ཤེས་བརྟག་པའི་མི་གཤིས་དེ་ཀོ་ཁོང་ཚོས་མི་ཆོས་ཤིག་ཏུའང་ངོས་འཛིན་ཀྱིན་ཡོད།  རུང་ནི་རུང་སྟེ།  རྒྱུགས་ཆེ་བའི་རིག་གནས་ཤིག་ཡིན་ན་དེའི་རྗེས་སུ་འབྲངས་པ་ནི་མི་ཕལ་མོ་ཆེའི་ལུགས་སྲོལ་ཡིན་པ་སྨོས་མེད་རེད།  ཡིན་ནའི་ཆུ་དང་འདམ་སྙིགས་མ་ཕྱེས་པར་ཡོད་ཚད་ཧྲིལ་གྱིས་ལེན་པ་འདི་གཟུ་བོར་གནས་པ་དག་གིས་སྤངས་བྱ་ཡིན་ཞིང་།  སྐབས་ཤིག་ལ་དར་རྒྱས་ཆེ་བའི་ཚོང་རྫས་ཤིག་དང་འདྲ་བའི་བསམ་བློ་དག་ཀྱང་དུས་ཚོད་དང་ལོ་རྒྱུས་ཀྱི་གདམ་གསེས་བྱས་པ་བརྒྱུད་ནས་ད་གཟོད་འོ་ཆུ་མ་འདྲེས་པ་གསལ་ལེར་མངོན་རྒྱུ་ཡོད།  དེའི་དབང་གིས་དཔྱོད་པ་གང་ལའང་སྔོན་དཔགས་ཤིག་གི་རིག་རྟོགས་དང་རྗེས་དཔག་ཅིག་གི་ཚོར་ཤུགས་ཅིས་ཀྱང་དགོས་འདུག  ཞོགས་དུང་གི་སྣང་ཚུལ་འདིའི་ཤུགས་ནས་མཐོང་བ་ནི་རིག་གནས་གང་འདྲ་ཞིག་དང་བསམ་བློ་གང་འདྲ་ཞིག་གིས་བསླངས་པའི་རྡུལ་འཚུབ་ཁྲོད་དུ།དེང་སྐབས་མུན་ནག་སྦར་ཉོབ་ཀྱིས་བགྲོད་པའི་ཤེས་ཡོན་པ་སྣ་ཚོགས་འདུས་ཤིང་།  འབེན་དུ་མཐོང་བ་དང་ལྐོག་མདའ་འཕེན་པར་བྲེལ་བའི་མཁས་རློམ་པ་ཡང་ཕུན་སུམ་ཚོགས་པོར་འདུས་པས།  མི་སྨྲའི་བརྟུལ་ཞུགས་འཛིན་པར་དགའ་བའི་མཁས་པ་རྒན་གྲས་དག་གིས་ཀྱང་སྐྱོན་ཡོན་གྱི་གནད་ལ་ཕོག་པའི་གཏམ་བརྗོད་དག་ཅིས་ཀྱང་སྤེལ་བར་རེའོ།

དྲ་ཐོག་གི་ཟིན་བྲིས་རེ་གཉིས་ཤིག་མཐོང་བ་ལས་དྲན་འཆར་འདི་ཙམ་པ་ཞིག་སྐྱེས་སོ།

·རྩོམ་ཡིག་གོང་མ:རང་གཤིས་ནི་འདོད་བློ་ལས་ལྷག
·རྩོམ་ཡིག་འོག་མ:གནས་མཆོག་ཁ་བ་དཀར་པོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེའི་གསོལ་འདེབས་ཀྱི་མཆན་བུ། 2011/6/23 9:32:59
·བོད་ལ་དྲ་ཚིཊ་ཉུང་སྐྱོན་ལས་མང་སྐྱོན་མེད། 2011/5/15 12:01:41
·བླ་རུང་དང་འབྲེལ་བའི་གཏམ། 2011/5/13 21:29:33
·སངས་རྒྱས་པའི་ལུཊ་ཀྱི་རིན་ཐང་གི་ལྟ་ཚུལ་འགའ་ཞིག་བརྗོད་པ། 2011/1/9 21:58:59
·ཨ་མཚར་མཚར་དགུའི་བདུན་པ། 2010/12/8 18:08:10
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:44:53 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:21:32 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 23:11:41 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 47 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS