ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
རྩོམ་ཡིག་ཀློག་པ།

དགེ་འདུན་ཆོས་འཕེལ་གྱི་མི་ཇུས་བསམ་བློར་རཊ་ཙམ་དཔྱད་པ།

རྩོམ་པ་པོ:མཁར་བྱམས་ཡག ཀུན་བཟང་རྒྱལ།ཡོང་ཁུངས:མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།གཟིགས་གྲངས:2081ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/2/17 12:24:35ཚོགས་ཡར་སྤྲོད:ངེད།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་མི་ཇུས་བསམ་བློར་རགས་ཙམ་དཔྱད་པ།

དང་པོ། མི་ཇུས་རིང་ལུགས་ཀྱི་ངོ་བོ།

མི་ཇུས་བློ་འདུན་ནི་མིའི་རིགས་ཀྱི་རང་ཉིད་ལ་གཅེས་འཛིན་དང་མིའི་ལ་རྒྱ་དང་རིན་ཐང་། ལས་དབང་ལ་རྩིས་མཐོང་། འཚོལ་སྙེག་དང་ཐུགས་ཁུར་མཛད་ཅིང་། མིའི་རིགས་ཀྱི་ཤུལ་བཞག་ཡིད་ཁམས་དཔལ་ཡོན(精神文明)ལ་ཆེས་མཐོའི་གདེང་འཇོག་དང་རང་ཚུགས་ཐུབ་པའི་མི་གཤིས(人格)གསར་བ་བཞེང་སྐྲུན་བྱེད་པ་ཞིག་ལ་གོ། མི་ཇུས་རིག་ཚན (人文学科)ནི་མི་ཇུས་བློ་འདུན་གྱི་ཤེས་བྱ་གྲུབ་ཚུལ་ཕྱོགས་བསྡུས་ངང་མཚོན་པ་སྟེ། མིའི་རིགས་ཀྱི་རིན་ཐང་དང་སྙིང་སྟོབས་མངོན་འཇུག་པ་དེ་རེད། དེ་ཡང་ངོ་བོ་གཞན་ཞིག་གི་སྟེང་ནས་བཤད་ན།མིའི་རིགས་སྲོག་ཆགས་ཀུན་ལས་ཁྱད་དུ་འཕགས་དོན་ཡང་དེར་མི་ཇུས་ཏེ་ཐུན་མིན་གྱི་ཡིད་ཁམས་དཔལ་ཡོན་མཆིས་པའི་ཕྱིར་རེད།། མི་ཇུས་བློ་འདུན་གྱིས་ཡིད་ཁམས་དཔལ་ཡོན་གྱི་སྙིང་བོ་འཛིན་པ་མ་ཟད། དངོས་པོའི་དཔལ་ཡོན་གྱི་འཛུགས་སྐྲུན་ལའང་ཤན་ཤུགས་བཟོ་བཞིན་ཡོད། དེ་ནི་མི་རིགས་ཤིག་གམ་ས་གནས་ཀྱི་ཐུན་མིན་རིག་གནས་གྲུབ་བྱེད་ཀྱི་ནང་སྙིང་གཙོ་བོ་ཡིན་ལ། མི་རིགས་ཤིག་གམ་ཡུལ་སྡེ་ཞིག་གི་དཔལ་ཡོན་གྱི་ཟབ་ཚད་དང་རྒྱལ་ཁབ་ཅིག་གི་རྒྱལ་དམངས་ཀྱི་མི་ཇུས་གསོ་སྦྱོང(人文修养)ལ་འཇལ་བའི་ཚད་གཞིའང་ཡིན།

གཉིས་པ། དགེ་འདུན་ཆོས་འཕེལ་གྱི་མི་ཇུས་བསམ་བློའི་འཕེལ་རིམ།

གཅིག ཨ་མདོ་ནས་བཞུགས་དུས།

དགུང་ལོ་བཅུ་གཅིག་སྟེང་ཁོ་རང་ཕ་ཡུལ་གྱི་དགོན་སྡེར་ཞུགས་ཤིང་། དེའི་སྔོན་དུ་ཡབ་དང་ཞབས་དཀར་པ་སྐུ་ཕྲེང་གཉིས་པའི་ཡོངས་འཛིན་ཨ་ལགས་བསྟན་པ་ལས་བོད་ཡིག་འབྲི་ཀློག་དང་། བརྡ་སྤྲོད། སྙན་ངག་སོགས་སྦྱངས། ཕྱིས་སུ་རྙིང་མའི་དགོན་སྡེ་གཡའ་མ་བཀྲ་ཤིས་འཁྱིལ་དུ་རབ་ཏུ་བྱུང་སྟེ་རྙིང་མའི་ཆོ་ག་བྱང་ཆུབ་པར་བསླབ་པ་དང་། དགོང་ལོ་བཅུ་བཞིའི་སྟེང་བསང་ཆུ་རྫོང་གི་རྙིང་མ་བའི་གཏེར་སྟོན་བླ་མ་ལས་རྙིང་མའི་ཆོས་ལུགས་ལ་བྱང་ཆུབ་པར་གསན་སྦྱོང་མཛད། དེ་རྗེས་ཚ་དགོན་པར་ཁེབས་ཏེ་མཁན་ཆེན་དགེ་འདུན་རྒྱ་མཚོ་ལས་དགེ་བསྙེན་གྱི་སྡོམ་པ་བླངས་ཤིང་ཆོས་མིང་ལ་དགེ་འདུན་ཆོས་འཕེལ་ཞེས་པར་བཏགས། དེ་ལས་ནང་དོན་ཚད་མ་སོགས་ལ་ནན་ཏན་གྱིས་སྦྱངས། ཁོ་རང་སྐྱེས་ས་རྙིང་མ་བའི་ཁྱིམ་རྒྱུད་ཡིན་ལ་ཆུང་དུས་ནས་རྙིང་མ་བའི་ཆོས་རྒྱུན་དང་ཕྱིས་སུ་དགེ་ལུགས་པའི་ཆོས་རྒྱུན་ལ་ནན་ཏན་གྱིས་སྦྱང་བ་མཛད་པས། རྙིང་མ་དང་དགེ་ལུགས་གཉིས་ཀའི་གྲུབ་མཐའ་མངའ་བརྙེས་པ་རེད།

གཉིས། དབུས་གཙང་ནས་བཞུགས་དུས།

1927ལོར་དགེ་འདུན་ཆོས་འཕེལ་མཆོག་ལྷ་སར་ཕེབས་ཤིང་། དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་ཏེ་འབྲས་སྤུངས་དགོན་པར་ཞུགས། དེ་ནས་ལོ་བདུན་གྱི་རིང་ནང་བསྟན་དང་མཚན་ཉིད་ལ་དཔྱིས་ཕྱིན་པར་སྤྱངས་པས། ཐུབ་བསྟན་གྱི་ཤེས་བྱའི་ཁྱབ་ཁོངས་དང་ཆོས་རྩོད་ཀྱི་ཉམས་མྱོང་སྔར་ལས་ཡངས་པར་གྱུར་ལ།གཞན་ཁོའི་རི་མོའི་འབྲི་རྩལ་ཡང་མཐོར་བྱུང་ལ་ཀུན་གྱིས་བསྔགས་པས་མི་ཚད། ད་དུང་དགེ་བཤེས་ཆེན་མོ་ཤེས་རབ་རྒྱ་མཚོ་མཆོག་གི་ཐུགས་རྩིས་ཆེ་བའི་སློབ་མ་གི་གྲས་སུའང་ཚུད་འདུག ཁོ་ལ་མཚོན་ན་དགོན་སྡེའི་འཚོ་བ་ལས་གཞན།ལྷ་སའི་སེར་སྐྱའི་འཚོ་བ་ཡང་ལོ་འདི་དག་རིང་ལ་གམས་པ་དང་རང་གི་ཉམས་མྱོང་གི་ཆ་ཤས་སུ་འགྱུར་པས། གྲོང་ཁྱེར་དེའི་སྐུ་དྲག་དང་དགེ་བཤེས་ཆེན་མོ་སྐོར་ཞིག་ངོ་ཤེས་གྲོགས་པོར་གྱུར་པར་ཁོའི་བརྟན་ཆོས་དང་མི་ཆོས་གཉིས་ཀར་ཕན་ནུས་ཡག་པོ་ཐོབ། གོང་སྨྲས་ལྟར་ན། སྐབས་དེ་ནི་ཁོའི་བསམ་བློ་དང་མི་ཇུས་ཀྱི་བསམ་བློ་བྱུང་གྲུབ་ཀྱི་དུས་རིམ་ཞིག་ཡིན་འདུག སྔོན་དུ་བརྗོད་ཟིན་པ་བཞིན། དགེ་འདུན་ཆོས་འཕེལ་ལ་ཡང་མཐུན་རྐྱེན་འདི་ཡོངས་སུ་གྲུབ་སྟེ། ཆུང་དུས་ནས་ཁོས་རང་ཉིད་ཀྱི་ལ་རྒྱ་དང་རིན་ཐང་། ལས་དབང་ལ་ཐུགས་ཁུར་གནང་ཞིང་ཤེས་རིག་འཚོལ་དཔྱོད་ཀྱི་ལམ་བུར་བསྙེགས་པས། ཁོའི་མི་ཇུས་བསམ་བློ་དེ་འཚོ་བ་དངོས་ཀྱི་ལག་ལེན་ནས་ཡུན་གྱིས་འཚར་ལོངས་ཐུབ་པ་བྱུང་།

གསུམ། ཨེ་ཤ་ཡའི་ལྷོ་ནས་བཞུགས་དུས།

1934ལོ་སྟེ་དགུང་ལོ་སོ་གཉིས་སྟེང་དགེ་འདུན་ཆོས་འཕེལ་ལགས་ར་ཧུ་ལ(罗喉罗)དང་མཉམ་དུ་རྒྱ་གར་ལ་ཕེབས། དེ་གར་ལོ་བཅུ་གཉིས་རིང་སློབ་གཉེར་གནང་བ་དང་གནས་སྐོར་འགྲིམ་སྦྱོང་དང་། གནའ་ཤུལ་འཚོལ་སྙེག རིག་གནས་སྣ་མང་ལ་རྒྱུས་ལོན། སྐད་རིགས་སྣ་ཚོགས་སྦྱང་བ་བཅས་ཀྱིས་ཁོའི་བསམ་བློར་སྔར་ལས་ལྷག་པའི་འགྱུར་ལྡོག་ཆེན་པོ་བྱུང་། སྐབས་དེའི་རྒྱ་གར་གྱི་རྒྱལ་ཡོངས་སུ་མི་རིགས་རང་བཙན་གྱི་ལས་འགུལ་སློང་བཞིན་ཡོད་པས།དབྱིན་ཇི་པས་རྒྱ་གར་གྱི་བསམ་བློ་སྔོན་ཐོན་ཅན་མང་བོ་ཞིག་བཙོན་དུ་བཀག་ཉར་བྱས་ཡོད་མོད། དེས་དགེ་ཆོས་ཀྱི་བསམ་བློར་ལྡོག་ཕྱོགས་ཀྱི་ནུས་པ་མ་ཐོན་པར་རྒྱ་གར་མི་རིགས་ཀྱི་རང་གཅེས་ཀྱི་འདུ་ཤེས་དྲག་པོས་ཁོར་བློ་བསྐྱེད་ཆེན་པོ་བྱིན།ཁོས་རྒྱ་གར་མི་དམངས་ཀྱིས་མི་སེར་སྤེལ་བར་ངོ་རྒོལ་དང་ས་དེའི་དབང་སྒྱུར་བ་དང་དབྱིན་ཇི་བཙན་རྒྱལ་བ་མཉམ་འབྲེལ་གྱིས་རྒྱ་གར་མི་རིགས་ལ་གཉའ་གནོན་བྱེད་པ་མཐོང་བར་སེམས་ཁོང་ནས་སྙིང་རྗེ་སྐྱེས་པ་དང་ཆབས་ཅིག དེ་ལྟ་བུའི་རྗེས་ལུས་ཀྱི་སྤྱི་ཚོགས་ལུགས་སྲོལ་ལ་ཞེན་པ་ལོག སྐབས་དེར་ཁོ་རང་ཡང་སྦོམ་མདའ་རབ་དགའ་དང་ཐུབ་བསྟན་ཀུན་འཕེལ་དང་ལྕང་ལོ་ཅན་བཅས་ཀྱི་སྒྲིག་འཛུགས་བྱས་པའིནུབ་བོད་ལེགས་བཅོས་སྐྱིད་སྡུག”(西藏革命党)ནང་དུ་ཞུགས་ནས་གཙོ་གྲས་སུ་གྱུར་པའང་གོ་འདུག དེ་ནི་ཕལ་ཆེར་ཁོང་རང་སྔོན་ཐོན་གྱི་ཕྱོགས་ལ་གཞོལ་ཆེ་བའི་རྒྱུ་རྐྱེན་ཡང་ཡིན་པར་ངེས།དེར་བརྟེན། ཁོ་རང་ཨེ་ཤ་ཡའི་ས་ཆ་གང་སར་ལྟ་སྐོར་དུ་ཕྱིན་རིང་།ས་དེའི་སྔོན་ཐོན་གྱི་རིག་གནས་དང་སྔོན་ཐོན་གྱི་བསམ་བློ་དག་དང་ལེན་བྱེད་མགོ་བརྩམས། ནང་སྒོས་སུ་དེ་དག་ལས་མཆེད་པའི་རང་དབང་དང་དམངས་གཙོ། འདྲམ་མཉམ། རང་གཅེས་སོགས་ཀྱི་ལྟ་བས་ཁོའི་མི་ཇུས་བསམ་བློར་ཤུགས་རྐྱེན་གཏིང་ཟབ་པ་ཞིག་བཞག་ཅིང། དུས་སྐབས་དེར་ཁོའི་མི་ཇུས་བསམ་བློ་གཞི་ནས་རྐང་ཚུགས་པའམ་གཏན་ཆགས་སུ་གྱུར་པར་འདོད།

གསུམ་པ། དགེ་འདུན་ཆོས་འཕེལ་གྱི་མི་ཇུས་བསམ་བློའི་བློ་འདུན།

གཅིག རང་དབང་འདྲ་མཉམ་གླེང་བའི་སྙིང་སྟོབས།

ཆོས་སྲིད་ཟུང་འབྲེལ་ངང་བཙུགས་པའི་བཀས་བཀོད་ཞིང་བྲན་སྤྱི་ཚོགས་སུ་བསམ་བློར་བཀག་སྡོམ་དང་མིའི་བྱ་བྱེད་ཀྱི་རང་དབང་ཡོད་ཚད་བཤུ་གཞོག་བྱས་པས། འདྲ་མཉམ་ནི་ནམ་ཞར་ཡོད་མ་ཡིན། སྤྱི་ཚོགས་དེར་དེ་ལྟ་བུའི་རང་དབང་དང་འདྲ་མཉམ་དབེན་པ་ལས་དགེ་འདུན་ཆོས་འཕེལ་གྱིས་རང་ཉིད་ལ་དབང་འོས་པ་དག་འཐོབ་ཕྱིར། ཁོའི་བརྩམས་ཆོས་མང་པོར་རང་དབང་གིས་རང་ཉིད་ལ་མངའ་བསྒྱུར་བའི་འདྲ་མཉམ་གྱི་བསམ་བློ་སྟུག་པོ་ཞིག་མངོན་ཡོད། ཁོང་གིས་མིའི་རིན་ཐང་ལ་རྩིས་མཐོང་དང་བུད་མེད་ལ་བཅིངས་འགྲོལ།ཕོ་མོ་འདྲ་མཉམ་དང་ཕོ་ཡི་མོ་ལ་དུས་ཡུན་རིང་བའི་ནང་བཙུར་གནོན་དང་བཀོད་འདོམས་བྱེད་པ་དེ་ལ་རྡུང་རྡེག་བྱེད་པ་དང་། བུད་མེད་ཀྱི་ཡིད་ཁམས་ཀྱི་ཁྱད་ཆོས་དང་མི་གཞན་ལ་བཅངས་པའི་སྙིང་རྗེ་ལ་སོགས་པར་གདེང་འཇོག་ཆེན་པོ་བྱས་ཤིང་།ཆོས་ལུགས་ཀྱི་འདོད་སྡོམ་རང་ལུགས(禁欲主义)ཀྱི་བསམ་བློ་གཏོར་ཏེ་འདོད་པའི་བསྟན་བཅོས་བརྩམས་པ་དང་།ཤེས་རིག་གི་འོ་མཚོས་ཕྱུག་འདོད་ན་བཀག་རྒྱ་ཇི་རྙེད་རྒྱང་དུ་དོར་དགོས་པའི་ལྟ་ཚུལ་ཡང་བཏོན།

གཉིས། ཚན་རིག་ལ་བཀུར་བའི་བློ་འདུན།

དཔེ་ཆ་མང་པོར་དགེ་ཆོས་ཁོ་རང་ཚན་རིག་ལ་དུང་བའི་སྐོར་བྲིས་ཡོད་དེ། དེར་བལྟས་ན་ཁོང་རང་ཤེས་བྱ་གསར་བའམ་དེང་རབས་རིག་གནས་ལ་དགའ་སྣང་ཆེ་ཞིང་། དེའི་སྔོན་བླ་བྲང་དགོན་དུ་བཞུགས་དུས།དུས་ཚོད་འཁོར་ལོའི་ལྷུ་ལག་གིས་གྲུ་གཟིངས་དང་གནམ་གྲུ་བཟོས་པ་ཐོས་རྒྱུ་འདུག  ཁོང་གིས་ལག་ལེན་བརྒྱུད་དེ་ཤེས་བྱ་གསར་བ་ཁོང་དུ་ཆུད་ཐབས་དང་རིག་གནས་གསར་བ་དང་ལེན། སློབ་སྦྱོང་བྱེད་པའི་གོམས་གཤིས་ལེགས་པོ་བསྐྱངས་ཡོད་པ་རེད།

གསུམ། མི་རིགས་ཀྱི་ལ་རྒྱ་མཆིས་པའི་བློ་འདུན།

དགེ་འདུན་ཆོས་འཕེལ་ཡུན་རིང་བོར་བོད་ཁུལ་དང་རྒྱ་གར་དུ་སྡོད་སྐབས།རིགས་མི་འདྲ་ཞིང་ཧེ་བག་ཆེ་བའི་ས་གནས་འདི་གཉིས་ལ་བརྩེ་དུང་ཟབ་མོ་ཞིག་ཆགས་ཡོད། འོན་ཀྱང་ཁོང་ནི་་མཁས་པས་བཤད་ན་ཇི་ཡང་བདེན་པའི་རྗེས་སུ་འབྲངས་མཁན་དག་དང་།རྒྱ་གར་གྱི་ཡོད་ཚད་ང་ཚོའི་མིག་དཔེར་འཇོག་པའི་སྒེར་གཤིས་བྲལ་བའི་བོད་མི་དག་ལ་སུན་འབྱིན་དང་ཁ་རྡུང་དྲག་པོ་བཏང་ནས་མི་རིགས་ཀྱི་ལ་རྒྱ་བོར་མི་རུང་བའི་འབོད་སྐུལ་གནང་ཡོད། དཔེར་ན་ཁོང་གིམ་ལ་ཡ་བཞིན་བརྗིད་པའི་སྐུ།། གང་ག་ཇི་བཞིན་དྲི་མེད་གསུངས།།ཞེས་པ་ལྟ་བུ་ཚིག་རྒྱན་ནམ་སྙན་ངག་ཏུ་གོ་ཞིང་། ཁྱོད་སྐུ་རྨ་ཆེན་གངས་བཞིན་བརྗིད།། ཁྱོད་གསུངས་རྨ་ཆུའི་རྒྱུན་དང་མཚུངས།།ཞེས་བརྗོད་དུས།བོད་མིས་ཚིག་རྒྱན་དུ་མི་གོ་བར་དེ་ལ་མཐོང་ཆུང་དང་འཕྱ་དམོད་ཀྱིས་རང་རིགས་ཀྱི་རིག་གནས་ཀྱི་གཉའ་ཕབ་པ་ལྟ་བུའི་རྒྱ་གར་གྱི་ཡོད་ཚད་བླ་རུ་མཐོང་བའི་ལྟ་ཚུལ་ལ་སུན་འབྱིན་གནང་ཡོད།

བཞི། རྒྱལ་གཅེས་རིང་ལུགས་ཀྱི་བློ་འདུན།

གང་ཟག་སུ་ཞིག་ལ་རྒྱལ་གཅེས་ཀྱི་བསམ་བློ་ཡོད་མེད་དེ།ཐོག་མར་རང་རིགས་ལ་དགའ་ཞེན་ཆེ་མིན་གྱི་བསམ་བློར་བལྟ་དགོས།  དེ་ཡང་དགེ་འདུན་ཆོས་འཕེལ་གྱི་མི་ཚེར་བལྟས་ན། ཁོང་རང་ནི་མི་རིགས་ལ་དུང་བ་ཟབ་ཅིང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་ཐུགས་ཁུར་ཟབ་བཞེས་གནང་མཁན་ཞིག་ཡིན་འདུག  ཁོང་གིས་མི་རིགས་མཐོང་ཆུང་ལ་ངོ་རྒོལ་དང་མི་རིགས་འདྲ་མཉམ་ལ་འབོད་སྐུལ་བཏང་སྟེ། རང་རིགས་ཀྱི་རྗེས་ལུས་སམ་བག་འཁུམས་ཀྱི་རྣམ་པར་མཐའ་གཅིག་ཏུ་ཁ་རྡུང་བཏང་ཡོད། གཞན་ཁོང་གིས་མི་རིགས་ཁ་བྲལ་དུ་གཏོང་བའི་ལས་ལ་ངོ་རྒོལ་དང་དབྱིན་འགོག་གི་འཐབ་རྩོད་ལའང་ཞུགས་པ་དེ། རང་རིགས་དང་རྒྱལ་ཁབ་ལ་དགའ་ཞེན་ཆེ་བའི་མཚོན་རྟགས་ཡིན་པས། ཁོ་ལ་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་འབུར་དུ་ཐོན་ཡོད་པ་རེད།

བཞི་བ། མཇུག་བསྡུ་བ།

དགེ་འདུན་ཆོས་འཕེལ་ནི་བོད་ཁུལ་གྱི་མི་ཇུས་རིང་ལུགས་ཀྱི་དར་ཆ་ཐོག་མར་སྒྲེང་མཁན་དང་བློ་འབྱེད་བསམ་བློ་མཁན(启蒙思想家)ཞིག་ཡིན་པས་མི་ཚད། བོད་རྒྱུད་ཐུབ་བསྟན་དེ་འཇིག་རྟེན་པའི་ངོ་བོར་ཐོག་མར་བསྟེན་མཁན་དང་མི་རིགས་དང་རྒྱལ་ཁབ་ལ་དུང་ཞེན་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་ཞིག་ཀྱང་ཡིན་འདུག ཁོ་རང་རྒྱ་གར་སོགས་གནས་འགངས་ཆེན་དག་ཏུ་གནས་སྐོར་དང་འགྲིམ་སྦྱོང་དང་ལོ་ཙཱ་བྱས་པ་བཅས་མི་ལོ་བཅུ་གཉིས་རིང་བསྡད་པས།དབྱིན་སྐད་དང་ལེགས་སྦྱརསྐད། པ་ལིའི(巴利文)སྐད། རྒྱ་གར་གྱི་རིག་གནས་སོགས་ལ་བྱང་ཆ་ཡོད་པར་གྱུར་པ་ཡིན་ཡང་།བོད་རྣལ་མའི་ཁྱད་ཆོས་དེ་ཁོང་གི་རང་སྟེང་ན་མ་ཉམས་པར་གནས། ཁོང་གིས་སྤྲེའུ་ལད་མོའི་བཟོ་ལྟར་གོམས་པའི་བོད་མི་དག་ལ་ཁ་རྡུང་ནན་མོ་བཏང་སྟེ།བོད་རང་གི་ལ་རྒྱ་དོར་མི་རུང་བའི་གལ་ཆེའི་ངེས་པ་དང་མི་རིགས་རིག་གནས་ཀྱི་རིན་ཐང་ལ་བརྩི་འཇོག་དགོས་པའི་སྐུལ་མ་དུས་རྒྱུན་དུ་བཏང་ལ།དེའི་ཕྱོགས་སུ་ངོས་ཟིན་ཡང་ལེགས་པོ་ཐོབ་ཡོད། །

·རྩོམ་ཡིག་གོང་མ:གསེར་གྱི་་སྐར་ཚོམ། དབྱངས་གསལ་སོ་བཞི།
·རྩོམ་ཡིག་འོག་མ:འཛམ་གླིང་གི་སློབ་གསོའི་བརྩམས་ཆོས་གྲཊ་ཅན་བཅུ་དགུ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·བོད་ཀྱི་རྩོམ་རིག་ལམ་བུའི་ཐོག་གི་གནད་དོན་འགར་་དཔྱད་པ། 2011/7/8 12:05:40
·གེ་སར་སྒྲུང་ལས༼བླ༽དང་བླ་འཛིན་གྱི་འདུ་ཤེས་ལ་རཊ་ཙམ་དཔྱད་པ། 2011/7/8 11:54:44
·༅།། གཙང་ཁུལ་གྱི་གཏམ་དཔེ་འགའ་ཞིག་ལ་དཔྱད་པ། 2011/7/8 11:49:15
·མི་ཆོས་ལ་དུང་བའི་ཚངས་དབྱངས་རྒྱ་མཚོ། 2011/1/27 20:03:46
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 1:47:40 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 3:20:06 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 5:19:02 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 68 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS