ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

རིགས་ཞེན་ལ་རྒྱ་བརྟན་པའི་ལག་རྗེས་གང་།

རྩོམ་པ་པོ:གཅན་རང་སད།ཡོང་ཁུངས:མཆོད་མེ་དྲ་བ།གཟིགས་གྲངས:1613ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/3/29 11:52:40ཚོགས་ཡར་སྤྲོད:ལྡོང་།

རིགས་ཞེན་ལ་རྒྱ་བརྟན་པའི་ལག་རྗེས་གང་།

གཅན་རང་སད།

བདེན་དོན་ཟླ་ཤེལ་རྒྱས་པའི་ལང་ཚོའི་བཞིན།།

འཁྱོག་ཞེན་སེང་རས་ཆེན་པོས་བསྒྲིབས་གྱུར་བ།།

རིག་བྱེད་མཚར་སྣང་གཡོ་བའི་ཐུར་མ་བརྒྱས།།

དུམ་བུར་འདྲལ་བའི་གཟིགས་མོ་འདི་ན་ལྷམ།།

བསྟན་འཛིན་ཆེན་པོར་རློམ་པའི་བརྫུ་བག་གིས།།

ཞབས་ཀྱི་རི་མོ་ཀུན་གྱི་དབུར་བཀོད་དེ།།

རང་སྒེར་མཛོད་དུ་བསྒྲུབས་པའི་བླ་སྤྲུལ་དག།

ཤྰཀྱའི་བསྟན་ལ་གཅེས་པའི་ལག་རྗེས་གང་།།

འདི་སྣང་ཝུ་བར་ལྟ་བའི་ཁ་ཕོ་ཅན།།

དམར་སེར་ཚོན་གྱིས་བསྒོས་པའི་ཟོལ་བཅོས་ཀྱིས།།

ཟ་འདོད་དཀོར་ལ་རྔམས་པའི་གྲོང་ཆོག་པ།།

གསུང་རབ་གདམས་ངག་པར་འཆར་བའི་ལག་རྗེས་གང་།།

ཤེས་བྱའི་གནས་ལ་རྨོངས་པའི་མུན་གཏིབས་ཀྱང་།།

སྒྱུ་མའི་འཕྲུལ་གྱིས་འཁོར་མང་སྙེ་མའི་འབྲུ།།

སྡུད་པའི་ལྕེ་ཞགས་གློག་ལྟར་འགྱུ་བ་དག།

གཞུང་དོན་རྒྱུད་ལ་བསྲེལ་བའི་ལག་རྗེས་གང་།།

གསང་ཆེན་བཀའ་ལུང་འདེགས་པའི་རློམ་སེམས་ཀྱིས།།

སྣང་སྲིད་ཁ་ལོ་བསྒྱུར་བའི་རོལ་རྩེད་ལ།།

བསྙད་བཏགས་མཛེས་མའི་ལོངས་ལ་རོལ་བ་དག།

ལྷ་ཆོས་སྙིང་ལ་བཏབ་པའི་ལག་རྗེས་གང་།།

ཆགས་སྡང་དཀྱིལ་འཁོར་ཟླུམ་པའི་བརྡ་རྟགས་སུ།།

ཕྱོགས་རིས་མེ་ལྟར་འགྱུ་བའི་སྟོབས་རྫོགས་ཤིང་།།

ཕན་བདེའི་སྣང་བ་བག་ལ་ཞ་བ་དག།

ལམ་ལྔ་མཐར་གྱིས་ཕྱིན་པའི་ལག་རྗེས་གང་།།

རང་ཐབ་གྲུ་བཞིའི་སྲིད་ལ་ཡིད་ཆགས་ཏེ།།

བདེན་པའི་ཚངས་ཐིག་འཁྱོག་པོར་བསྒྱུར་བྱེད་ཅིང་།།

རྒྱལ་ཁྲིམས་རིང་ནས་བཏང་བའི་དབང་ཆེན་དག།

དམངས་ལ་ཞེན་པའི་ཤ་ཚའི་ལག་རྗེས་གང་།།

དགྲ་གཉེན་ངོ་རིས་འབྱེད་པའི་མཐུ་བྲལ་ཡང་།།

རྒས་འཁོགས་ཕ་མའི་བརྩེ་བའི་ཞལ་དཀྱིལ་ལ།།

སྡང་མིག་ཁྲོ་གཉེར་གཡོ་བའི་གཅེས་ཕྲུག་དག།

སྙིང་ཞེན་དྲིན་ལན་གསབ་པའི་ལག་རྗེས་གང་།།

ལེགས་བཤད་རྒྱུད་མངས་རྣ་བར་སྟོང་ལྡིར་ཀྱང་།།

སྨྲ་ཤེས་ལྐུགས་པའི་བརྟུལ་ཞུགས་མི་བསྒྱུར་བར།།

རིན་བྲལ་ལང་ཚོ་ཁྲམ་ལ་འཇལ་བ་དག།

དལ་འབྱོར་དོན་ཡོད་བྱས་པའི་ལག་རྗེས་གང་།།

དགེ་ལེགས་སྤྲིན་སྔོན་དཀྲིགས་པའི་ལྡིང་ཁང་དུ།།

ཀུན་བཟང་ལས་བྱའི་སྦྲང་ཆར་མི་འཇོ་བར།།

ངན་གཡོའི་གློག་དམར་དཀྲིགས་ལ་བྲེལ་བ་དག།

མི་ཚེ་གསེར་ལྟར་གཅེས་པའི་ལག་རྗེས་གང་།།

དུས་ཀྱི་ཉི་མ་གུང་ལ་སླེབས་ན་ཡང་།།

དེ་འཚམ་དྲོད་ལ་འདོད་རྒུར་མི་སྤྱོད་པར།།

རང་ལྟ་འཁྱག་པའི་མུན་ལ་སྲེད་པ་དག།

དུས་རབས་གསར་བར་སྐྱེས་པའི་ལག་རྗེས་གང་།།

ཉི་ཚེའི་བདེ་བའི་འདམ་ལ་སྐྱབས་བཅོལ་ཏེ།།

ལང་ཚོ་འདུ་འཛིས་གཡེང་བའི་ཟློས་གར་གྱིས།།

གསལ་རིག་མུན་པར་འཕྱན་པའི་མགོ་འཁོར་དག།

རིགས་ཞེན་ལ་རྒྱ་བརྟན་པའི་ལག་རྗེས་གང་།།

·རྩོམ་ཡིག་གོང་མ:ཨ་རིན་ནས་བསྒྱུར་བའི་སྐུ་ཞབས་ཧུའུ་ཧྲིའི་འབོལ་རྩོམ་ཅིག
·རྩོམ་ཡིག་འོག་མ:གཞས་ཚིག ཨ་མའི་མིག་ཆུའི་ནང་གི་ལོ་ཟླ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:00:21 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 13:17:26 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 19:49:14 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS