ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

ཨེ་མ་ཧོའི་སུམ་ཚན་བརྟག་དཔྱད་ཀྱི་རིགས་པ།

རྩོམ་པ་པོ:དཔལ་དགྱེས་པ་རྡོ་རྗེ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1771ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/4/9 9:01:58ཚོགས་ཡར་སྤྲོད:admin

༄༅། །སུམ་ཚན་བརྟག་དཔྱད་ཀྱི་རིགས་པ།

དཔལ་དགྱེས་པ་རྡོ་རྗེ།

ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
མཆོག་གསུམ་རྒྱལ་བའི་སྤྱི་གཟུགས་བཅོམ་ལྡན་འདས། །
རྩ་གསུམ་ཆོས་སྐྱོང་ཀུན་འདུས་པདྨ་འབྱུང་། །
སྐུ་གསུམ་སྟོན་པའི་མངའ་བདག་ཆོས་རྗེ་མཆོག །
ཁམས་གསུམ་འགྲོ་བའི་བླ་མ་རྟག་ཏུ་དྲན། །

ལྟོ་རྒྱག་ཆོས་པའི་གཟུགས་བརྙན་བསྟན་འཛིན་གཅིག །
ལྟར་སྣང་ཆོས་མེད་སྨྲ་བའི་བསྟན་བཤིག་གཉིས། །
ལྟ་སྒོམ་ངེས་ཤེས་ཅན་གྱི་བླ་མ་གསུམ། །
ཡང་དག་རིགས་པས་གཞལ་ན་སོ་སོར་ལགས། །

བག་ཡོད་དམ་ཆོས་སྒྲུབ་པའི་དགེ་འདུན་གཅིག །
བག་མེད་ལོངས་སྤྱོད་འཚོ་བའི་སྣང་མཐོ་གཉིས། །
བག་ཕེབས་རིག་པ་མཇལ་བའི་སྐལ་བཟང་གསུམ། །
དངོས་དོན་ཆོས་ཉིད་མཐོང་ལ་ཁྱད་པར་ཆེ། །

འཁོར་བའི་ཆོས་བརྒྱད་སྒྲུབ་པའི་འཇིག་རྟེན་གཅིག །
མྱང་འདས་ཡོན་ཏན་མཐོང་བའི་ངེས་འབྱུང་གཉིས། །
ཆགས་སྲེད་བདེ་སྟོང་སྨྲ་བའི་ཀུ་རེ་གསུམ། །
གོ་མྱོང་རྟོགས་པས་ཆོས་དང་ཆོས་མིན་འབྱེད། །

འཆི་བ་མི་རྟག་སྒོམ་པའི་ངང་ཐུང་གཅིག །
འཆི་ཁ་ཆོས་མེད་འཆི་བའི་བློ་རིང་གཉིས། །
འཆི་ཆོས་རྣམ་དག་སྒྲུབ་པའི་ཆོས་པ་གསུམ། །
ཡང་དག་བརྟག་དཔྱོད་མཛོད་དང་གོ་བ་སླ། །

སྔོན་བྱོན་མི་རྟག་སྒྱུ་མའི་ལོ་རྒྱུས་གཅིག །
ད་ལྟ་མི་རྟག་སྐྱིད་སྡུག་སྣང་བ་གཉིས། །
མ་འོངས་མི་ཤེས་འཁྲུལ་བའི་ཡོ་ལང་གསུམ། །
ཡང་ཡང་སོམས་དང་ངེས་འབྱུང་བསྐུལ་མ་ལགས། །

གཡོ་སྒྱུ་ཐབས་ལ་མཁས་པའི་མི་ངན་གཅིག །
དྲང་བདེན་གཟུར་གནས་ལྡན་པའི་མི་རབ་གཉིས། །
འཁོར་འདས་བཟང་ངན་མཁྱེན་པའི་དཔྱོད་ལྡན་གསུམ། །
རྟོན་བཞི་གོ་ལོག་མེད་ན་རང་སེམས་བདེ། །

གངས་ལྗོངས་ལས་དབང་བསམ་པའི་བོད་མི་གཅིག །
དཀོར་ནག་ཅི་དགར་སྤྱོད་པའི་སྤྲེལ་ལད་གཉིས། །
གུང་བྲན་འདུག་ཆོས་སྒྲུབ་པའི་ཏང་ཡན་གསུམ། །
གངས་ཅན་མི་རིགས་བརྟགས་ཀྱང་ཁྱད་པར་ཆེ། །

ཁ་བཤད་སྟོང་པ་ནེ་ཚོའི་འདོན་པ་གཅིག །
ལག་ལེན་སྟོང་པ་རྨི་ལམ་ནོར་བུ་གཉིས། །
ཁ་ཁོག་མི་མཉམ་གཡོ་སྒྱུའི་མཁན་པོ་གསུམ། །
འཇིག་རྟེན་ཁམས་སུ་སྣང་བར་མ་གྱུར་ཅིག །

ཅི་དྲན་དུ་ཤྲྰིས་སོ། །།
·རྩོམ་ཡིག་གོང་མ:ལེཊ་བཤད་བློ་གསལ་སྙིང་ནོར་ལས། ༥
·རྩོམ་ཡིག་འོག་མ:ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཆ་ཚང་
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:23:16 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:06:58 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 15:02:00 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS