ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> བློ་སྦྱོང་།
རྩོམ་ཡིག་ཀློག་པ།

བྲག་ཕུག་རྒན་པོའི་འདར་གླུ་ཞེས་བྱ་བ། །

རྩོམ་པ་པོ:ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1659ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/4/27 8:27:38ཚོགས་ཡར་སྤྲོད:admin

༄༅། །བྲག་ཕུག་རྒན་པོའི་འདར་གླུ་ཞེས་བྱ་བ།

༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུས་གསུངས། །

མགོན་སྲས་བཅས་རྒྱལ་བའི་གསང་གསུམ་གར། །   ཆོས་ཐེག་དགུ་འདྲེན་པའི་ཤིང་རྟ་པ།

ཕ་དྲིན་ཆེན་བླ་མ་གསོལ་བ་འདེབས། གཏམ་གང་སྨྲས་འགྲོ་ལ་སྨན་པར་མཛོད།

རྟེན་བཟང་པོ་མི་ལུས་ཐོབ་དུས་འདིར། རྣམ་གྲོལ་གྱི་བཙན་ས་མ་ཟིན་ན།

གནས་གཅོང་རུང་ངན་འགྲོར་འཁྱམས་སྐབས་སུ། བདེ་དགུ་ཡི་མིང་ཡང་ཐོས་པ་དཀའ།

ཚེ་མི་རྟག་ཉི་མ་ནུབ་ཁ་འདྲ། ཁོ་མི་སྡོད་འཆི་ལ་ཇེ་ཉེར་འགྲོ།

ཆོས་ཟབ་མོ་མྱུར་དུ་མ་བསྒྲུབས་ན། ལུས་ཐིམ་རིམ་ཐོན་དུས་སེམས་རེ་འགྱོད།

གནས་རིགས་དྲུག་མཐོ་དམན་གང་སྐྱེས་ཀྱང་། སྡུག་མ་གཏོགས་བདེ་བའི་གོ་སྐབས་མེད།

དུས་ནམ་ཡང་མི་འགྱུར་གཏན་བདེ་མཆོག ཟག་མེད་ཀྱི་གོ་འཕང་བསྒྲུབ་ན་འཐད།

ལས་རྒྱུ་འབྲས་བསླུ་བ་མེད་པ་ལ། ལྷོད་མེད་ཀྱིས་སྤང་བླང་མ་བྱས་ན།

སྡུག་བསྔལ་གྱི་འདམ་དུ་ཚུད་དུས་སུ། བློ་ཉེས་པའི་རང་རྟགས་རྗེན་ལ་འབུད།

ལུས་གཞོན་པའི་ན་ཆུང་ཕོ་མོ་ཚོར། འཆི་དགོས་སྙམ་ཡིད་ལ་མེད་ན་ཡང་།

དགྲ་འཆི་བདག་གནམ་ལྕགས་ཐོག་དང་འདྲ། དུས་ནམ་ཐོན་མི་ཤེས་སྙིང་རེ་རྗེ།

ཐོབ་མངའ་ཐང་ཅན་གྱི་་དཔོན་པོ་ཚོའི། སེམས་ཁེངས་པའི་རུ་དར་དཔངས་མཐོ་ཡང་།

ཡུལ་ཆ་མེད་འཕྲང་རིང་བར་དོ་རུ། གྲོགས་མེད་པར་འཁྱམས་དུས་ཡི་རེ་མུག

ནོར་འབྱོར་བས་བརྒྱན་པའི་ཕྱུག་པོ་ཚོས། ཚེ་འདི་དོན་སྒྲུབ་པས་གཡེང་ཆེ་ན།

མིག་ཁྲ་ཆུང་སྔོན་པོར་འགྱུར་སྐབས་སུ། སེམས་རྒྱུ་ལ་འཕྲེང་ཡང་སྡོད་དབང་མེད།

དཔའ་ང་བཟང་སྙམ་པའི་བཙན་པོ་ཚོ། ཡུལ་སྡེ་བའི་འདུག་ཆོས་སྒྲུབ་འདོད་ཀྱིས།

དོན་མེད་ཀྱི་སྡིག་ལ་འབད་ཆེ་ན། གནས་དམྱལ་ཁམས་འགྲིམ་དུས་སྙིང་རྩ་འདར།

ལུས་འབྱུང་བཞི་རྒུད་པའི་རྒན་པོ་ཚོས། ལོ་མང་པོས་འདུག་ཆོས་སྒྲུབ་ལུགས་ལ།

ཁོང་འཆི་བདག་གཤིན་རྗེའི་སྡེ་ཆེན་དང་། གྲོས་མཐུན་མོར་བྱས་པ་ཡིན་ཚོད་འདྲ།

སྐུ་བགྲེས་པའི་ཤེས་ལྡན་ཨ་ཁུ་ཚོས། ཆོས་བསླབ་གསུམ་ཉམས་བཞེས་གཡང་ལ་བོར།

དཀོར་ནག་པོས་གཟའ་ཚང་གསོ་ལུགས་ལ། ཚེ་ཕྱི་མར་གཟའ་ཚང་འགྲོག་ངེས་འདྲ།

མཚན་སྙན་གྲགས་ཅན་གྱི་བླ་ཆེན་འགས། གོང་དཔོན་པོའི་ལད་མོ་ལེན་ལུགས་ལ།

དགྲ་གྲགས་རྒྱ་ཆེ་བའི་གཤིན་རྗེ་ལ། དཔུང་མང་པོས་འཐབ་ན་ཐུལ་ཚོད་འདྲ།

དུས་དེང་སང་ས་སྟེང་སྐྱེ་བོ་ཚོས། ཆོས་དགེ་བ་ཆམ་གྱི་འཇོག་ལུགས་ལ།

གནས་དམྱལ་ཁམས་ཞིག་རལ་སོང་ཚོད་འདྲ། དེ་མིན་ན་ཐམས་ཅད་སྨྱོན་པ་འདུག

ལས་ལྡན་གྱི་སྐྱེ་བོ་ཕོ་མོ་ཚོ། དུས་ད་རིས་དགེ་ལ་མ་འབད་ན།

ད་ཕྱིན་ཆད་ཆོས་དང་འཕྲད་པར་དཀའ། ཁོང་མཚན་ཉིད་ལྡན་པའི་བླ་མ་ཡི།

ཐུགས་དགྱེས་བཞིན་གདམས་ངག་གནང་བ་འདི། རྙེད་དཀའ་བ་ནོར་བུའི་འགྲན་རབ་མེད།

དེ་ཡལ་བ་མ་དོར་ཉམས་སུ་ལོངས། ཆོས་ཐེག་གསུམ་གྲུ་དང་འཕྲད་སྐབས་སུ།

གནས་འཁོར་བའི་མཚོ་ལས་བརྒལ་བྱས་ཏེ། དོན་ཐར་བའི་སྐམ་སར་མ་བགྲོད་ན།

བློ་འདི་ལས་ཉེས་པ་གཞན་ཅི་ཡོད། ལམ་བསླབ་གསུམ་བསྟན་པའི་རི་མོ་དེ།

ཡིད་མི་འགྱུར་ངོས་ལ་འབྲི་མཁས་ན། ཡོངས་སྐྱེ་དགུས་བསྟོད་དམ་སྨད་ཀྱང་རུང་།

གནད་མ་འཆུགས་བདེ་ནས་བདེ་བར་འགྲོ། གླུ་འདི་ཐོས་སེམས་ཅན་ཐམས་ཅད་ཀུན།

ཆོས་དགེ་བཅུའི་སྤྱོད་ལ་རབ་གཞོལ་ཏེ། ཞིང་བདེ་ལྡན་གླིང་དུ་དབུགས་ཕྱུང་སྟེ།

སྐུ་གསུམ་གྱི་རྒྱལ་སར་དབང་འབྱོར་ཤོག།

ཅེས་རབ་རྒྱལ་ཤིང་སྦྲུལ་ཟླ༤་ཚེས་༢༥་ཀྱི་ཉི་ནུབ་ཀྱི་དུས་སུ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་སྨྲས་པ་དགེ་ལེགས་འཕེལ།། །།

འདིའང་དཔལ་དགྱེས་པ་རྡོ་རྗེ་ནས་མཁོ་འདོན་གནང་བ་བཀའ་དྲིན་ཆེ།

·རྩོམ་ཡིག་གོང་མ:རོང་བོ་དགེ་འདུན་ལྷུན་གྲུབ་ཀྱིས་བྲིས་པའི་གཞས་ཚིག
·རྩོམ་ཡིག་འོག་མ:གནས་མཆོག་རྒྱ་ནག་མ་ཎིའི་དཀར་ཆག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ལམ་རིམ་བདུད་རྩིའི་སྙིང་པོ།༧ 2012/12/2 13:48:26
·དུས་རབས་ཉེར་གཅིག་པའི་སྙིང་གཏམ།༦ 2010/8/9 15:14:18
·དུས་རབས་ཉེར་གཅིག་པའི་སྙིང་གཏམ།༥ 2010/7/15 8:21:49
·རང་གཤིས་ནི་འདོད་བློ་ལས་ལྷག 2010/2/7 16:02:18
·རྒྱལ་བ་བསྐལ་བཟང་པའི་ལྟ་མགུར་སྙིང་འདབ་བརྒྱད་མ། 2010/1/7 14:26:12
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 12:33:07 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 16:19:17 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 0:43:47 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 47 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS