ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔེ་ཀློག
རྩོམ་ཡིག་ཀློག་པ།

《གཏམ་རྒྱུད་གསེར་གྱི་ཐང་མ་》བཀླགས་པའི་མྱོང་ཚོར།

རྩོམ་པ་པོ:སྒང་རྒྱལ་མཚན་ཚེ་རིང་།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2030ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/10/27 11:20:59ཚོགས་ཡར་སྤྲོད:ངེད་དྲ་བ།
གཏམ་རྒྱུད་གསེར་གྱི་ཐང་མ་བཀླགས་པའི་མྱོང་ཚོར།

དེ་སྔ་ཡོངས་གྲགས་སུ་དགེ་འདུན་ཆོས་འཕེལ་གྱི་བརྩམ་ཆོས་ལས། ཀླུ་སྒྲུབ་དགོངས་རྒྱན་དང་དེབ་ཐེར་དཀར་པོ་གཉིས་ནི་སྙན་གྲགས་ཤིན་ཏུ་ཆེ་ཞིང་། མི་ཐམས་ཅད་ཀྱི་རྩོམ་ཡིག་འདི་གཉིས་ནི་ཁོང་གི་བརྩམ་ཆོས་ཀུན་ལས་ཆེས་མཆོག་ཏུ་གྱུར་པའི་རྩོམ་དུ་འཇོག་གི་ཡོད་མོད། ངས་བལྟས་ན་ད་དུང་རྩོམ་དེ་དེ་གཉིས་ལས་ཀྱང་རིན་ཐང་ཆེ་བ་ནི། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་འདི་ཡིན་པར་སྙམ། གཏམ་རྒྱུད་གསེར་གྱི་ཐང་མ་ནི་དགེ་འདུན་ཆོས་འཕེལ་མཆོག་གིས་མི་ལོ་བཅུ་གཉིས་ཀྱི་རིང་དུ་དཀའ་བ་བརྒྱ་ཕྲག་མང་པོ་ཁྱད་བསད་མཛད་དེ་ས་ཁུལ་མང་པོ་ཞིག་ཏུ་སྐུ་དངོས་སུ་ཕེབས་ནས་རང་གིས་མཐོང་ཐོས་མྱོང་གསུམ་ཇི་བཞིན་དུ་ཡིག་ཐོག་ལ་བཀོད་པའི་རྨད་དུ་བྱུང་བའི་རྩོམ་ཞིག་ཡིན།སྔོན་མ་རང་རེའི་བོད་ཀྱི་མཁས་པ་རྣམས་གནས་བསྐོར་ལ་བྱོན་དུས་ལམ་ཡིག་ཅེས་རང་གི་མཐོང་ཐོས་འབྲི་བའི་སྲོལ་ཡོད་མོད།དེའི་མང་ཆེ་བ་ནི་གནས་བཤད་དང་གནས་བསྟོད་རང་གི་ཚོར་སྣང་སྙན་ངག་གི་རྟ་ལ་བསྐྱོན་པ་ལས་མ་འདས། དགེ་ཆོས་ཀྱི་རྩོམ་འདི་ལ་སྔར་དང་མི་འདྲ་བའི་ཁྱད་ཆོས་འགའ་ལྡན་པ་ནི།
གཅིག་ནས་རྩོམ་འདི་ལམ་ཡིག་གི་ཚུལ་དུ་བྲིས་པ་ཁ་གསལ་ཞིང་རྒྱས་པས་ལྗོངས་རྒྱུ་བ་རྣམས་ཀྱི་ས་  རིས་ལ་གཟིགས་པ་ལྟར་ལམ་ལ་འཕྱུག་ནོར་མེད་པར་གྲགས་པ་དང་། གཉིས་སུ་རྩོམ་པ་པོས་དཀའ་ཚེགས་མང་པོ་ཁྱད་དུ་བསད་དེ་སྐུ་དངོས་སུ་ས་གནས་དང་དམངས་ཁྲོད་དུ་ཉུལ་ནས་དམངས་ཁྲོད་ན་གནས་པའི་གསོན་ཉམས་ལྡན་པའི་ངག་རྒྱུན་དང་། དམངས་སྲོལ་ལ་རྩད་ཞིབ་ཟབ་མོ་བྱས་ནས་ཡིག་ཐོག་ཏུ་བཀོད་ཡོད་པ་དང་།  གསུམ་དུ་ཕྱོགས་ལྷུང་གུ་དོག་པའི་བསམ་བློའི་རྒྱ་ལས་ཡོངས་སུ་གྲོལ་ནས་མི་རིགས་སོ་སོ་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་རིག་གནས་དང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་ཕན་ཚུན་ཞིབ་བསྡུར་མཛད་ཡོད་པ་དང་།  བཞི་རུ་དམངས་སྲོལ་རིག་གནས་འདི་ལ་དཔྱད་པའི་རིན་ཐང་ཆེན་པོ་ཡོད་པར་རྟོགས་ནས་ཆོས་ལུགས་དད་མོས་དང་།   སྐད་ཡིག་ཤེས་རིགཡུལ་སྲོལ་གོམས་གཤིས། སོ་ནམ་ཐོན་སྐྱེད།  སྤྱི་ཚོགས་འཚོ་བ། ཟས་སྤྱོད་གོས་རྒྱན་སོགས་དམངས་སྲོལ་རིག་གནས་ཀྱི་ཕྱོགས་ཡོངས་ལ་ཞིབ་དཔྱོད་ཟབ་རྒྱས་མཛད་དེ་བོད་ཀྱི་དམངས་སྲོལ་རིག་པ་འདི་ཉིད་རིག་གནས་ཤིག་དང་དཔྱད་པར་བྱ་བའི་གནས་ཤིག་ལ་བཞག་ནས་དཔྱོད་པའི་སྲོལ་འབྱེད་པའི་གསེར་གྱི་རྡོ་རིང་ཞིག་བསླངས་གནང་མཛད་ཡོད།
སྒང་རྒྱལ་མཚན་ཚེ་རིང་གིས་བྲིས་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཡུལ་སྲོལ་གོམས་གཤིས་ལ་དོ་སྣང་མཛད་པའི་སྐོར་ཞེས་པ་བཀླགས་པའི་ཟིན་བྲིས་ཡིན།
·རྩོམ་ཡིག་གོང་མ:བོད་སྐད་ཡིག་སྐོར་གྱི་བཀའ་སློབ།
·རྩོམ་ཡིག་འོག་མ:སྙིང་གཏམ་རྣ་བའི་བདུད་རྩི།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 12:05:53 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:46:11 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 23:52:26 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS