ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> བློ་སྦྱོང་།
རྩོམ་ཡིག་ཀློག་པ།

བསླབ་བྱ་ཉུང་བསྡུས་བཞུགས།

རྩོམ་པ་པོ:ཚུལ་ཁྲིམས་བློ་གྲོས། །ཡོང་ཁུངས:ངེད་དྲ་བ་གཟིགས་གྲངས:2140ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/6/11 8:35:31ཚོགས་ཡར་སྤྲོད:admin

༄༅། །བསླབ་བྱ་ཉུང་བསྡུས་བཞུགས། །

ཚུལ་ཁྲིམས་བློ་གྲོས། །

སྐྱབས་གནས་བསླུ་བ་མེད་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །

ད་ལམ་རང་རེ་རྣམས་སྐྱེ་དཀའ་བ་འཛམ་གླིང་ལས་ཀྱི་ས་པར་ནི་སྐྱེས། འཕྲད་དཀའ་བ་དགེ་བའི་བཤེས་གཉེན་དང་ནི་འཕྲད།ཐོས་པར་དཀའ་བ་དམ་པའི་ཆོས་ནི་ཐོས་ན། ད་ནི་ཅིས་ཀྱང་དགེ་བ་རྣམ་པར་དག་པ་ཞིག་བསྒྲུབ་དགོས་ཏེ།འདི་ལྟ་བུའི་གོ་སྐབས་བཟང་པོ་ནི་ཆེས་ཤིན་ཏུ་འཐོབ་པར་དཀའ་བའི་ཕྱིར་ཏེ། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པ་དཀའ། །སྐྱེས་བུ་དོན་སྒྲུབ་ཐོབ་པ་གྱུར་བ་ལ། ། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་པ་ལྟ་བུ་ཡིན། དེ་ལྟ་བུའི་དལ་འབྱོར་གྱི་མི་ལུས་འདི་ཡང་འཐོབ་དཀའ་ལ་འཇིག་སླ་བ་ཡིན་ཏེ། ཇི་སྐད་དུ། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་པ་དང་།ཁྱད་པར་དུ་སྙིགས་དུས་ཀྱི་སེམས་ཅན་ཚེ་ཐུང་ནད་མང་འཆི་རྐྱེན་མང་བས་མྱུར་དུ་དམ་པའི་ཆོས་ཤིག་བསྒྲུབ་དགོས་སོ། །

གལ་ཏེ་ཆོས་ཡང་དག་ཅིག་མ་འགྲུབ་ན་ཆུང་ངུའི་དུས་ནས་ད་ལྟའི་བར་དུ་སྡིག་པ་ནི་དཔག་ཏུ་མེད་པ་ངང་ངམ་ཤུགས་ཀྱིས་བསགས་ཟིན་པས་དེའི་རྣམ་སྨིན་གྱི་འབྲས་བུའི་རྗེས་སུ་འགྲོ་བ་ལས་ཐབས་གཞན་མེད་དེ། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས་པ་ལྟ་བུ་སྟེ། འཇིག་རྟེན་གྱི་ཁམས་འདི་ན་ལ་ལ་ནི་སྐྱིད་ཅིང་འབྱོར། ལ་ལ་ནི་སྡུག་ཅིང་ཕོངས། ལ་ལ་ནི་ཚེ་རིང་ཞིང་ནད་མེད། ལ་ལ་ནི་ཚེ་ཐུང་ཞིང་ནད་མང་བ་སོགས་བདེ་སྡུག་གི་སྣང་བ་མི་མཉམ་པ་སྣ་ཚོགས་པ་འདི་རྣམས་ལ་བྱེད་པོ་གཞན་མེད། རྒྱུ་མེད་རྐྱེན་མེད་དུ་བྱུང་བ་ཡང་མ་ཡིན་ཏེ། ཐམས་ཅད་རང་བྱས་རང་ལ་སྨིན་པ་འབའ་ཞིག་ཡིན་ཏེ། ཇི་སྐད་དུ། ལས་ནི་ཀུན་བྱེད་རི་མོ་མཁན་དང་འདྲ། །ཞེས་གསུངས་པ་ལྟ་བུ་ཡིན་པས་ལས་རྒྱུ་འབྲས་འདི་ལ་ཤིན་ཏུ་གཟབ་དགོས་སོ། །

གལ་ཏེ་ལས་རྒྱུ་འབྲས་ལ་བླང་དོར་ཚུལ་བཞིན་མི་བྱེད་ཅིང་ཐར་བའི་ལམ་མི་སྒྲུབ་ན་སླར་ཡང་སྐྱེ་བ་ལེན་དགོས། དེ་ལྟར་སྐྱེ་བ་བླངས་ཕྱིན་འཁོར་བའི་གནས་གང་རུང་ཞིག་ཏུ་སྐྱེ་བ་ལས་གཞན་དུ་འགྲོ་ས་མེད། འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལ་ཆེ་ཆུང་མ་གཏོགས་སྡུག་བསྔལ་མེད་གནས་གཅིག་ཀྱང་མེད་དེ། སྡུག་བསྔལ་གསུམ་གྱིས་ཁྱབ་ནས་ཡོད། བདེ་བ་དང་སྐྱིད་པ་ནི་ཤིན་ཏུ་དཀོན། དེའི་ཕྱིར་ད་ནི་འཁོར་བ་ལས་ཐར་ཐབས་ཤིག་ལ་ངེས་པར་དུ་འབད་དགོས་ཏེ། ཇི་སྐད་དུ། དེས་པ་འདོད་པས་ཕོངས་དང་འཆི་བ་དང་། །ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང་། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །

དེ་འདྲའི་འཁོར་བའི་ནང་ནས་ཀྱང་སྡུག་བསྔལ་ཤིན་ཏུ་ཆེ་བ་ངན་སོང་གསུམ་ཡིན། དེ་གསུམ་གྱི་ནང་ནས་ཀྱང་སྡུག་བསྔལ་བཟོད་དུ་མེད་པ་དམྱལ་བ་ཡིན། དམྱལ་བའི་གནས་སུ་སྐྱེ་བའི་རྒྱུའི་གཙོ་བོ་ནི་སྲོག་གཅོད་པ་ཡིན། སྲོག་གཅོད་པའི་རྒྱུའི་གཙོ་བོ་ནི་ཤ་ཟ་བ་འདི་ཡིན། དེས་ན་ཤ་བཟའ་བ་འདི་ཉེས་པ་ཤིན་ཏུ་ཆེ་སྟེ། བཅོམ་ལྡན་འདས་ཀྱི་ཞལ་ནས་མདོ་སྡེ་ལང་ཀར་གཤེགས་པ་ལས་ཚེ་འདིར་ཤ་ཟ་མཁན་རྣམས་སྐྱེ་བ་ཕྱི་མར་སྟག་་དང་། གཟིག་དང་། སྤྱང་ཀི་སོགས་ཤ་ཟ་བའི་རིགས་སུ་སྐྱེ་བར་འགྱུར་བ་སོགས་ཉེས་པ་ཤིན་ཏུ་མང་པོ་གསུངས། དུས་འཁོར་དང་རྫོགས་ཆེན་སོགས་ནས་ཀྱང་ཉེས་པ་ཆེན་པོར་གསུངས། དེ་ལྟར་གལ་ཏེ་སྐྱེ་བ་ཕྱི་མར་ཤ་ཟ་བའི་རིགས་སུ་སྐྱེས་པར་གྱུར་ན། དེའི་ཚེ་སེམས་ཅན་དཔག་ཏུ་མེད་པ་ཞིག་གི་སྲོག་གཅོད་པར་བྱེད་དེ། སྲོག་ཆགས་ཆེན་པོ་འགའ་རེས་ཞག་རེ་ལ་སྲོག་ཆགས་ཆུང་ངུ་འབུམ་ཕྲག་ལྔ་ཙམ་རེ་བསད་དེ་ཟ། གཞན་རྣམས་ཀྱིས་ཀྱང་ཉིན་མ་རེ་བཞིན་བརྒྱ་ཕྲག་མང་པོ་སོགས་གསོད་པ་ཡིན། དེ་ནས་སྡིག་པ་དེས་དབང་གིས་དམྱལ་བའི་གནས་སུ་ངེས་པར་དུ་འགྲོ་བར་ཐེ་ཚོམ་མེད་དེ་སྲོག་གཅོད་ཀྱི་ཉེས་པ་དེ་ཙམ་བསགས། འགྱོད་བཤགས་སྐད་ཅིག་བྱས་པ་དང་། དགེ་བ་སྣ་གཅིག་བསྒྲུབས་པ་ནི་མེད་པའི་ཕྱིར་རོ། །

སྤྱོད་འཇུག་ལས། །དེ་ཙམ་ཁོ་ན་མྱོང་གྱུར་ནས། །དེ་ནི་རྣམ་ཐར་མི་འགྱུར་ཏེ། །འདི་ལྟར་དེ་ནི་མྱོང་བཞིན་དུ། །སྡིག་པ་གཞན་དུ་རབ་ཏུ་སྐྱེ། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་མི་རྣམས་ཀྱིས་སེམས་ཅན་ཆེས་ཤིན་ཏུ་མང་པོ་ཞིག་ཤ་གཟའ་བའི་ཕྱིར་དུ་གསོད་པར་བྱེད་དེ། སེམས་ཅན་དེ་རྣམས་རེ་རེ་བཞིན་རང་རང་གི་སྲོག་དེ་ཇི་འདྲའི་གཅེས་ཤིང་ཕངས། འཆི་བའི་ཚེ་ན་ལུས་དང་སེམས་ལ་ཇི་འདྲའི་སྡུག་བསྔལ་ཆེན་པོ་མེད་དེ། དེས་ན་རང་ཅག་གི་ལྕེས་རོ་ཞིམ་པོ་ཞིག་མྱང་བ་ཙམ་གྱི་ཕྱིར་དུ་དེ་ལྟར་བྱེད་པ་ནི་ཆེས་མི་རིགས་པས་སེམས་ཅན་གསོད་པ་དང་ཤ་བཟའ་བ་འདི་གཉིས་ཅིས་ཀྱང་སྤང་དགོས། དེ་ཡང་རབ་ན་ཚེ་གཅིག་ལ་ཤ་མི་ཟ་བ་དང་། །འབྲིང་ན་ལོ་ཅི་རིགས་པའི་བར་དུ་དང་། །ཐ་ནའང་ཐོག་ནས་འཆད་པའི་དུས་ཆེན་རྣམས་ཀྱི་ཚེ་སོགས་སུ་ཤ་མི་གཟའ་བའི་དམ་བཅའ་བྱས་ནས་ཡང་དག་པར་བསྲུངས་ན་ཕན་ཡོན་ཤིན་ཏུ་ཆེ་བས་ཀུན་གྱིས་ཐུགས་ལ་འཇོག་པར་ཞུ། དེ་ཡང་ལོ་གཅིག་གི་དུས་ཆེན་ཁྱད་པར་ཅན་བཞི་ནི། དཔྱིད་ཟླ་ར་བའམ་ཧོར་ཟླ་དང་པོའི་ཡར་ངོ་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་ཆེན་པོའི་དུས་ཆེན་དང་། དབྱར་ཟླ་ར་བའམ་ཧོར་ཟླ་བཞི་བའི་ཚེས་བཅོ་ལྔའི་ཉིན་མངོན་པར་སངས་རྒྱས་པའི་དུས་ཆེན་དང་། གཞན་ཡང་ཟླ་བ་འདི་ནི་ལྷུམས་སུ་ཞུགས་པ་དང་མྱ་ངན་ལས་འདས་པའི་དུས་ཆེན་སུམ་འཛོམས་ཡིན། དབྱར་ཟླ་ཐ་ཆུང་ངམ་ཧོར་ཟླ་དྲུག་པའི་ཚེས་བཞིའི་ཉིན་ཆོས་འཁོར་བསྐོར་བའི་དུས་ཆེན་དང་། སྟོན་ཟླ་ཐ་ཆུང་ངམ་ཧོར་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་ལྷ་བབས་པའི་དུས་ཆེན་ཡིན་ནོ། །

དུས་ཆེན་འདི་རྣམས་ངོས་འཛིན་ལུགས་མི་འདྲ་བ་ཅུང་ཟད་རེ་ཡོད་ཀྱང་ཁུངས་ཐུབ་པའི་རང་ལུགས་འདི་ལྟར་དུ་ཡིན། དེས་ན་སྤྱིར་དུས་ཆེན་ཐམས་ཅད་ལ་དགེ་བ་གང་བྱས་ཕན་ཡོན་ཆེ་ཞིང་ཁྱད་པར་དུ་དུས་ཆེན་བཞི་ལ་ཁ་དོན་དགེ་སྦྱོར། རྟེན་ལ་ཕྱག་མཆོད། དགེ་འདུན་ལ་བསྙེན་བསྐུར། སྡོམ་པ་སྲུང་བ། བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་སྒོམ་པ་སོགས་དགེ་བ་གང་བྱས་བྱེ་བ་བརྒྱ་འགྱུར་བར་མདོ་ལས་གསུངས། དེ་ལྟར་མ་ཎི་ལྡོག་པོ་གཅིག་བཏོན་ན་དུང་ཕྱུར་བཅུ་ཐམ་པ་བཏོན་པའི་ཕན་ཡོན་ཡོད་པ་ཡིན། དགེ་བ་གཞན་ཐམས་ཅད་ལ་ཡའང་དེས་མཚོན་ནས་ཤེས་དགོས། དེས་ན་གོ་སྐབས་བཟང་པོ་འདི་དག་བཏང་སྙོམས་སུ་མི་གཞག་པར་འདི་རྣམས་ཀྱི་དུས་སུ་ཤ་བཟའ་བ་སྤངས་བ་དང་སྲོག་གཅོད་པ་སྤངས་ནས་སྲོག་བླུ་བ་སོགས་དགེ་སྦྱོར་ཅི་ནུས་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན་པར་ཤེས་པར་བྱའོ། །

ཞེས་པ་སྤྲུལ་མདོ་སྔགས་ཀྱི་ཐུགས་བཞེད་བཞིན་དུ་ཁྱིམ་པ་ཕོ་མོ་རྣམས་ལ་གོ་བརྡ་སྤྲོད་ཀྱི་ས་བོན་ཙམ་དུ་བོད་རབ་རྒྱན་ཆུ་ལུག་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་ཉེར་དགུ་ལ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྨྲས་པ་འདིས་སེམས་ཅན་རྣམས་ལ་ཕན་ཐོགས་པར་གྱུར་ཅིག། །།
འདིའང་དཔལ་དགྱེས་པ་རྡོ་རྗེས་མཁོ་འདོན་གནང་བ་བཀའ་དྲིན་ཆེ་ཞུའོ།
·རྩོམ་ཡིག་གོང་མ:འཛམ་གླིང་བུམ་པའི་གཙོ་དོན་གླུ་གཞས།
·རྩོམ་ཡིག་འོག་མ:གྲགས་ཅན་གསུང་ཚིག༡༡
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·དིང་རི་བརྒྱ་རྩ་བཞུགས་སོ།། 2014/1/5 13:10:55
·སྤྲུལ་སྐུ་དག་ལ་གནང་བའི་སློབ་གཉེར་བསླབ་བྱ། 2012/12/9 23:32:56
·རང་ལུས་མེ་བསྲེག་མ་གཏོང་རོགས། 2011/8/16 9:04:37
·ཆང་རག་མ་འཐུང་། ཆང་འཐུང་ན་ཉེས་པ་འདི་འདྲ་ཡོད། ། 2010/7/27 19:06:29
·རང་གཞན་ཀུན་ལ་ཕན་པའི་གཏམ་ངོ་མཚར་དཔྱིད་ཀྱི་དབྱངས་སྙན། 2010/7/25 23:56:48
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 22:18:07 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 23:24:32 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 23:42:17 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 78 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།54.69MS