ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

རྒྱལ་བ་རྡོ་རྗེ་འཆང་སྐུ་ཕྲེང་གསུམ་པ་ལས་འཕྲོས་པའི་གཏམ།

རྩོམ་པ་པོ:འབྲོང་གི་ཕ་སཡོང་ཁུངས:གངས་ལྗོངས་གླེང་སྟེགས།གཟིགས་གྲངས:2006ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/6/21 19:15:43ཚོགས་ཡར་སྤྲོད:admin

རྒྱལ་བ་རྡོ་རྗེ་འཆང་སྐུ་ཕྲེང་གསུམ་པ།

རྩོམ་པ་པོའི་དགོངས་གཞི་ལྟར་གངས་ལྗོངས་གླེང་སྟེགས་འབྲོང་གི་ཕ་ས་ལས་འདིར་དྲངས་པ་ཡིན།

སྤྱིར་སྤྲུལ་པའི་སྐུ་ཞེས་པ་དེ་སངས་རྒྱས་ཀྱི་སྐུའི་བྱེ་བྲག་ཅིག་སྟེ། ལོངས་སྐུའི་བདག་རྐྱེན་ལས་བྱུང་བའི་དག་མ་དག་གི་གདུལ་བྱ་རྣམས་ལ་སྣང་ཞིང་དེ་དག་གི་དོན་མཛད་པར་བསམ་བཞིན་སྲིད་པ་བཟུང་བའི་གཟུགས་སྐུའོ། དེ་ཡང་ཤེར་ཕྱིན་དོན་བདུན་ཅུ་ནང་དུ་གསལ་པོ་གསུངས་ཡོད་པ་ནི་ཀུན་གྱི་མཁྱེན་གསལ་རེད།
དེ་ཡང་རང་རེས་བོད་པའི་སྤྲུལ་སྐུའི་ཐོག་མ་དེ་དགོས་པ་དང་རྒྱུ་མཚན་མང་པོ་ཞིག་གི་དབང་གིས་ཀརྨ་པ་སྐུ་ཕྲེང་གཉིས་པ་ནས་སྲོཏོད་པར་གྲགས། དེ་ནས་རིམ་གྱིས་ཆོས་རྒྱུད་འཛིན་པའི་གྲུབ་མཐའ་སོ་སོའི་ནང་དུ་བསྟན་པའི་བདག་པོ་རྣམས་ཀྱི་ཡང་སྲིད་ངོས་འཛིན་མཛད་པའི་སྲོད་རྒྱུན་དེ་དར་ཞིང་། བསྟན་པ་དང་སེམས་ཅན་ལ་ཕན་པའི་དོན་ག་ལ་གང་འཚམ་རེ་བྱུང་ཡོད་པ་ནི་སྨོས་མ་དགོས། འོ་ཀྱང་བར་སྐབས་ཤིག་ནས་སྲོལ་རྒྱུན་དེ་ཆོས་བརྒྱད་ཀྱི་དུག་དང་འདྲེས་ནས་བོད་ཀྱི་བསྟན་སྲིད་ལ་འཐུས་ཤོར་དང་གཏོར་བརླགས་ཀྱང་ཚད་མེད་རེ་བཏང་ཡོད་པ་ནི་ཀུན་གྱིས་བློ་གཟུ་བོར་གནས་པའི་སྒོ་ནས་ལོ་རྒྱུས་ལ་ཕྱི་མིག་ཞིག་བལྟས་ན་རྟོགས་ཐུབ། མ་ཚད་བར་སྐབས་ཤིག་ནས་ཡུལ་ལུང་གང་སར་ཚེ་འདིར་ཐོས་བསམ་གྱི་གནས་ལ་བརྕོན་པ་མི་ཞན་པ་གནང་མཁན་གྱི་བླ་རྒན་རེ་གཤེགས་སོང་ན་དེ་མ་ཐག་དེའི་ཡང་སྲིད་རེ་འཚོ་བ་ནི་གོམས་གཤིས་ལྟ་བུ་ཞིག་དུ་གྱུར་ནས་ད་ལྟ་བོད་ཀྱི་སྤྲུལ་སྐུའི་གྲང་འབོར་དེ་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདི་ནི་མངོན་གསལ་རེད། མ་ཁ་བདེ་མའི་བུ་སྤྲུལ་སྐུ་ཞེས་པའི་གཏམ་དཔེ་འདི་ཡང་དོན་ལ་གནས་པ་ཞིག་རེད། འདི་ནི་རང་རེ་བོད་མི་མང་ཆེ་བ་ཞིག་གི་ཆོས་སམ་ཡུལ་དེའི་གནས་ལུགས་ལ་དཔྱོད་པའི་ཤེས་རབ་གཙོ་ཆེར་མི་བྱེད་པར་རྨོངའི་དད་པ་གཙོ་བོར་བྱས་པའི་འབྲས་བུ་ཞིག་རེད་ཅེས་བཤད་ཆོག དེའི་དབང་གིས་ཆོས་བརྒྱད་དང་དུག་གསུམ་གྱི་ཀུན་སློང་དང་འདྲེས་པའི་སྒོ་ནས་སྤྲུལ་སྐུ་རྫུན་མ་བཟོ་བའི་གོམས་གཤིས་ཐབས་སྡུག་འདི་རང་རེའི་སྤྱི་ཚོགས་ཀྱི་ཁྲོད་ནས་དར་བར་མ་ཟད་བོད་ཀྱི་བླ་ཆེན་འགའ་ཞིག་གིས་ཀྱང་དཔལ་འབྱོར་དང་འཇོན་ཐང་གཙོ་བོ་བྱས་པའི་ཆབ་སྲིད་དང་འབྲེལ་བའི་སྤྲུལ་སྐུ་རྫུན་མ་མང་པོ་ཞིག་ངོས་འཛིན་གནང་སོང་བ་འདི་ལ་བསམ་ན་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་རེད། ད་སྐབས་ནི་རྒྱ་ནག་གི་རྒྱ་མོ་དཔལ་འབྱོར་ཅན་ཚུན་ཆད་ལ་ཡང་སྤྲུལ་སྐུ་རེའི་མིང་བཏགས་ནས་ཁྲི་འདོན་བྱེད་པ་སོགས་ཀྱི་སྣང་ཚུལ་འདི་མཐོང་དུས་དངོས་གནས་བློ་ཕམ་དང་སེམས་སྡུག་བཟོད་མི་ཐུབ་ཞིག་བྱུང་། སྟོན་པ་ཐུགས་རྗེ་ཅན་གྱི་ཞལ་ནས། སངས་རྒྱས་ཀྱི་བསྟན་པ་འདི་ནང་ནས་བཤིག་འགྲོ་བ་ལས་ཕྱི་རོལ་པ་ཞིག་གིས་བཤིག་པར་མི་འགྱུར་ཞེས་པའི་ལུང་དོན་ལ་བསྟན་པའི་བདག་པོ་རྣམས་ཀྱིས་ལྷག་པར་ཏུ་ཐུགས་བསམ་རྒྱ་ཆེན་བཞེས་དགོས་པར་སྣང་།
ད་ཐེ་ཡང་རྒྱལ་བ་རྡོ་རྗེ་འཆང་གི་སྐུ་ཕྲེང་གསུམ་པ་ཡིན་ཟེར་བའི་སྤྲུལ་སྐུ་སྟོབས་ཆེན་ཞིག་བྱུང་འདུག་པ་འདི་ལ་ཡང་བོད་ཕྱི་ནང་གི་བླ་ཆེན་མང་པོ་ཞིག་གིས་ངོས་འཛིན་གནང་བའི་བདེན་དཔང་དང་བདེན་པར་རྒྱབ་གནོན་གྱི་ཡི་གེ་ཕྱག་ཐམ་དང་བཅས་པ་སོགས་སོ་སོའི་ལས་ཤོག་གི་སྟེང་དུ་གསལ་ཐག་ཆོད་ཡོད་པ་འདི་དག་ཐམས་ཅད་རྫུན་མ་རེད་ཅེས་མི་གཞན་ཞིག་གིས་བཤད་དཀའ་མོ་རེད། དེ་བས་ཁོང་རྣམས་ཀྱི་གནས་ཚུལ་འདི་བདེན་པ་ཡིན་མིན་སོགས་བོད་ཕྱི་ནང་གི་རྒྱ་ཆེའི་མི་མང་ཡོངས་ལ་འགྲེལ་བཤད་གསལ་པོ་ཞིག་ངེ་པར་དུ་གནང་དགོས་འདུག གང་ཡིན་ཟེར་ན་འདི་ནི་ཁྱེ་རྣམ་པ་ཁ་ཤས་ཤིག་གི་གནད་དོན་ཙམ་མ་ཡིན་པར། རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་བོད་ཀྱི་ཆུས་སྲིད་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་ཕྱིར་བོད་དབུས་གཞུང་ཆོས་རིགས་ལས་ཁང་གཙོས་བོད་ཕྱི་ནང་གི་རང་ཅག་བོད་མིའི་ཆོས་རིག་དང་བདེ་སྡུག་ཁྱིམ་སྲིད་ལ་ལྷག་བསམ་དཀར་བའི་བོད་རིགས་སྤུན་ཟླ་ཡོངས་ནས་གནད་དོན་འདི་ལྟ་བུར་རྩ་གཅོད་ཡང་དག་ཞིག་མི་བྱེད་ཐབས་མེད་རེད། མ་ཟད་ཁོའི་རྣམ་ཐར་གྱི་དཔེ་དེབ་དེ་པར་བསྐྲུན་མཇུག་སྒྲིལ་བའི་མཛད་སྒོ་དེ་ཨ་རི་ནས་འཚོགས་པའི་བརྙན་ཕྲིན་ཐུང་ངུ་ཞིག་ལ་བདག་གིས་བལྟས་པ་ཡིན་ལ། བརྙན་ཕྲིན་དིས་བདག་ལ་གནད་དོན་སྣ་ཚོགས་དང་འབྲེལ་བའི་དོག་གཞི་ཅན་གྱི་ཚོར་སྣང་མང་པོ་ཞིག་ཀྱང་དབང་མེད་དུ་སྟེར་སོང་། དེ་ནི་མཛད་སྒོ་དེའི་ཐོག་ལ་ཞུགས་པའི་རྒྱ་རིགས་མང་པོ་ཞིག་གིས་བོད་ཀྱི་གྲྭ་ཆས་གྱོན་ནས་མན་ཌཱལ་གཏམ་བཤད་སོགས་བྱས་སོང་བ་དང་  རྒྱ་མོ་མང་པོ་ཞིག་གིས་ཀྱང་བོད་པའི་བུད་མེད་ཚོའི་ཆ་ལུགས་བྱས་ནས་ཕེབས་བསུ་དང་མཆོད་འབུལ་བྱེད་ལུགས་ལ་བལྟས་ན་གནད་དོན་འདིའི་རྒྱབ་ལྗོངས་དེ་འདྲའི་ལས་སླ་མོ་ཞིག་མ་རེད་སྙམ། གང་ལྟར་ཀྱང་གནད་དོན་འདིའི་འབྱུང་ཁུང་རང་རེ་བོད་པའི་བླ་ཆེན་འགའ་ཞིག་ལ་ཐུག་ཡོད་ཕྱིར་དག་སེལ་དང་། གསལ་བཤད། རྩད་གཅོད་ནན་མོ་ཞིག་བྱེད་པའི་རེ་འདུན་ཞུ།

བོད་ནས་སྤྱི་ལོ་༢༠༡༠ཟླ༦ཚེས༢༡ལ་ཕུལ།

རྒྱ་ཆེའི་ཀློག་པ་པོ་རྣམས་ནས་འདི་ལ་དག་ཆ་དང་སྡེབ་སྦྱོར་སོགས་ལ་ནོར་བཅོས་ཞིག་བྱས་ནས་ཚག་པར་སོགས་ཀྱི་སྟེང་ལ་གཅིག་བཀོད་རོགས་ཞུ།

·རྩོམ་ཡིག་གོང་མ:གཞས་ཚིག བརྩེ་དུང་གི་འགྱུར་ཁུགས།
·རྩོམ་ཡིག་འོག་མ:སྐྱོ་གཞས་སྙིང་གི་མཆི་མ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེའི་གསོལ་འདེབས་ཀྱི་མཆན་བུ། 2011/6/23 9:32:59
·བོད་ལ་དྲ་ཚིཊ་ཉུང་སྐྱོན་ལས་མང་སྐྱོན་མེད། 2011/5/15 12:01:41
·བླ་རུང་དང་འབྲེལ་བའི་གཏམ། 2011/5/13 21:29:33
·སངས་རྒྱས་པའི་ལུཊ་ཀྱི་རིན་ཐང་གི་ལྟ་ཚུལ་འགའ་ཞིག་བརྗོད་པ། 2011/1/9 21:58:59
·ཨ་མཚར་མཚར་དགུའི་བདུན་པ། 2010/12/8 18:08:10
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:15:18 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 9:57:05 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 14:47:07 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 51 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS