ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

འཆར་ཡན་གྱིས་བཞེང་པའི་ཕོ་བྲང༌།

རྩོམ་པ་པོ:ཆོས་ཤུལ་གསང་བདགཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1730ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/7/13 22:59:01ཚོགས་ཡར་སྤྲོད:admin
འཆར་ཡན་གྱིས་བཞེང་པའི་ཕོ་བྲང༌།

ཆོས་ཤུལ་གསང་བདག

གོམ་སྒྲ་རེ་གཉིས་ཀྱིས་གཞལ་ཐབས་བྲལ་བའི་ས་གཞི
རྨི་ལམ་ལས་ཡང་ཡང་སྒུལ་ཚེ
ས་དོག་མོ་འདིའི་ཡང་སྙིང་རྙེད་འོང་
འཁུམ་སྒྲ་རེ་གཉིས་རེ་ཐོས་མི་ཐུབ་པའི་དུས
ཕྱིར་མིག་མེད་པར་རི་རབ་དང་རྩྭ་ཐང་བསྐྱུར་དགོས་བྱུང་

ཆར་པ་ཟམ་ཟིམ་དེའི་ཁྲོད་ཀྱི་འཇག་མ་དག
ཟིལ་ཐིགས་ཀྱིས་བརླན་དྲགས་ནའང་
ཚེ་སྲོག་གི་མགོ་བོ་མཐོན་པོ་རེ་རེ
ཕྱོགས་བཞི་མཚམས་བརྒྱད་དུ་འབུས་འོང་
གློ་བུར་གློ་བུར་བརྡོལ་འོང་བ་དག
ཇི་འདྲའི་དགོད་སྤྲོ་བ་ཞིག་རེད་ཨང་

གྲང་རླུང་གི་གཡུག་ཕྱོགས་ངེས་མེད་རེ
དུས་ཀྱི་དབྱེ་མཚམས་མེད་པར་རྒྱུ་འོང་ཐེངས་རེར
མཚམ་མོ་ཞིག་གི་རྨི་ལམ་གཏོང་ཚུལ་དག
སྒོ་ཁྱིའི་ཟུག་སྐད་དང་མཉམ་དུ་བསླེབས་འོང་
ཁེར་རྐྱང་ངང་སྲུང་བའི་སྤྱིལ་བུ་ལེབ་མོ
ལྷིང་འཇགས་ཀྱིས་གནས་མལ་དུ་གཟིམ་སྲིད་དམ
ཁ་དོག་སྣ་ལྔ་ལ་འཁྱུད་པའི་འཆར་ཡན་གྱི་སེམས་པ
ཕ་ཡུལ་ནས་འདི་ལྟར་རང་ཉིད་ལ་དོགས་འདྲི་བྱས

གདོང་འབག་གྱོན་པའི་ཁྲོམ་གསིང་གི་མི་ཚོགས
འཚང་ཁ་ཤིག་ཤིག་ངང་  འདོད་ཧམ་དང་འགྲན་རྩོད
ལམ་འགྲམ་གྱི་མི་ཚོགས་དག་མཐོང་ཐབས་བྲལ
སྒེར་སེམས་ཀྱི་ཡོངས་སུ་བཟུང་བའི་དུས་དག
ཕ་མ་དང་ཉེ་དུ་གཅིག་ཀྱང་དགོས་དོགས་མེད

ཤོག་བུ་འཐོར་བཞིན་པའི་བྱང་ཐང་
བྱེ་མའི་ཁང་བུ་ཇི་ལྟར་བརྩེགས
རྨི་ལམ་དུའང་རྨིས་མ་མྱོང་བའི་འགྱུར་བ་རེ
བདག་གི་མདུན་ཕྱོགས་སུ་བཀྲམ་འོང་ཐེངས་རེར
ནམ་ཡང་རང་ཉིད་ལ་དོགས་འདྲི་བྱེད་དགོས་བྱུང་

མི་ཚོགས་ཀྱི་འཛུམ་མདངས་དེའི་རྒྱབ་ལྗོངས
བསླུ་བྲིད་དང་གཡོ་སྒྱུས་བསྒྲིབས་ཡོད་གཤིས
ཁེར་ཧྲེང་གི་མི་བུ་རེ་རེ
དུས་ནམ་ཞིག་ལ་བདེ་བར་གཟིམ་སྲིད

བདག་གིས་རྨི་ལམ་ཞིག་གཏོང་འདོད
གཡའ་དག་པའི་ནམ་མཁའ་དེའི་ཆེད་དུ་རྨི་ལམ་ཞིག་གཏོང་འདོད
༢༠༠༧.༧.༢༣ཉིན་གཙོས་གྲོང་ཁྱེར་དུ་སྦྱར །
·རྩོམ་ཡིག་གོང་མ:ལྷ་ལྡན་ལུང་པ།
·རྩོམ་ཡིག་འོག་མ:དུས་རབས་ཉེར་གཅིག་པའི་སྙིང་གཏམ།༥
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 1:26:16 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 2:55:49 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 4:42:33 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།37.11MS