ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

དྲ་ངོས་ཀྱི་དཀའ་ངལ།

རྩོམ་པ་པོ:ལོ་མ་སེར་པོའི་ཡོང་ཁུངས:དྲ་ཐོགགཟིགས་གྲངས:1745ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/7/16 17:07:01ཚོགས་ཡར་སྤྲོད:admin
དྲ་ངོས་ཀྱི་དཀའ་ངལ།
ལོ་མ་སེར་པོ།

འཛམ་གླིང་ཡོངས་སུ་དུས་ཀྱི་འགྱུར་འགྲོས་དང་བསྡོངས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་ཁ་ཧ་ཅང་མྱུར་བའི་སྐབས་འདིར། དེ་སྔོན་གྱི་སྨྱུག་འཛིན་པ་དང་འབྲི་དེབ་ཀྱི་དུས་ཚིགས་བག་ལ་ཉལ་བཞིན་པའི་ཁ་སང་དང་དེ་རིང། གདོང་དམར་བོད་པ་ཚང་ལ་ཡང་འགྱུར་བ་དང་འཕེལ་རྒྱས་གང་འཚམས་བྱུང་ནས་དེང་གི་དུས་འདིར་བཀོལ་སྤྱོད་ཆེ་ལ་འབྲེལ་ལམ་མྱུར་བའི་རྒྱལ་སྤྱིའི་དྲ་ངོས་གང་མང་ཞིག་ཏུ་རང་གི་སྐད་ཡིག་བེད་སྤྱོད་བཞིན་ཡོད་པས། ཕྱོགས་གང་དུ་སོང་ནས་གང་དུ་བསྡད་ཀྱང་དྲ་ཁང་ཞིག་ཏུ་སོང་ན་ཐད་ཀར་རང་གི་སྐད་ཡིག་ཐོག་ནས་གསར་འགྱུར་དང་སྙན་རྩོམ་སོགས་ཀློག་ཐུབ་པའི་ལག་རྗེས་ཆེན་པོ་བཞག་ཡོད། དེའི་རྐྱེན་ཁོ་བོས་ལས་དོན་འདི་དག་གི་ཁུར་འཛིན་མཁན་ནམ་སྣེ་ཁྲིད་མཁན་མི་རབས་གསར་པའི་མི་བུ་རུས་རྐང་ཅན་དག་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ།  དེ་ཡང་ཁོ་བོ་རང་ཉིད་ནི་ཁོམ་སྐབས་ནམ་བྱུང་ལ་དུས་ཚོད་དམ་འཛིན་གྱིས་དྲ་ཁང་དུ་སོང་ནས་དྲ་ཚིགས་མི་ཉུང་བ་རེ་ཁ་ཕྱེས་ནས་ནང་འཛུལ་དང་ཐོ་འགོད་བྱས་ནས་ལེགས་ཉེས་གང་ཡོད་ལ་གང་ཐུབ་ཅི་ཐུབ་ཀྱིས་དཔྱད་བརྗོད་དང་བསམ་འཆར་སྤེལ་ཁུལ་བྱས་ཏེ་བོད་ཡིག་འདི་མ་ཉམས་ན་མ་ཤི་ན་བསམ་པའི་ཀུན་སློང་ཞིག་སྙིང་ལ་བཅངས་ཏེ་འགན་འཁུར་ཞིག་ལེན་ཁུལ་ཡིན་མོད། དྲ་ཚིགས་ལ་ལར་ཡིག་གཟུགས་འདྲ་མིན་འགོད་ཆོག་པའི་དབང་གིས་ཧི་གཟུགས་འགྲོ་སར་པནྜི་ཏ་མི་འགྲོ་བ་དང། དེ་བཞིན་སྨོན་ལམ་བོད་ཡིག་སྔ་ཕྱི་དག་གློག་ཀླད་ནང་ཡོད་དུས་ལན་རེར་དབུ་མེད་ཡིག་གཟུགས་སུ་དྲ་ངོས་ཆ་ཚང་འགྱུར་འགྲོ་བ་དང། ལན་རེར་བོད་ཡིག་འཐོར་ནས་ཀློག་མི་ཐུབ་པའི་དཀའ་ངལ་སྣ་ཚོགས་ལ་འཕྲད་པ་དང། རྩོམ་ཡིག་དྲ་ངོས་སུ་བཀོད་ཀྱང་དྲི་རྟགས་རྐྱང་པ་ལས་གཞན་འཆར་མི་ཐུབ་པ་སོགས་འདི་དག་ནི་ང་ཚོ་རང་ཉིད་ཀྱིས་རང་ཉིད་ལ་བཟོས་པའི་དཀའ་ངལ་འཕར་མ་ཞིག་མ་ཡིན་ནམ། དེས་ན་ང་ཚོས་ད་ནས་བཟུང་ཐོག་མར་རང་ཉིད་ནས་འགོ་བརྩམས་ཏེ་མཐའ་མར་གཅིག་གྱུར་ཐོག་འགྲོ་ཐབས་བྱ་དགོས་ལ། དེ་ལྟར་བྱས་ན་ད་གཟོད་གཅིག་གྱུར་དང་ཚགས་ཚུད་ཀྱི་ལམ་ཁ་ཞིག་ལ་འབུད་ཐུབ་ཅིང་ལམ་ཁ་དེར་བགྲོད་པའི་དཀའ་ངལ་ཉུང་དུ་གཏོང་ཐུབ། མདོར་བསྡུས་ན་ང་ཚོ་གཞིས་བྱེས་གཉིས་ཀྱི་རྩིས་འཕྲུལ་གྱི་མཛུབ་གནོན་གཅིག་གྱུར་བ་ཞིག་དང་ཡིག་གཟུགས་སྒྲིག་སྟངས་གཅིག་གྱུར་བ་ཞིག་ངེས་པར་དུ་ཡོང་ཐབས་བྱ་དགོས། དེ་མེད་པ་ཡིན་ན་སྐྱོན་ཆ་ཆེན་པོ་འདྲ་མིན་ཡོད་ལ་དཔེ་མཚོན་གཅིག་ནི་ཉེ་སྔོན་ཁོ་བོས་དུས་བབ་ཟིན་བྲིས་ལས་རྩོམ་ཁག་ལྔ་བཤུས་ཏེ་མཆོད་མེ་པོད་ཁུག་ཏུ་བཀོད་ཀྱང་དྲི་རྟགས་རྐྱང་པ་ལས་འཆར་ཐུབ་མ་སོང། འོན་ཀྱང་དཔྱད་བརྗོད་ཁ་ཤས་སྤེལ་བ་ཤར་སོང་བས་ནང་འགལ་ལྟ་བུའི་དྲི་བ་འདི་ལ་ཁོ་བོ་ལྟ་བུ་དག་གིས་འགྲེལ་བཤད་ཅི་ཞིག་རྒྱག་དགོས། དཀའ་ངལ་ཅི་ལྟར་སེལ་རྒྱུ། འདི་ནི་ང་ལྟ་བུའི་མི་མང་བོ་ཞིག་དཀའ་ངལ་ཡིན་ཞིང། གསར་སློབ་གྲོགས་པོ་ཐམས་ཅད་དང་མི་རིགས་འདི་འཚོ་གནས་བྱེད་དགོས་པའི་ཡུན་གྱི་གནས་བབ་ལ་བསམ་བློ་བཏང་སྟེ། ཡིག་གཟུགས་ཀྱི་མཉེན་ཆས་བཟོ་བའི་ཤེས་ལྡན་པ་ཚོས་མི་རེས་ལམ་རེ་ལེན་ནས་སྣ་ཁ་རེ་བཟོ་ནས་མི་སྡོད་པར་བོད་ཡིག་གི་གཟུགས་རིས་ཨང་རྟགས་གཅིག་གྱུར་ཐད་དགོངས་བཞེས་གནང་རྒྱུ་ནི་ཧ་ཅང་གལ་ཆེ་བའི་གནད་ཅིག་ཏུ་ཁོ་བོས་བསམ་བཞིན་ཡོད། གལ་ཏེ་དཀའ་ངལ་འདི་རྒྱུན་མར་སོང་བ་ཡིན་ན་བོད་ཡིག་སྣ་མང་གི་ཡིག་གཟུགས་དེས་དྲ་ངོས་ཀྱི་དུས་རབས་ལ་གནོད་པ་ཚབས་ཆེན་སྐྱེལ་རྒྱུ་ནི་གདོན་མི་ཟ། དཔེར་ན་སྨོན་ལམ་བོད་ཡིག་ལ་ཡང་གཅིག་ནས་བཞི་བར་ཡོད་ལ། ཚད་མཐོ་བའི་གློག་ཀླད་མཁས་ཅན་ཞིག་གམ་བྱང་ཆ གང་འཚམས་ཅན་ཞིག་མིན་ན་ཡིག་གཟུགས་དེས་དཀའ་ངལ་འཕར་མ་མང་བོ་སྤྲོད་ངེས།  དྲ་ངོས་ལ་ལར་ཡིག་གཟུགས་དབུ་མེད་དུ་བསྒྱུར་ནས་ཀློག་ཀྱང་མི་ཐུབ་པ་སོགས་ཧ་ཅང་གི་དཀའ་ངལ་སྣ་ཚོགས་ཕྲད་བཞིན་པ་རེད།
དེས་ན་ང་ཚོ་ཚང་མས་སྐབས་བབ་ཀྱི་དཀའ་ངལ་འདིའི་ཐད་བགྲོ་གླེང་མང་ཙམ་དང། རེ་བ་ཆེན་པོ་ཞིག་འཆང་ཡང་དེ་ནི་མི་རིགས་འདིའི་རིག་གཞུང་ལ་སེམས་ཁུར་བླངས་བའི་ཚོར་ཤུགས་ཙམ་ལས་གཞན་ཅི་ཡང་མིན། མཐར་དྲ་གྲོགས་ཚོས་གོང་དུ་བཀོད་པའི་དཀའ་ངལ་འདིའི་ཐད་ལྟ་ཚུལ་དང་སྤྱི་སྡོམ་རེ་བརྒྱབ་ནས་འབྲེལ་ཡོད་དག་ལ་རེ་སྐུལ་རེ་ཞུ་རྒྱུ་ནི་ཁོ་བོའི་རེ་སྙེགས་གཅིག་པོ་དེ་ཡིན། ང་ཚོ་ལ་འཕེལ་རྒྱས་མེད་པའི་ཡར་ཐོན་མི་དགོས་ལ། གཅིག་གྱུར་མིན་པའི་ལམ་ཁ་ཡང་དགོས་ངེས་མེད།

·རྩོམ་ཡིག་གོང་མ:གླུ་གཞས། དྲུག་པའི་ཚེས་བཞི།
·རྩོམ་ཡིག་འོག་མ:ཨེ་རེད།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེའི་གསོལ་འདེབས་ཀྱི་མཆན་བུ། 2011/6/23 9:32:59
·བོད་ལ་དྲ་ཚིཊ་ཉུང་སྐྱོན་ལས་མང་སྐྱོན་མེད། 2011/5/15 12:01:41
·བླ་རུང་དང་འབྲེལ་བའི་གཏམ། 2011/5/13 21:29:33
·སངས་རྒྱས་པའི་ལུཊ་ཀྱི་རིན་ཐང་གི་ལྟ་ཚུལ་འགའ་ཞིག་བརྗོད་པ། 2011/1/9 21:58:59
·ཨ་མཚར་མཚར་དགུའི་བདུན་པ། 2010/12/8 18:08:10
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 6:38:34 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 9:12:37 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 13:41:31 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 73 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS