ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

ཡང་ལུག་ཕྲུག་གཅིག་བརྫི་ཤོར་སོང༌།

རྩོམ་པ་པོ:བཀྲ་ཤིས་ཚེ་རིང་།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1710ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/7/24 14:57:21ཚོགས་ཡར་སྤྲོད:admin

ཡང་ལུག་ཕྲུག་གཅིག་བརྫི་ཤོར་སོང༌།

བཀྲ་ཤིས་ཚེ་རིང་། (ཆབ་མདོ)

ཁ་ལོ་བས་རྫོང་དཔོན་གནམ་གྲུ་ཐང་དུ་སྐྱེལ་བའི་ལམ་བར་དུ་ལུག་གསུམ་བརྫི་ཤོར་བས་ལུག་བདག་ལ་སྒོར་མོ་ཆིག་སྟོང་དྲུག་བརྒྱ་ཐམ་པ་སྐྱིན་ཚབ་སྤྲོད་པའི་ཡ་མཚན་ཆེ་བའི་གཏམ་རྒྱུད་ཅིག་བྱུང་ཡོད།
གཞུང་དོན་གྱི་ཆེད་དུ་རྫོང་དཔོན་ནང་སར་འགྲོ་དགོས་བྱུང༌།  ཁ་ལོ་བས་རྫོང་དཔོན་གནམ་གྲུ་ཐང་དུ་སྐྱེལ་བའི་ལམ་བར་དུ་རིག་གནས་ཀྱི་འཁྲུག་ཆ་དོད་ཅིང་དཔལ་འབྱོར་གྱི་འབྱོར་པ་དབྱར་མཚོ་རྒྱས་པའི་མཚར་སྡུག་ལྡན་པའི་གྲོང་ཁྱེར་ག་གེ་མོ་ཞིག་བརྒྱུད་སྐབས་ལམ་ཟུར་དུ་བཟའ་བཏུང་ཁང་དང༌།    རྐང་འཁྲུ་ཁང༌། གླུ་གར་ཁང༌། རོལ་རྩེད་ཁང་སོཊ་ཚར་དུ་དངར་བ་གནས་ཡོད།   ཞབས་ཞུ་མ་དུ་མས་མ་འབོད་རང་སྐུལ་གྱིས་སྐུ་ཞབས་དང༌། ཇོ་ལཊ།  མཛའ་གྲོཊ།   ཨ་ཕོ་སོཊ་གཅེས་མིང་དང་མཚར་མིང་གང་དོན་དོན་འབོད་ནས་ནང་དུ་ཕེབས་དང༌།   སྐུ་མཉེལ་སོས་དང༌།  མཆོད་ཆང་མཆོད་དང་ཁྱེད་རང་ལ་ཞབས་ཞུ་དགའ་མགུ་ཡིད་རངས་སྐྱེ་བར་ཞུས་ཆོག་ཅེས་ཡང་ཡང་བཤད་པར་ངོ་མ་ལྡོག་པར་ཁོ་གཉིས་ནང་དུ་འཛུལ།   གཡོན་མིག་མ་དེ་དག་གི་སིང་རས་དཀར་པོའི་སྟོད་གོས་ལས་འབུར་དུ་ཐོན་པའི་ནུ་མ་རབ་རིབ་ཀྱི་མངོན་པ་དང༌། ཆེས་ཤིན་ཏུ་ཐུང་བའི་སྨད་གཡོག་འོག་ནས་དཀར་ཟླུམ་བརླ་ཤའི་ལྟད་མོ་ཅི་ཡང་འབྱིན།  དེ་བཞིན་སྙན་པའི་ངག་དང། འཛུམ་པའི་ཞལ། དཀར་བའི་སོ་ཕྲེང༌། ཆུ་ཤེལ་ལས་དྭངས་བའི་མིག་ཟུང་ལས་གཅིག་མིན་གཉིས་མིན་གྱི་འཛུམ་བརྡ་ཡང་ཡང་འཕེན།  ཡངས་ཟླུམ་གྱི་ཨོང་མདོ་མཐོང་བ་ཙམ་ལས་འཆར་ཡན་གྱི་རྣམ་རྟོག་སྣ་ཚོཊ་ཤར།  གང་གི་འཇམ་མཉེན་གྱི་ལག་པས་མཇིང་པ་དང་ཚོར་བ་རྣོ་བའི་ལུས་ཀྱི་རྩ་རྒྱུས་ལ་ཡང་ཡང་རེག་ཅིང་བཙིར།   དེ་ལྟར་རེག་མ་རེག་དང༌།  འཛུམ་མ་འཛུམ། ཕར་འབུད་ཚུར་འབྱར།   ཡར་འདེད་མར་གཤེཊ།  འཐམ་རེས་འདྲུད་རེས་སོཊ་རྩེད་མོ་དུ་མའི་བསྐུལ་བའི་དབང་གིས་འདོད་པའི་སྤུ་ལོང་རབ་ཏུ་རྒྱས།   ཆཊ་པས་གདུང་བ་ལྟོཊ་པའི་ཟས་ལས་བཙན།   སྐོམ་པའི་བརླན་ལས་ངར།   རྒྱུན་ལྡན་རྫོང་དཔོན་གྱི་བརྗིད་ཉམས་དང༌། ཆེ་ཉམས།   རྫིག་ཉམས།  འཇིཊ་ཉམས།   སྒམ་བརླིང་ཐམས་ཅད་ཀྱི་ཐམས་ཅད་དེ་རིང་གར་སོང་ཆ་མེད་གྱུར་ནས་བཀྲེས་ལྟོཊ་ཀྱིས་མནར་བའི་སྤྱང་ཀི་གཏུམ་པོ་ལུག་ཚང་དུ་སླེབས་པ་བཞིན་གྱུར། རྒྱུན་དུ་མི་ཚོཊ་མང་ཉུང་དང་གནས་ཆེ་ཆུང་གང་འདྲ་ལའང་རྩ་དོན་འབའ་ཞིག་དང༌།   སྒམ་བརླིང་ཚུཊ་ཐུབ་རྐྱང་རྐྱང༌།   མི་ཆོས་བསླབ་བྱ་ཉག་ཅིག་གི་གཏམ་བཤད་བྱེད་པའི་འཇིཊ་རུང་ཅན་དང་དཔའ་ཉམས་ཅན་གྱི་རྫོང་དཔོན་དེ་ནི་དེ་རིང་འདོད་པའི་བསྟན་བཅོས་དམར་ཁྲིད་བྱེད་མཁན་གྱི་དགེ་རྒན་ཆེན་མོ་བ་ཞིག་དང་བྱེད་པ་པོ་གསོན་པོ་ཞིག་ཏུ་གྱུར་ཡོད།   རྒྱུན་ལྡན་བཟའ་མོ་གཙུག་ཏུ་བཀུར་ཞིང་བུ་རྒྱུད་ལ་བརྩེ་ཞེན་ཆེ་བ།   ཕྱི་ནང་གང་དུའང་ལས་ལ་བརྩོན་ཞིང་གཞུང་དྲང་བ། སྤྱོད་པ་གཙང་བ།  འཚོ་བ་ལ་གྲོན་ཆུང་བསྲི་ཚཊ་ཀྱིས་སྒོར་ཟུར་སྐར་མ་ཡང་སྡུག་གསོག་མུག་གསོག་བྱེད་མཁན་གྱི་ཁ་ལོ་བ་དེ་ཡང་མ་འདོད་རྫོང་དཔོན་གྱིས་(གཏམ་ངན་ཕྱི་ལ་མི་འཁྱེར་ནག་པོ་མཉམ་འགོས་ཡོང་ཆེད་)བཙན་བསྐུལ་འོག་ཏུ་འཇིཊ་རུང་གི་ཉམས་དང་སྒེག་པའི་ཉམས་བསྲེས་པས་ལོཊ་ཀྱི་ཁང་ཆུང་ཞིག་ཏུའང་མངོན་ཆུང་ཡིན་པའི་གཞོན་ནུ་མ་ཞིག་ལ་རྩེད།  བཙན་སྒོམ་ག་ཚོད་བྱས་ཀྱང་མཐར་བཟོད་བསྲན་མ་ཐུབ་པར་འཐམ་འཁྱུད་བྱས། ཁ་སྦྱོར། ལྕེ་ཡིས་ལྕེ་འཇིབས། ནུ་མ་འཕུར།   དཔྲལ་བ་ནས་ནུ་མ་བར་དུ་འོ་བྱས།   ནུ་ཏོག་ནས་ཐོད་པའི་མཚམས་སུ་བལྡཊ་པར་བྱས།  མལ་སའི་ནང་སྟེང་འོག་བརྗེ་ལེན་གྱིས་འགྲེ་ལོག་བརྒྱབ།   ཁོའི་ལུས་ཀྱི་བ་སྤུ་ཡང་གྱེན་དུ་བསྒྲེངས་ནས་གཉིས་སྦྱོར་དགའ་མགུ་ལས་ལ་ཞུཊ།   འཁུན་སྒྲའི་གླུ་ཆུང་ལེན། ཡར་འདེཊ་མར་སྦྱོར་ཐབས་ཤེས་ཟུང་འཇུག་གི་ལས་ལ་བྱང༌།   ངལ་བའི་རྔུལ་ཆུ་བ་སྤུ་རྩེ་ནས་མུ་ཏིག་རྡོག་པོ་བཞིན་དུ་འགྲིལ་རུང་དཀའ་བའི་སྣང་བ་ཡེ་ནས་མ་མཆིས།   གཉིས་སྦྱོར་བསམ་གཏན་རྩེ་མོ་ལས་འདོད་པ་ཀུན་གྱི་བདེ་བ།  བདེ་བ་ཀུན་གྱི་མཆོག་གྱུར།   ཚངས་པའི་བདེ་བ་རྫོཊ་པར་མྱངས། དེ་ནི་《སྙན་ངག་མེ་ལོང་མ་》ལས།   དགའ་མ་ཡིས་ནི་རེག་པ་འདིས།།   ལུས་ལ་སྤུ་ལོང་རྒྱས་པ་དང༌།། ཡིད་ནི་བདེ་བར་བྱེད་པ་དང༌།།     མིག་དག་ཟུམ་པར་བྱེད་ཅིང་འཇུག།  ཅེས་བསྟན་པ་འདི་འཚོ་བ་དངོས་་ལས་ར་སྤྲོད་བྱས།   དེ་ནས་བཟའ་བཏུང་དང་བཅས་པ་ཐམས་ཅད་ཀྱི་ཐམས་ཅད་ལ་རིན་གོང་ཡང་མ་གཏམ་པར་གཏོང་ཕོད་དང་སྤོབས་ཉམས་ཀྱིས་མི་དམངས་ཤོག་སྒོར་ཆིག་སྟོང་ཉིས་བརྒྱ་ཐམ་པ་བཞག་རྗེས་སྒོ་ལས་བུད་དེ་མུ་མཐུད་གནམ་གྲུ་ཐང་གི་ཕྱོཊ་སུ་སྐྱོད།
ལམ་བར་དུ་རྫོང་དཔོན་གྱིས་བྲོ་བ་གང་འདྲ་འདུག་གམ།   ལོ་གཅིག་དུས་བཞི་ཞཊ་ནག་སུམ་བརྒྱ་དྲུག་ཅུ་ལ་ཚལ་སླང་འདྲ་བའི་བཟའ་མོ་དེའི་ངོ་གདོང་དེ་ཁོ་ན་བལྟས་ནས་སྡོད་པ་ལས་སྨན་ཆུང་བུ་མོའི་བྲོ་བ་ཅུང་ཟད་བརྗེས་ན་ཅི་འདྲ་ཉམས་དགའ་བ་དང་ཅི་འདྲ་བྲོ་བ་ཞིམ་པ།  ཐབས་ལ་མཁས་པ། འཛུམ་པའི་གླུ་ཆུང་ལེན་རྒྱུ་ཡོད་པ།   སྙན་པའི་འཁུན་སྒྲ་སྒྲོཊ་པ། འདོད་པའི་ཡོན་ཏན་མ་ཚང་ན་མེད་པའི་གནས་མཚར་སྡུག་ཅན་ནི་དེ་ཚོ་མིན་ན་སུ་ཡིན།   ངའི་བཟའ་མོ་དེ་ནི་ཤི་བའི་རོ་ལྟར་ཉལ་བསྡད་པ་ལས་ལུས་ཀྱི་སྒེག་ཉམས་དང་སྟངས་སྟབས་གང་ཡང་སྟོན་མི་ཤེས་ལ་སྐད་ནི་དེ་བས་ཀྱང་བརྒྱབ་མི་ཤེས་མཁན་ཞིག་རེད།   ཕོ་ཁྱོ་ག་འགྲོ་ཞོར་འདུག་ཞོར་དུ་ལམ་ལྟག་ལམ་འོག་གི་མེ་ཏོག་མི་འཐུ་ཅི་ལ་སྲིད།  ལམ་དུ་འགྲོ་ཚེ་རང་གི་ལྷམ་རྩེ་ཁོ་ན་ལ་བལྟ་ནས་འགྲོ་མཁན་དེ་ཡང་ཕོ་བཟོ་མེད་པའི་རྟཊ་ཤིག་རེད་ཅེས་ལ་སོཊ་པའི་གཏམ་ལུང་ཆག་གང་བཤད་རྗེས་དེ་འདྲ་ཨེ་རེད་ཟེར་ཁ་ལོ་བ་ལ་དྲི་བ་ཞིག་འཕངས།  ཁ་ལོ་བ་དེས་ཁ་གྲག་མ་ཐུབ་པར་ཅུང་ལུས། དེ་ནས་དྲན་པ་འདྲ་ཞིག་སོས་ཏེ་དོགས་མི་བདེ་བའི་ངང་སྐད་ཆུང་ཞིང་དལ་བ་དང༌།   ངག་ཅུང་གནོང་བཞིན་དུ་ང་དེ་སྔ་དེ་འདྲའི་ནང་རྩ་བ་ནས་འགྲོ་མྱོང་མེད།    བཟའ་མོས་ཤེས་ན་ཆག་སྒོ་བཟོས་སོང་ཞེས་ངོ་ཚ་དང་གནོངས་འགྱོད་ཀྱི་སྒོ་ནས་བཤད།   དང་པོར་སྐྲག་པ།  བར་དུ་སྐྱིད་པ།  ཐ་མར་འགྱོད་པ་སྤུ་སུད་སྐྱེས་པ་ནི་ལས་དང་པོ་བ་ཕལ་ཆེར་བ་ལ་འཕྲད་པའི་གནད་དོན་ཅིག་དང༌།  ངེས་པར་དུ་བརྒལ་དགོས་པའི་ལམ་བུ་ཞིག་རེད།  ཁྱོད་རང་སྐྲག་དགོས་དོན་གང་ཡང་མེད།ག་ལེར་གོམས་ལོབས་འགྲོ་གི་རེད།  ཕོ་གཞོན་དུས་སྐྱིད་པོ་མ་བཏང་ན་ཆུང་དུས་ནི་མི་ཤེས། རྒས་དུས་ནི་མི་འཇོན་ཟེར་བ་སོཊ་འདོད་པའི་ཡོན་ཏན་དང་འདོད་པའི་རིག་གནས་ཀྱི་སྐོར་ལ་ཉམས་མྱོང་རྒན་པོའི་འབེལ་གཏམ་འབེལ་ཐག་གཅོད་ཅིག་བཤད་རྗེས་རྫོང་དཔོན་གྱིས་མུ་མཐུད་ནས་བཤད་དོན།   ད་རེས་ཀྱི་འགྲོ་སོང་ཐད་ལ་ཁྱོད་སེམས་ཁྲལ་རྩ་བ་ནས་བྱེད་མི་དགོས་ང་གཞུང་དོན་ནས་ཚུར་འཁོར་མཚམས་སུ་ཁྱོད་ཀྱིས་སྙན་ཞུ་ཡི་གེ་ཞིག་བྲིས་ཏེ་དེའི་ནང་གཞུང་དོན་བསྒྲུབ་པར་རླངས་འཁོར་བཏང་ནས་ཐག་རིང་འགྲོ་སྐབས་གཟབ་གཟབ་མ་བྱས་པ་དང་ལྷོད་གཡེངས་ཤོར་བའི་དབང་གིས་ལུག་གཉིས་བརྫི་ཤོར་སོང་བས་ལུག་བདག་ལ་སྐྱིན་ཚབ་དངུལ་སྒོར་ཆིག་སྟོང་ཉིས་བརྒྱ་ཐམ་པ་སྤྲད་དགོས་བྱུང་བའི་སྐོར་བྲིས་ཤོག་དང་ངས་སྲིད་གཞུང་ནས་འགྲོ་སོང་གཏོང་བའི་མིང་རྟཊ་འགོད་ཆོག་ཅེས་བཤད་སྐབས་ཁ་ལོ་བའི་སེམས་ཀྱི་འཁུར་པོ་ལྗིད་ཏིག་ཏིག་དེ་ཡང་རང་ཤུཊ་སུ་འཇཊ་པ་དང་གོང་གསལ་རྫོང་དཔོན་གྱིས་གསུངས་པ་དེ་དག་ལ་རྒྱུ་མཚན་མེད་པ་ཡང་མིན་སྙམ་པའི་རྟོག་པ་གསར་པ་ཞིག་ཀྱང་སྐྱེས། རྫོང་དཔོན་གནམ་གྲུ་ཐང་དུ་སྐྱེལ་ཚར་རྗེས་ཁོ་རང་ཐད་ཀར་ཕྱིར་ལོག །
དོན་དེའི་རྗེས་སུ་ཁ་ལོ་བའི་འགྲོ་འདུག་སྤྱོད་གསུམ་ལ་བག་ཆཊ་དང་འགྱུར་བ་ངེས་ཅན་ཐེབས་ཡོད་དེ་ཨམ་ཕྲག་ནང་རྡོ་ཡོད་ན་ཁྱི་ལ་སྐྲག་དགོས་མེད་ཅེས་པའི་དཔེ་ལྟར་ཟས་གྲོན་གྱི་ཐད་རྫོང་དཔོན་གྱི་རྒྱབ་རྟེན་ཆེན་པོ་ཞིག་རྙེད་པས་ཁོའི་འཚོ་བ་ཡང་བག་མེད་ལོངས་སྤྱོད་ཀྱི་རྒྱ་རྙིས་དམ་པོར་བཟུང་སྟེ་གློག་སྒྲོན་དམར་པོའི་ཁུལ་དུ་སྡིག་གྲོཊ་གཡེམ་མའི་འགྱུར་བག་ལ་གཡེངས་ནས་སྐབས་འགར་མོ་ཊའི་སྣུམ་གྲོན་ཡང་དེར་བཏང་བར་བྱས།   སྔར་གྲོན་ཆུང་བག་ཆཊ་ཅན་དེ་ད་ནི་རྒྱས་སྤྲོས་དང་གཏོང་ཕོད་ཅན་ཞིག་ཏུ་གྱུར་པ་དང༌།   སྔར་བཟའ་ཚང་ལ་བྱམས་སྐྱོང་ཅན་དེ་ད་ནི་གཏུམ་སྤྱོད་ཉེས་རྡུང་གཏོང་མཁན་ཞིག་ཏུ་ཆཊ།  སྔར་བུ་རྒྱུད་ལ་མིག་འབྲས་བཞིན་གཅེས་པར་བྱེད་མཁན་གྱི་ཕ་རྒན་དེ་ད་ནི་ཟུར་བསྟེན་ཆུང་མ་གསོ་བའི་འདོད་རྔམ་ཅན་ཞིག་གྱུར་ཡོད།   སྔར་སྤྱི་སྒེར་གྱི་ལས་གང་ལའང་ཧུར་བརྩོན་བྱེད་མཁན་དེ་ད་ནི་སྒྱིད་ལུག་གིས་བཅིངས་པའི་ཟ་འདོད་འགུལ་འཚེར་གྱི་མི་ཞིག་དང༌།  སྔར་དྲང་བདེན་དང་བདེན་གཏམ་གྱི་མཚོན་བྱེད་ཡིན་པའི་མི་དེ་ད་ནི་གཡོ་ཁྲམ་རྫུན་གསུམ་ལ་གོམས་པའི་ཚང་མས་ཡིད་རྟོན་དཀའ་བའི་དོཊ་གཞི་ཅན་ཞིག་ཏུ་ཆཊ་ཡོད། དེ་ནི་རྗེས་སུ་རྗེས་སུ་བྱུང་བའི་གནས་ཚུལ་ཞིག་རེད།
རྫོང་དཔོན་སྐྱེལ་ཚར་ནས་ཉིན་ཞག་འགའ་འདས་རྗེས།   སྔར་འགྱོད་ཕྱིས་འདོམས་ཞིག་བྱེད་བསམ་ནས་བསྲན་སྒོམ་བྱས་རུང་འདུག་བཟོད་མ་ཐུབ་ནས་ཚངས་སྤྱོད་མིན་པའི་གནས་སུ་ཕྱིན་ནས་ལུས་གཡེམ་མ་དེ་ལ་མ་ཟོས་མ་འཐུང་ན་སྒོར་མོ་ག་ཚོད་རེད་ཅེས་གོང་ཚད་ཐད་ཡར་བཀྱག་མར་ཕབ་ཀྱི་འཚོང་གཏམ་ཡུན་རིང་ཞིག་བྱས་པའི་མཐར་སྒོར་མོ་ཉིས་བརྒྱའི་ཐོག་ཏུ་འཚོང་འགྲིག་རུང་དེས་ཁྱོད་ནི་སེར་སྣ་ཆེ་བ་དང་གཏོང་ཕོད་མེད་པ་ཕོ་ཁྱོ་གའི་རང་རྟཊ་མེད་པའི་མི་ཞིག་རེད་ཟེར་བ་སོཊ་རྩེད་མ་བདེན་གྱི་ཁ་རྡུང་གྲ་མ་ཞིག་བཏང་རྗེས་གཞི་ནས་གཉིས་དགའི་ལས་ལ་ཞུཊ།  དེ་ནས་གཟའ་འཁོར་གསུམ་ཙམ་སོང་རྗེས་སྔར་གྱི་གནས་དེ་རང་དུ་རྒྱུས་ཡོད་ཀྱི་མགྲོན་པོ་ལྟར་ཡང་ཐེངས་གཅིག་ཕྱིན་ནས་སྔར་ལུཊ་ལྟར་བྱས།
རྫོང་དཔོན་གཞུང་དོན་ནས་ཚུར་འཁོར་མཚམས་སྔར་བཞིན་རྫོང་དཔོན་གཞུང་ལས་ཁང་དུ་གཞུང་ལས་བྱེད་བཞིན་མཆིས།   ཁ་ལོ་བས་རྫོང་དཔོན་གཞུང་ལས་ཁང་དུ་ཕྱིན་ནས་སྔར་ནས་བྲིས་ཟིན་པའི་སྙན་ཞུའི་ཡི་གེ་དེ་རྫོང་དཔོན་གྱི་ལག་ཏུ་ཕུལ།   རྫོང་དཔོན་གྱིས་ཞིབ་མོ་བལྟས་རྗེས་ངོ་མདོག་ཅུང་མ་རངས་པའི་ངང་ཁ་ཉིན་ལུག་གཉིས་མ་གཏོཊ་བརྫིས་མེད་པ་ལ་དེ་རིང་གང་འདྲ་ཟེ་ལུག་གསུམ་ལ་གྱུར་སོང་བ་རེད། ད་དུང༌།  ཁ་ཉིན་ལུག་བདག་ལ་སྐྱིན་ཚབ་སྒོར་མོ་ཆིག་སྟོང་ཉིས་བརྒྱ་ལས་སྤྲད་མེད་པ་ལ་དེ་རིང་ཡང་གང་འདྲ་ཟེ་སྒོར་མོ་ཆིག་སྟོང་དྲུག་བརྒྱ་ལ་འགྱུར་སོང་བ་རེད་དམ་ཞེས་འཁང་རའི་ཚུལ་གྱིས་ཚུར་དྲི་བ་ཞིག་བཏོན།   ཁ་ལོ་བས་གཉའ་སྒུར་ཞིང་མགོ་འཕུར་བ།   ལྕེ་བསྣར་ཞིང་ངོ་མདོག་སྐྱོ་མ་འཛུམ་ཞིག་བསྟན་པ་དང༌།  སྐད་ཆུང་ཆུང་ངང་ནས་རྫོང་དཔོན་ཁྱེད་ཕེབས་པའི་ཤུལ་དུ་རང་ཚུཊ་མ་ཐུབ་པར་ངས་ཡང་ལུ་གུ་ཆུང་ཆུང་ཞིག་བརྫི་ཤོར་སོང་བས་ལུག་བདག་ལ་སྐྱིན་ཚབ་སྒོར་མོ་བཞི་བརྒྱ་ཐམ་པ་སྤྲོད་དགོས་བྱུང་ཞེས་ལན་བཏབ།

·རྩོམ་ཡིག་གོང་མ:གླུ་གཞས། གངས་རིའི་གླག་རྒོད།
·རྩོམ་ཡིག་འོག་མ:རང་གཞན་ཀུན་ལ་ཕན་པའི་གཏམ་ངོ་མཚར་དཔྱིད་ཀྱི་དབྱངས་སྙན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 14:48:04 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 18:59:41 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 4:42:53 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།22.46MS