ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> བློ་སྦྱོང་།
རྩོམ་ཡིག་ཀློག་པ།

རང་གཞན་ཀུན་ལ་ཕན་པའི་གཏམ་ངོ་མཚར་དཔྱིད་ཀྱི་དབྱངས་སྙན།

རྩོམ་པ་པོ:བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།ཡོང་ཁུངས:བོན་མང་དྲ་ཚིགས།གཟིགས་གྲངས:2202ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/7/25 23:56:48ཚོགས་ཡར་སྤྲོད:admin

རང་གཞན་ཀུན་ལ་ཕན་པའི་གཏམ་ངོ་མཚར་དཔྱིད་ཀྱི་དབྱངས་སྙན།

བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

༄༅། །རྨད་བྱུང་མཁྱེན་པའི་གཏེར་ཆེན་སྨྲ་བའི་སེང༌།། དབྱེར་མེད་སྙིང་རྗེའི་རང་གཟུགས་བླ་མའི་ཞབས།། སྒོ་གསུམ་གུས་པ་ཆེན་པོས་ལེགས་བཏུད་དེ།། གཞན་ཕན་ངོ་མཚར་གཏམ་བཟང་འདི་ན་སྨྲ།། གང་ཞིག་འཛམ་གླིང་བོད་ཀྱི་ཞིང་ཁམས་མཆོག། འདི་ནས་སྐྱེས་ཏེ་སྨྲ་ཤེས་དོན་གོ་མཆོག། མི་ཡི་རྟེན་འདི་འགྲོ་དྲུག་ཀུན་ལས་མཆོག། བཀོལ་སྤྱོད་ཤེས་ན་ཡིད་བཞིན་ནོར་བུའི་མཆོག། མི་ལུས་ཐོབ་པའི་ དོན་གོ་ཆེ་ཆུང་དེ།། མི་ལ་བསམ་པ་བཟང་པོ་ཡོད་མེད་ཁྱད།། གཞུངས་བཟང་ཁྲེལ་ཡོད་ངོ་ཚ་ཤེས་པ་དེ།། གཞུང་སྒེར་ལུགས་གཉིས་ཀུན་གྱི་གཞི་མ་ཡིན།། བློ་ཕུགས་བསམ་ཤེས་རྒན་ལ་གཏོད་པ་ནི།། བློ་རབ་འཇིག་རྟེན་མཁས་པའི་གཞུང་ལམ་ཡིན།། ལས་དོན་བྱ་བཞག་གྲོས་ཀྱིས་སྒྲུབ་པ་ནི།། ལས་བྱེད་ཐབས་ཇུས་ཀུན་གྱི་གཙོ་བོ་ཡིན།། འཕྲལ་ཕུགས་ཀུན་ལ་ཕན་པའི་བསམ་པ་དེ།། འཕྲལ་ཡུན་འདུན་མའི་ཡང་རྩེ་འཁྲུལ་མེད་ཡིན།། སྨྲ་མཁས་རིག་པ་ཟབ་དང་མི་ཟབ་ཁྱད།། སྨྲ་བ་ཉུང་ཞིང་ཚིག་དོན་བསྡུས་པ་ལེགས།། མི་རྒྱུད་ཡ་རབས་མ་རབས་འབྱེད་དགོས་ན།། མི་དེའི་ཁྲེལ་གཞུང་ཅི་འདྲར་བརྟག་ན་ཤེས།། མི་ཡི་གྲལ་མགོར་སླེབས་དང་མི་སླེབས་ཁྱད།། མི་རིགས་མགོ་རྣ་ཡོད་མེད་དེ་ལ་རག། གཞན་གྱིས་བཟང་ངན་གླེང་གཞི་བཟོ་བ་དེ།། གཞན་གྱི་བསམ་སྦྱོར་བཟང་ངན་དག་ལས་བྱུང༌།། ཡུལ་མིས་རྩིས་ཐང་ཆེ་ཆུང་ཁྱད་པར་ནི།། ཡུལ་ལ་ཕན་པ་སྒྲུབ་མིན་དེ་ལས་བྱུང༌།། ཤེས་བྱ་མ་བསླབ་སུས་ཀྱང་མི་ཤེས་པས།། ཤེས་པར་འདོད་ན་སློབ་སྦྱོང་དག་ལ་རེམས།། མ་འབད་བྱ་བ་གང་ཡང་མི་འགྲུབ་པས།། མ་བསྐུལ་ན་ཡང་བརྩོན་འགྲུས་ཆེན་པོ་བསྐྱེད།། མ་བཤད་སུས་ཀྱང་གོ་བར་མི་འགྱུར་བས།། མ་ཡིས་བུ་བཞིན་ཤ་ཚའི་སྙིང་གཏམ་ཤོད། ། ཁ་བཟང་བཤད་ན་གཉེན་དུ་མི་འགྱུར་བས།། ཁ་ཞེ་གཉིས་མེད་ཚིག་རྟིང་དོན་གྱིས་སྒྲུབས།། ཁ་ཤོམས་ཆེ་བས་ཕྱི་དགྲ་བཏུལ་མི་ནུས།། ཁ་ཁོག་ཐབས་ལ་མཁས་ན་བཏུལ་ནུས་ཟེར།། རྒྱུ་ལ་སེར་སྣ་ཆེ་བས་ནོར་མི་སོག།། རྒྱུ་ནོར་ཕར་གཏོང་ཚུར་ལེན་ཤེས་ན་བཟང༌།། དོན་བྱ་ཨུ་ཚུགས་ཆེ་བས་སྒྲུབ་ནུས་མིན།། དོན་བཟང་ཐབས་ཀྱི་སྒོ་ནས་བསྒྲུབས་ན་འགྲུབ།། ངན་སེམས་ཁོང་ནས་སྤངས་པར་མི་ནུས་ཀྱང༌།། ངན་གཏམ་ངག་ནས་ཐོན་ན་ཀུན་ལ་འགྲས།། མཛའ་བའི་དུས་སུ་ནང་གཏམ་བཤད་

མ་མང༌།། མཛའ་བ་ཉམས་ན་རང་མགོ་རྡུང་བའི་མཚོན།། དགྲ་ལའང་ངན་སྨྲ་ཚོད་འཛིན་བྱས་ན་ལེགས།། དགྲ་ཡང་གཉེན་དུ་གྱུར་བ་མང་པོ་མཐོང༌།། མཁས་པ་ཡིན་ཀྱང་ཁེངས་སྐྱུང་བྱས་ན་ལེགས།། མཁས་རློམ་ང་རྒྱལ་ཆེ་ན་སྙན་གྲགས་ཉམས།། རང་ཉིད་གོ་ས་མཐོ་ན་དམན་ལ་བྱམས།། རང་ཆེ་དྲེགས་པས་གཞན་གྱི་དད་གུས་ལྡོག། འབྱོར་བ་ཆེ་ན་དབུལ་བོར་བྱམས་སྐྱོང་དགོས།། འབྱོར་བའི་མཐའ་མ་མི་རྟག་དབུལ་ན་འགྱོད།། གཡོག་ལ་བྱམས་ན་དཔོན་གྱི་ཡོན་ཏན་ཡིན།། གཡོག་འབངས་སྐྱིད་སྡུག་མི་ཤེས་དཔོན་གྱི་མཚང༌།། བཙན་པོ་ཡིན་ཀྱང་རང་ཚོད་ཟིན་ན་ལེགས།། བཙན་ཐབས་བཀོད་ནས་རང་སྲོག་དོར་བ་ཡོད།། ཡོན་ཏན་མེད་པའི་གྲལ་མགོ་འཛིན་པ་ལས།། ཡོན་ཏན་ཅན་གྱི་གྲལ་མཇུག་བསྡད་ན་མཛེས།། ངན་པའི་དཔོན་ལ་རེ་ལྟོས་འཆའ་བ་ལས།། ངན་མེད་བཟང་པོའི་གཡོག་ལ་རེ་ན་ཕན།། རྒྱལ་ཁྲིམས་གསེར་གྱི་ཐིག་ཤིང་གཅོག་མི་རུང༌།། རྒྱལ་ལ་འགལ་ན་ལུས་སྲོག་ཚོངས་སྤྱོད་འཆོར།། ཡུལ་དཔོན་བཟང་པོ་བཀུར་ཞིང་ཐུགས་མི་དཀྲུགས།། ཡུལ་སྡེ་མགོ་འདྲེན་མེད་ན་སྡེ་འཁྱམས་འདྲ།། རང་སྡེའི་བཅའ་ཁྲིམས་གཏོར་བཤིག་བྱེད་མི་རུང༌།། རང་ཉིད་ཟུར་དུ་བུད་ན་གྲོགས་མི་རྙེད།། རྫུན་དང་ཚིག་རྩུབ་གཏམ་ལ་འཛེམས་ཤེས་བྱ།། རྫུན་ཅན་མི་ལ་གཞན་གྱིས་བློ་མི་གཏད།། ཕན་ཐོགས་གང་ནས་བྱུང་བའི་དྲིན་མ་བརྗེད།། ཕན་ཚུན་མཐུན་པ་འཇིག་རྟེན་མཛེས་པའི་རྒྱན།། འབྱུང་བ་མེ་དང་ཆུ་ལ་ཕོད་མ་བཙོང༌།། འབྱུང་འདུས་ཕུང་བོའི་རྟེན་བཟང་འདོར་ཉེན་ཡོད།། བློ་སྣ་མང་ན་བྱ་བ་འགྲུབ་མི་སྲིད།། བློ་རྩེ་གཅིག་གིས་དོན་ཆེན་གྲུབ་པ་མང༌།། སྤྱོད་ངན་མི་ལ་མཛའ་བ་སྤང་ན་བཟང༌།། སྤྱོད་ལོག་འགོ་བའི་ནད་བཞིན་ཀུན་གྱིས་བརྙས།། མ་རབས་བྱ་བ་མང་ན་ཀུན་གྱི་དགྲ།། མ་དང་ཕ་ཡང་ཐུགས་ཁྲེལ་འབྱུང་བས་འཛེམས།། འགྲོ་འདུག་མང་ན་རྐྱེན་ངན་འབྱུང་བའི་རྒྱུ།། འགྲོ་བ་གང་ལ་དོན་མེད་བྱ་བ་བཤོལ།། མི་ནུས་པ་ལ་དཀའ་བའི་ལས་མ་བཅོལ།། མི་ཕན་མ་ཟད་གནོད་པར་གྱུར་ན་ཉེས།། དོན་ཆུང་ལས་ལ་འབད་པ་ཆེར་མ་བྱེད།། དོན་ལས་དཀའ་ཚེགས་ཆེ་ན་ཆུད་ཟོས་ཡིན།། རྒྱུས་ཡོད་མིན་ན་ནང་གཏམ་བཤད་མི་འོས།། རྒྱུས་མེད་མི་ཡིས་བསླུས་པ་མང་པོ་མཐོང༌།། རྩོད་གཞི་ཡོད་པའི་རྒྱུ་ནོར་ཡོད་མི་རུང༌།། རྩོད་འཁྲུག་བྱུང་ན་འདུན་པའི་ནུས་པ་དཀའ།། མ་བརྟག་བྱ་བ་མྱུར་དུ་ཐག་མ་གཅོད།། མ་འོངས་པ་ན་ནོར་འཁྲུལ་བཅོས་ཐབས་དཀའ།། མ་འདྲིས་ཟས་གོས་གང་བྱུང་སྤྱོད་མི་རུང༌།། མ་ཤེས་ནད་དང་རྐྱེན་ངན་བྱུང་བ་མང༌།། ནད་ཡམས་ཆེ་སར་འགྲིམས་འགྲུལ་བྱེད་མ་མང༌།། ནད་མེད་མི་ཡང་གློ་བུར་འདས་པ་མཐོང༌།། ཞེ་སྡང་ཕྲག་དོག་ཅན་ལ་དབང་མ་གཏད།། ཞེ་ངན་སྙིང་ལ་ཉལ་བས་བཟང་མི་བྱེད།། རྩྭ་དང་ཆུ་ཡི་དོན་ལ་མི་མ་གསོད།། རྩྭ་མི་ཤིང་མི་ཟེར་ནས་ཤི་མི་རུང༌།། དོན་ཆུང་ ཕྱུགས་ཀྱི་ཁ་ཟས་ཙམ་བརྩད་ནས།། དོན་ཆེན་ལུས་སྲོག་གཏོང་བ་བླུན་པོའི་ལུགས།། དབང་ཡོད་སྙམ་ནས་ཕྱོགས་འཛིན་ཆེར་མ་བྱེད།། དབང་མེད་འབངས་ཀྱིས་ཁྲེལ་ན་རང་ཕུང་རྒྱུ།། ཕྱོགས་རིས་ཆེ་བ་ ཆོས་པས་སྤང་བྱ་ཡིན།། ཕྱོགས་འཛིན་ངོ་བོ་འདོད་ཆགས་ཞེ་སྡང་རེད།། གྲུབ་མཐའི་ཕྱོགས་འཛིན་བསྟན་དོན་ཡིན་འདོད་ཀྱང༌།། གྲུབ་པ་མིན་པ་ཉོན་མོངས་ཆེ་བས་གསལ།། མཁས་པ་ཡིན་ཟེར་ཆགས་སྡང་ཆེ་དྲགས་ན།། མཁས་མིན་བླུན་པོའི་ཁྱད་པར་གང་གིས་འབྱེད།། མཁས་གྲུབ་ཚད་ལྡན་ཡིན་ན་རང་རྒྱུད་ཐུལ།། མཁས་པ་ཉོན་མོངས་ཆེ་བ་ཆེས་མི་ལེགས།། གཞན་གྱིས་བཀུར་བསྟི་བྱེད་ཚེ་བྱམས་སྙིང་སྒོམས།། གཞན་ལ་མཐོང་ཆུང་བྱས་ན་མཐའ་མི་ལེགས།། གཞན་དོན་བྱེད་ནུས་སྐྱེས་བུ་ཡིན་མིན་ནི།། གཞན་ཕན་ཕྱོགས་མེད་ལྷག་བསམ་ཡོད་མེད་རག ། བསམ་ངན་དམར་སེར་གོས་གྱིས་བཏུམ་མི་ནུས།། བསམ་ཡོད་རིགས་པས་དཔྱད་ན་ཤེས་པར་སླ།། གཞན་ལ་སྡང་བའི་བློ་ངན་ཤོམས་མི་རུང༌།། གཞན་གྱིས་ཤེས་ཚེ་ཁྲེལ་རྒོད་འབྱུང་བའི་རྒྱུ།། རང་དོན་གཅིག་པུ་གྲུབ་འདོད་ཧམ་སེམས་དེས།། རང་གཞན་འདི་ཕྱིའི་འདུན་མ་བརླག་པར་བྱེད།། མི་མཆོག་རྒྱལ་བའི་བསྟན་དོན་ཡིན་ཁུལ་གྱིས།། མི་ཡི་སྙིང་ལ་ཕོག་པའི་གཏམ་མ་བཤད།། མི་ལ་མ་བརྟེན་ལུགས་གཉིས་སྒྲུབ་ཚུལ་མེད།། མི་རྣམས་མཐུན་ན་མི་འགྲུབ་ག་ལ་ཡོད།། ཚིག་ཙམ་མཛེས་པའི་བསྟན་བཅོས་དགོས་པ་བྲལ།། ཚིག་དོན་མཐུན་མིན་བལྟས་པ་ཙམ་གྱིས་ཤེས།། ཚིག་མང་སྨྲ་བའི་རྩོམ་པ་ལེགས་ན་ཡང༌།། ཚིག་གི་སྟེང་ནས་རྩོམ་མཁན་ཀུན་སློང་ཤེས།། དོན་ལ་མཁས་ན་རང་རྒྱུད་ཞི་ཞིང་དུལ།། དོན་ལྡན་ཡིན་མིན་མཐོང་བ་ཙམ་གྱིས་གསལ།། དོན་བཟང་བསླབ་བྱ་བློ་ལྡན་ཀུན་གྱིས་གཉེར།། དོན་མེད་ཚིག་ལ་ཡིད་རྟོན་སུ་ཡིས་བྱ།། ངོ་མཚར་གཏམ་བཟང་དཔྱིད་ཀྱི་དབྱངས་སྙན་ཅན།། ལྷག་བསམ་དྲི་བཟང་འཐུལ་བའི་ནགས་ཚལ་ནས།། རིག་པ་འཕེལ་བའི་འཕུར་ལྡིང་གཡོ་བ་ཡིས།། བློ་ལྡན་གཞོན་ནུ་དགྱེས་པའི་དགའ་སྟོན་སྤེལ།། གངས་ཅན་ལྗོངས་ན་ལྔ་རིག་འཕེལ་བའི་གཏམ།། མུ་ཏིག་དོ་ཤལ་གསར་བའི་འཛུམ་དཀར་ཅན།། རྫོགས་ལྡན་འཇོ་སྒེག་ངོམ་པའི་རོལ་རྩེད་ཀྱིས།། ཕྱོགས་ཀྱི་བུ་མོ་མཛེས་པའི་རྒྱན་གྲུབ་རྨད།། བསམ་པ་དགེ་བའི་ཟླ་སྣང་དཀར་པོའི་འཛུམ།། བརྗོད་དོན་ལེགས་པའི་རྒྱུ་སྐར་ཚོམ་བུ་དང༌།། ལྷན་ཅིག་རྒྱ་ཆེན་རིག་པའི་སྣང་བ་བཅས།། བློ་ལྡན་དྭངསས་པའི་མཚོ་ལ་ཅི་ཡང་ཤར།། ཅེས་པའོ།།

·རྩོམ་ཡིག་གོང་མ:ཡང་ལུག་ཕྲུག་གཅིག་བརྫི་ཤོར་སོང༌།
·རྩོམ་ཡིག་འོག་མ:སྐྱེལ་མ །
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·དིང་རི་བརྒྱ་རྩ་བཞུགས་སོ།། 2014/1/5 13:10:55
·སྤྲུལ་སྐུ་དག་ལ་གནང་བའི་སློབ་གཉེར་བསླབ་བྱ། 2012/12/9 23:32:56
·རང་ལུས་མེ་བསྲེག་མ་གཏོང་རོགས། 2011/8/16 9:04:37
·ཆང་རག་མ་འཐུང་། ཆང་འཐུང་ན་ཉེས་པ་འདི་འདྲ་ཡོད། ། 2010/7/27 19:06:29
·བསླབ་བྱ་ཉུང་བསྡུས་བཞུགས། 2010/6/11 8:35:31
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 21:17:37 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 22:16:10 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 22:00:40 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 58 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།42.97MS