ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

གཞས་ཚིག བཙན་པོའི་མི་རྒྱུད།

རྩོམ་པ་པོ:ཚིག དཀའ་ཐུབ་རྒྱལ།ཡོང་ཁུངས:དྲ་ཐོགགཟིགས་གྲངས:1629ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/7/26 19:22:09ཚོགས་ཡར་སྤྲོད:admin
བཙན་པོའི་མི་རྒྱུད།

ཚིག   དཀའ་ཐུབ་རྒྱལ།

གངས་ཐང་གི་ཞབས་རྗེས་རེ་ལ་ལོ་རྒྱུས་ཀྱི་བདེན་པ་དཔར་ཡོད།
གླེགས་བམ་གྱི་ཉིན་སྲིབ་རེ་ལ་ཤེས་རིག་གི་འོད་སྣང་སིམ་ཡོད།
ཡར་ཀླུང་གི་གཙང་ཆབ།   སྙིང་དམར་པོའི་ཁྲག་ལ་འདྲེས་ཡོད།
ཀ་ཁ་ཡི་ང་རོ།     ངག་དྲོན་མོའི་དབྱངས་ལ་ཐིམ་ཡོད།
ང་ཡི་སྤུན་ཟླ་ལགས།    ཁྱོད་བཙན་པོའི་མི་རྒྱུད་ཡིན།
འཆི་ན་གཞན་ལ་མི་འབྲོས།    གངས་སེང་དཀར་མོའི་རྒྱུད་པ་ཡིན།
སྐོམ་ན་ཡུར་ཆུ་མི་འཐུང༌།    ཁ་དཀར་རྐྱང་གི་རྒྱུད་པ་ཡིན།
བཙན་པོའི་མི་རྒྱུད་ལགས།    ཁྱོད་ང་ཡི་སྤུན་ཟླ་ཡིན།

དམར་སྨུག་གི་ངོ་གདོང་རེ་ལ་རིགས་ཞེན་གྱི་དཔང་རྟགས་བཀོད་ཡོད།
ཡ་ཆུང་གི་ཐེམ་སྐས་རེ་ན་བྱང་སེམས་ཀྱི་བདུད་རྩི་འཁྱིལ་ཡོད།
གཞན་ཕན་གྱི་བརྩེ་བ།    མིག་ཁྲ་མོའི་ནང་ལ་འཁོར་ཡོད།
མཐུན་སྒྲིལ་གྱི་མེ་ཏོག     སེམས་དཀར་པོའི་གདངས་ལ་བསྟར་ཡོད།
ང་ཡི་སྤུན་ཟླ་ལགས།    ཁྱོད་བཙན་པོའི་མི་རྒྱུད་ཡིན།
ལྟོགས་ན་རང་ཤ་མི་ཟ།    བྲེ་སེ་འབྲོང་གི་རྒྱུད་པ་ཡིན།
འཇིགས་ན་མགོ་བོ་མི་སྒུར།    བཙན་པོ་མི་ཡི་རྒྱུད་པ་ཡིན།
བཙན་པོའི་མི་རྒྱུད་ལགས།    ཁྱོད་ང་ཡི་སྤུན་ཟླ་ཡིན།

·རྩོམ་ཡིག་གོང་མ:སྐྱེལ་མ །
·རྩོམ་ཡིག་འོག་མ:ཚངས་མགུར་གྱི་སྙན་ངག་གི་མཛེས་པ་གླེང་བ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 22:30:01 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 23:37:01 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 0:00:50 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS