ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
རྩོམ་ཡིག་ཀློག་པ།

གླུ་ཚིག་རེད་དམ་འདོན་པ་རེད།

རྩོམ་པ་པོ:བཞག་སྲས།ཡོང་ཁུངས:སེང་རྡོར་དྲ་བ།གཟིགས་གྲངས:2022ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/8/1 22:51:15ཚོགས་ཡར་སྤྲོད:admin

གླུ་ཚིག་རེད་དམ་འདོན་པ་རེད།

བཞག་སྲས།

གླུ་དཔྱད་འདི་སེང་རྡོར་དྲ་བ་ལས་དྲངས།

སྐྱེས་གཟུགས་མཛེས་པས་གར་སྟབས་བྱེད་པ་མིག་ལ་མཚོན་ན་དགའ་སྟོན་རེད།།
སྙན་འཇེབས་ངག་གིས་དབྱས་རྟ་འགུགས་པ་རྣ་ལ་མཚོན་ན་ཁུ་བྱུག་རེད།།
གླུ་བྲོ་སྒྱུ་རྩལ་ཁད་ཀྱིས་དར་བ་བོད་ལ་མཚོན་ན་རྟེན་འབྲེལ་རེད།།
འདོན་པ་གླུ་ཚིག་མཉམ་དུ་བསྲེས་པ་ང་ལ་མཚོན་ན་དགག་བྱ་རེད།།

འབྱོར་ལྡན་བླ་མའི་མཚན་གྱི་སྙན་པ་གང་ས་གང་དུ་སྒྲོག་འདོད་ནས།།
གཞན་མཚུངས་མིན་པའི་བསྟོད་གླུ་ཞིག་གིས་སྐྱེ་རྒུ་ཡིད་སེམས་འགུག་འདོད་ནས།།
ངོ་བོ་སངས་རྒྱས་གསོན་པོ་ཡིན་ཡང་རྣམ་པ་འགྲོ་ལ་སྣང་བ་སོགས།།
སྐྱེས་རབས་རྟོགས་བརྗོད་ཕྲེང་བ་འདྲ་ཞིག་གླུ་ཚིག་བྱས་ཏེ་གླུ་བས་ལེན།།

གླུ་བའི་མིག་ཟུང་བཙུམ་ཁུལ་བྱེད་རུང་བལྟ་ས་བླ་མའི་འབྱོར་བ་རེད།།
གླུ་བའི་ལག་ཟུང་ཐལ་སྦྱར་བཅོས་རུང་བཟེད་ས་བླ་མའི་སྒོར་མོ་རེད།།
བླ་མའི་ཡོན་ཏན་སྣ་མང་བརྗོད་རུང་ཤེས་རྒྱུ་ཡོད་པ་དཀོན་མོ་རེད།།
བླ་མའི་ཕྱག་ན་སྒོར་མོ་ཡོད་དུས་སངས་རྒྱས་ཟེར་ས་སླ་མོ་རེད།།

སྐྱེ་བ་ཡར་སྔོན་ཡར་སྔོན་ཞིག་ནས་ཡེ་སངས་རྒྱས་པར་ཟིན་པ་དང་།།
ད་དུས་གདུལ་བྱ་འགའ་ལ་དགོངས་ཏེ་མི་ཡི་གཟུགས་སུ་རྣམ་སྤྲུལ་བ།།
རྟོགས་པ་མཐོན་པོ་མཐོན་པོ་ཞིག་གི་ཉམས་ཀྱི་སྣང་བར་ཤར་འདྲ་ཞིག།
གླུ་ཚིག་ཉིད་དུ་བཙན་སྒྲིགས་བྱས་ཏེ་གླུ་བའི་མགྲིན་པ་སྒུལ་གྱིན་འདུག།

དེང་དུས་བོད་ན་གླུ་གར་སྒྱུ་རྩལ་ཉིན་བཞིན་འཕེལ་བས་དགའ་འོས་ཀྱང་།།
དེ་ཡི་ཁྲོད་ན་རིག་གནས་འདི་ལ་བཀག་རྡོ་མང་བས་སྐྱོ་ཡང་སྐྱོ།།
བླ་མ་གང་གི་ཁ་ཏོན་འདྲ་བའི་གླུ་ཚིག་མང་པོ་རྩོམ་གྱིན་འདུག།
སྐྱེས་ཆེན་དེ་ཡི་ཞབས་བརྟན་གསོལ་འདེབས་གླུ་ཚིག་བྱས་ནས་ལེན་གྱིན་འདུག།

ཆོས་སྐྱོང་རྒྱལ་པོར་བསང་དང་གསོལ་ཀ་གླུ་བས་གླུ་རུ་ལེན་ཆོག་ཅིང་།།
བློ་ལྡོག་རྣམ་བཞིའི་ལམ་གྱི་རིམ་པ་གླུ་བས་གླུ་རུ་ལེན་ཆོག་སྟེ།།
སྐྱེས་ཆེན་དམ་པར་ཞབས་རྟེན་གསོལ་འདེབས་གླུ་བས་གླུ་རུ་ལེན་ཆོག་པས།།
འུ་ཚོའི་གླུ་བ་ཁྲི་ཡི་སྟེང་ན་ཉམས་ཀྱིས་འགྱིང་བའི་བླ་མ་འདྲ།།

བལྟས་ཀྱིན་བལྟས་ཀྱིན་བོད་ཀྱི་གླུ་ཚིག་འདོན་པ་ཞིག་དང་འདྲ་འདུག་གོ།
ཉན་གྱིན་ཉན་གྱིན་བོད་ཀྱི་གླུ་བ་ཨ་མཆོད་དེ་དང་མཚུངས་འདུག་གོ།
བསམ་བཞིན་བསམ་བཞིན་སྲོལ་རྒྱུན་ཡོད་ཚད་ནང་ཆོས་དེ་ཡིས་བསླད་འདུག་གོ།
སོང་གིན་སོང་གིན་བོད་ཀྱི་རིག་གནས་འཐོར་ཞིག་འགྲོ་བའི་ཉེན་ཆེ་འོ།།

ནང་ཆོས་ཟེར་བ་བོད་ཙམ་མ་རེད་ག་ས་གང་དུ་དར་བཞིན་ཡོད།།
གླུ་གར་ཟེར་བའང་བོད་ཙམ་མ་རེད་འཛམ་གླིང་སྤྱི་ཡི་རིག་གནས་རེད།།
བོད་པ་རང་ལ་རང་རྐང་ཚུགས་པའི་གླུ་གར་རིག་གནས་ག་འདྲ་ཡོད།།
བོད་པ་རང་གི་ཁྱད་ཆོས་འཛོམས་པའི་ཟློས་གར་དག་མ་ཅི་ཙམ་ཡོད།།

སྙན་ངག་ཙམ་གྱིས་གླུ་ཚིག་མིན་ཚུལ་སྒོ་ཤེར་ལགས་ཀྱིས་གསལ་བོར་གསུངས།།
གླུ་ཚིག་ཟེར་བ་གང་འདྲ་དགོས་ཚུལ་སྨན་སྐྱབས་ལགས་ཀྱིས་ལེགས་པོར་བཀྲལ།།
བླ་མར་བསྟོད་པ་གླུ་ཚིག་རུང་མོད་བསྟོད་ལུགས་གཞན་ཞིག་ཡོད་ཚུལ་དང་།།
མི་རྟག་དྲན་གསོ་གླུ་ཚིག་ཆོག་ཀྱང་འགྲོ་སྟངས་གཞན་ཞིག་ཡོད་ཚུལ་བསྟན།།

རྡུང་ལེན་སྒྱུ་རྩལ་བོད་ནས་དར་ཞེས་སྐད་གདངས་མཐོན་པོར་བཀྱག་ཆོག་ན།།
བོད་པ་རང་གི་ཁྱད་ཆོས་ཅན་གྱི་རིག་གནས་སྣུམ་པོས་ཕྱུག་དགོས་པས།།
ར་མ་ལུག་གི་རྟུལ་ཞུགས་མ་སྐྱོང་གཙང་དག་རིག་པའི་ལམ་དུ་སྐྱོད།།
འདོན་པ་དང་ནི་གླུ་ཚིག་གཉིས་པོ་ནམ་ཡང་མ་ནོར་འབྱེད་ལ་གཅེས།།

དུས་རབས་གསར་བ་བག་མར་སླེབས་པས་ཀུན་གྱིས་བློ་གྲོས་བཞད་ན་ཡང་།།
བསམ་བློ་ཤེས་རིག་ཀུན་ན་རྒྱས་པས་ཞི་བདེ་ཡོངས་སུ་གླེང་ན་ཡང་།།
འཕེལ་རྒྱས་རྩ་བ་དོགས་སློང་ཡིན་པས་ཁོ་བོས་བོད་ཀྱི་གླུ་ཚིག་ལ།།
དཔྱད་པ་ཕྲན་ཙམ་ལོགས་ན་ཡོད་པས་ཁོམ་པ་ཡོད་ན་གཟིགས་མོར་ཕེབས།།

·རྩོམ་ཡིག་གོང་མ:གདོད་མའི་གླུ་ཚིག་སྲིད་པ་ཆགས་གླུ།
·རྩོམ་ཡིག་འོག་མ:དེང་གི་བོད་ཀྱི་ཤེས་ཡོན་པའི་སྐྱོན་མཚང་ཆེན་པོ་བཅུ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·བོད་གཞས་ལ་བཅངས་བའི་ལྷག་བསམ་དཀར་པོ། 2011/11/28 18:56:10
·བོད་ཀྱི་གླུ་གཞས་སྐོར་གྱི་སྐད་ཆ་ཐན་ཐུན། 2011/8/27 17:22:24
·གླུ་མ་ཚེ་སྐྱིད་ཀྱིས་བྱིན་པའི་སེམས་ཚོར། 2011/8/1 22:35:21
·ད་ཐེངས་ཀྱི་བོད་ཀྱི་གླུ་དབྱངས་འགྲན་ཚོགས། 2011/2/7 12:36:48
·སི་ཁྲོན་ནས་གཉེར་བའི་བོད་ཀྱི་གླུ་དབྱངས་འགྲན་ཚོཊ་སྐོར། 2011/2/6 13:30:13
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 1:38:15 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 3:09:45 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 5:02:50 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 70 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS