ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

འཇུ་སྐལ་བཟང་གི་དགེ་རྒན་དུས་ཆེན་གྱི་ལེགས་སྐྱེས།

རྩོམ་པ་པོ:འཇུ་སྐལ་བཟང༌།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2034ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/9/9 20:18:12ཚོགས་ཡར་སྤྲོད:admin
དགེ་རྒན་དུས་ཆེན་གྱི་ལེགས་སྐྱེས།
བོད་རིགས་ན་གཞོན་དགེ་རྒན་ཞིག་ལ་ཕུལ་བ།

འཇུ་སྐལ་བཟང༌།
སྲིད་ན་ངོ་མཚར་གྱིས་ཆེ་བ། །
ཡངས་པའི་ས་ཆེན་འདི་ལགས་ཀྱང༌། །
མི་རྣམས་རང་མཐོང་གིས་དྲེགས་པས། །
སྙིང་ལ་རྐང་བྲོ་ཡིས་རྡུང་ཞིང༌། །
ཡུན་ཐུང་སྐད་ཅིག་གི་མཛེས་ཆོས། །
ལྡུམ་རའི་ཧ་ལོ་ཡི་མེ་ཏོག །
དེ་ལ་མཛེས་ཞེན་ཞིག་སྐྱེས་ཏེ། །
སྤྱི་བོའི་གཙུག་རྒྱན་དུ་འདོགས་པ། །
འདི་ལས་ངེས་ཤེས་ཤིག་འདྲོངས་ཏེ། །
ཆེ་བ་བློས་གཏོང་ཞིག་གལ་ཆེ། །
མིན་ན་ཟིན་མེད་ཀྱི་ལས་འདིས། །
སྐུ་ལ་ངལ་དུབ་ཀྱིས་ནོན་འོང༌། །
དྲིན་བྱས་ལན་གཟོ་ཞིག་ཡོད་ན། །
དྲུག་ཅུའི་ཕ་མ་དེར་འབབ་ཀྱང༌། །
ཕལ་ཆེར་རང་གཅེས་འདིར་གོམས་པས། །
མ་ཉེས་སྒོ་འདོན་ལ་རེམ་ཞིང༌། །
བཟང་བྱས་ཏིལ་འབྲུ་ཡི་ཟླ་བོ། །
ཀླད་མེད་མདང་སྐྱེས་ཀྱི་བུ་ཆུང༌། །
ཀུན་ལ་མཚར་ཞེན་ཞིག་སྐྱེས་ཏེ། །
གཅེས་པའི་འོ་ཞིམ་གྱིས་འཁྱུད་པ། །
འདི་ལས་ངེས་ཤེས་ཤིག་འདྲོངས་ཏེ། །
བཟང་ལན་བློས་གཏོང་ཞིག་གལ་ཆེ། །
མིན་ན་རྫོགས་མེད་ཀྱི་གཏམ་འདིས། །
ལྗགས་ལ་ངལ་བ་ཞིག་སྐྱེད་འོང༌། །
མཛད་པའི་ཆེ་འདོན་ཞིག་དགོས་ན། །
སྦས་པའི་དཔའ་བོ་དེར་འབབ་ཀྱང༌། །
འགའ་ཞིག་རང་མངོན་ལ་དགའ་བས། །
མོག་པོའི་སེང་རས་ཀྱིས་བསྒྲིབས་ཤིང༌། །
ཕར་བཤད་ཚུར་སྐྱོར་གྱི་མཁན་པོ། །
རྒྱ་གསོས་ནེ་ཙོ་ཡི་ལྕེ་ལ། །
ཐམས་ཅད་མཚར་སྣང་ཞིག་སྐྱེས་ཏེ། །
སྲང་མདོའི་གླུ་སྙན་དུ་བྱེད་པ། །
འདི་ལས་ངེས་ཤེས་ཤིག་འདྲོངས་ཏེ། །
གྲགས་པ་བློས་གཏོང་ཞིག་གལ་ཆེ། །
མིན་ན་འཛད་མེད་ཀྱི་བྱ་འདིས། །
ཐུགས་ལ་སྐྱོ་ངལ་ཞིག་འཁྲུང་འོང༌། །

·རྩོམ་ཡིག་གོང་མ:ས་དམར་གྲཊ་པས་དགེ་རྒན་དུས་ཆེན་ལ་བྲིས་པའི་སྙན་ངག
·རྩོམ་ཡིག་འོག་མ:གཞས་ཚིག ཨ་མ་དྲན་པའི་མིག་ཆུ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གླིང་གི་དཔའ་རྟུལ་ཆེ་རྒུའི་རྟོགས་བརྗོད། 2010/11/8 18:05:45
·ས་དམར་གྲཊ་པས་དགེ་རྒན་དུས་ཆེན་ལ་བྲིས་པའི་སྙན་ངག 2010/9/9 20:12:21
·ཚངས་དབྱངས་རྒྱ་མཚོ། 2010/9/8 16:14:53
·ལྷམ་ཀོག་གི་སྙན་ངག་རིང་མོ། རྨི་ལམ་རིང་བའི་གྲྭ་བ 2010/8/10 23:09:24
·ཆར་གདུགས་འོག་གི་ཞེ་འདང་། 2010/8/5 18:09:34
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 9:12:19 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:20:03 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 18:20:49 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 48 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS