ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
རྩོམ་ཡིག་ཀློག་པ།

ངལ་རྩོལ་མང་ཚོགས་དང་རྩོམ་རིག་གི་འབྲེལ་འདྲིས།

རྩོམ་པ་པོ:རྩེ་སྐར།ཡོང་ཁུངས:དྲ་ཐོགགཟིགས་གྲངས:1812ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/9/14 14:06:17ཚོགས་ཡར་སྤྲོད:admin
ངལ་རྩོལ་མང་ཚོགས་དང་རྩོམ་རིག་གི་འབྲེལ་འདྲིས།
རྩེ་སྐར།

མི་རིགས་གང་ཞིག་གི་རྩོམ་རིག་གིས་མི་རིགས་དེའི་ངག་སྦྱོར་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་ཟབ་མཚོན་བྱས་ཏེ། ངལ་རྩོལ་མང་ཚོགས་ཀྱི་རེ་འདོད་སྐོང་ཐུབ་པ་དགོས་ཞེས་མི་རིགས་ཁག་གི་རྩོམ་པ་པོ་མང་པོ་ཞིག་གིས་གནའ་ནས་ད་ལྟའི་བར་དུས་རྒྱུན་གླེང་དང་གླེང་གིན་ཡོད་ལ། ང་ཚོ་བོད་མི་རིགས་ཀྱི་རྩོམ་པ་པོ་མང་པོ་ཞིག་གིས་ཀྱང་ཚུལ་དེ་བཞིན་གླེང་མྱོང་ཡོད་པ་ཤེས་གསལ་རེད། དེས་ན་ང་ཚོ་བོད་མི་རིགས་ཀྱི་རྩོམ་རིག་ནི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ནང་ནས་སྐྱེ་སྟོབས་འཕེལ་ཞིང༌། དུས་རབས་དང་སྤྱི་ཚོགས་ངེས་ཅན་ཞིག་གི་ནང་འགྱུར་ལྡོག་སྣ་ཚོགས་བྱུང་སྟེ། རིམ་པས་རྩོམ་པ་པོ་དང་མཁས་པ་རྣམས་ལ་དབང་བའི་དེང་གི་སྐབས་རབས་འདིར།  ང་ཚོའི་རྩོམ་རིག་གིས་ངལ་རྩོལ་མང་ཚོགས་ཀྱི་འཚོ་བ་ཟབ་མཚོན་བྱས་ཏེ། མི་དམངས་ལ་སྐུལ་སློང༌དང་། མི་དམངས་ལ་སློབ་གསོ། མི་དམངས་ལ་མཐུན་སྒྲིལ་བཅས་ཀྱི་ཤུགས་སྣོན་རྒྱག་པའི་འོས་འགན་དེ་སྒྲུབ་ཐུབ་ཀྱི་ཡོད་མེད་ལ་ང་ཚོས་བརྟག་དཔྱད་དང་བསམ་གཞིགས་ངེས་པར་དུ་གཏོང་དགོས་པ་གནད་འགག་ཅིག་ཏུ་གྱུར་ཡོད།
སྤྱིར་མི་རིགས་གཞན་ལ་བལྟས་ནའང་བོད་མི་རིགས་འདི་ཁྱད་མཚར་གྱི་དམངས་ཁྲོད་རྩོམ་རིག་གིས་ཕྱུག་པའི་མི་རིགས་ཤིག་ཡིན་ལ། གནའ་སྔ་མོ་ཞིག་ནས་མི་རིགས་འདིའི་བློ་སྤོབས་དང༌། རིག་སྟོབས། འབད་འབུངས་བཅས་ཀྱི་མཐུ་ནུས་ཀྱིས་རྒན་མགོ་དཀར་ཚོ་གར་འགྲོ་གར་འདུག་གི་ས་ན་མི་རིགས་འདིའི་ཚེ་སྲོག་ལྟ་བུའི་རྩོམ་རིག་གི་༼གནའ་སྒྲུང་དང་བཤད་པ་སྣ་ཚོགས་༽ཁ་བརྡ་སྣ་ཚོགས་གླེང་རྒྱུ་ཡོད་ལ། ཐ་ན་ཆུང་བྱིས་པ་བསམ་མེད་ཚོ་ཚོགས་ས་དང༌། རྩེད་ས། ཉལ་ས་༼རྩེད་མོ་སྣ་ཚོགས་དང༌། གཏམ་རྒྱུད་ཁེད་སོགས་༽ནའང་ང་ཚོའི་མི་རིགས་འདིའི་མཛེས་རྒྱན་ལྟ་བུའི་རྩོམ་རིག་གི་རྩེད་མཚར་སྣ་ཚོགས་ལ་རོལ་སྲོལ་ཡོད་པས། དོན་དངོས་སུ་བཤད་ན་གནའ་བོའི་དུས་དེར་བོད་མི་ཞིག་ཡིན་ཕྱིན་དམངས་ཁྲོད་རྩོམ་རིག་གི་ངག་ཐོག་རྩོམ་པ་པོ་དང་རང་སྟོབས་ཀྱི་སྒྱུ་རྩལ་པ་ཞིག་ཡིན་ཞེས་བརྗོད་ན་མི་ཆོག་པ་ཆེར་མེད། དུས་དེར་ཞིང་འབྲོག་ངལ་རྩོལ་མང་ཚོགས་ཁྲོད་རྩོལ་མེད་དུ་རིག་གནས་སྒྱུ་རྩལ་སྣ་ཚོགས་རང་བཞིན་གྱིས་དར་ཁྱབ་བྱུང་ཞིང་། རྩོམ་རིག་སྒྱུ་རྩལ་གང་མང་ཞིག་རང་རྒྱུད་ལ་རྒྱུན་འབྱམས་ཀྱིས་གྱེར་འདོན་དང༌། གཏམ་གླེང་བྱེད་ཐུབ་པའི་མཁྱེན་དཔྱོད་མི་དམན་པ་ལྡན་ཡོད།
དེ་ནི་གཞན་མ་ཡིན་ཏེ། སྐབས་ཐོག་དེར་མི་རིགས་འདི་རང་རྐྱ་འཕེར་བའི་མི་རིགས་ཁེར་ཆད་ཅིག་སྟེ། དེ་དུས་མ་ཡིན་ཡིན་མདོག་གིས་མི་རིགས་འདིར་གསར་གཏོད་བཅིངས་གྲོལ་གཏོང་མཁན་མེད་ལ། མི་བྱམས་བྱམས་མདོག་གིས་མི་རིགས་འདིར་བཅོས་བསྒྱུར་བྱེད་མཁན་སུ་ཡང་མེད་སྟབས། སྐབས་དེར་མི་རིགས་འདིའི་ཕ་གཞིས་ཀྱི་ཕ་སྐད་གཙང་མ་ཡིན་ལ། མི་རིགས་འདིའི་ཕ་ཁྱིམ་ན་གནས་པའི་ཤེས་རིག་གི་རྔམས་ཁ་ཧ་ཅང་མཐུག་ཅིང་། གོ་ལའི་ཡང་རྩེ་ན་མི་རིགས་འདིའི་རི་ར་བ་ཁང་ཁྱིམ་སོགས་གནས་གཞིས་དྲོན་མོ་རིག་གནས་སྒྱུ་རྩལ་གྱི་བང་མཛོད་ཀྱིས་གཏམས་ཡོད་པས་རེད།
དེང་གི་སྐབས་ཏེ། ང་ཚོའི་མི་རིགས་འདི་སྔོན་ཆད་ལས་བཅིངས་གྲོལ་བཏང་ཞིང༌། ང་ཚོའི་སྤྱི་ཚོགས་འདི་རྒུད་སྐྱོབ་དང་བཅོས་བསྒྱུར་སྒོ་འབྱེད་ཀྱིས་ཚན་རྩལ་རིག་གནས་ལག་བསྟར་གྱིས་སྔོན་ཐོན་ཅན་གྱི་ལམ་དུ་བསྐྱོད་མགོ་ཚུགས་ཏེ། དེང་བོད་མི་རིགས་ཀྱི་རིག་གནས་དང་འཚོ་བའི་དཔལ་འབྱོར་བཅས་ལ་སྔར་ལས་གནམ་ས་ལྟ་བུའི་འགྱུར་ལྡོག་བྱུང་དང་འབྱུང་གིན་ཡོད་ཟེར་བའི་ཁ་གཡང་ཉིན་རེ་ཉིན་ནས་ཉིན་རེར་སྒྲོགས་ཀྱིན་ཡོད་པ་ནི་ཕྱོགས་ཆའི་བཤད་ཡམས་ཙམ་ཞིག་རེད། དེང་འཛམ་གླིང་ཧྲིལ་པོའི་སྤྱི་ཚོགས་ཡོངས་ལ་དུས་རབས་ཀྱི་ཁ་ཕྱོགས་དང་བསྟུན་འཕོ་འགྱུར་གྱི་རྣམ་པ་བྱུང་དང་འབྱུང་གིན་པ་དེ་བཞིན་ང་ཚོ་བོད་མི་རིགས་ལའང་འཚོ་བའི་གནས་བཟོད་བདེ་པོ་ཞིག་དང་མཁོ་ཆས་གསར་པ་རེ་དུས་དང་བསྟུན་ཏེ་སྟེས་དབང་གིས་བྱུང་དང་འབྱུང་བ་ནི་འཕེལ་རྒྱས་ཀྱི་རྟགས་སུ་རྩིས་ཆོག་མོད། འོན་ཀྱང་ང་ཚོ་བོད་མི་རིགས་ལའང་སྔར་ལས་བདེ་སྐྱིད་ཀྱི་ཉི་མ་ཤར་ཡོད་ཟེར་ནས། དེང་གི་མི་རབས་གསར་པ་རྣམས་ལྟ་ཅི་ཐ་ན་ལོ་རྒན་རྒས་འཁོགས་ཚོས་ཀྱང་དེང་རབས་ཀྱི་ལྟ་བ་དང༌། དེང་རབས་ཀྱི་ལུགས་སྲོལ། དེང་རབས་ཀྱི་སྤྱི་ཚོགས་ལ་འགྲམ་ཆུ་ལྡང་བ་ལས་བོད་གནའ་བོའི་འཚོ་བ་རོལ་སྟངས་ལས། གནའ་བོའི་གོམས་སྲོལ་བཟང་པོ་དང༌། གནའ་བོའི་རིག་གནས་ཕུལ་བྱུང་སོགས་ལ་མིག་མ་གཡེང་ལག་མ་རེག་པར་སྣང་མེད་དུ་བསྐྱུར་ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་མང་པོ་ཞིག་ཉམས་ཉེས་སུ་འགྲོ་དང་འགྲོ་བཞིན་པའི་སྣང་ཚུལ་ལ་བསམ་བློ་འཁོར་ཐུབ་ཀྱི་མེད་པ་ནི་མི་རིགས་འདིའི་ཚབས་ཆེའི་འཇིགས་ཉེན་གྱི་གནས་ཚུལ་ཛ་དྲག་ཅིག་རེད་སྙམ། ཞིབ་ཏུ་བསམ་ན་དེང་གི་སྐབས་འདིར་བོད་ཀྱི་འཚོ་བ་དང་འབྲེལ་བའི་གནའ་བོའི་རིག་གནས་གོམས་སྲོལ་བཟང་པོ་རྣམས་ལྟ་ཅི།  ཐ་ན་མི་རིགས་འདིའི་ངག་སྒོ་ན་འཁྱིལ་བའི་དམངས་ཁྲོད་རྩོམ་རིག་ནི་གོ་མེད་ཚོར་གྱི་གནས་སུ་གྱུར་ཉེན་འདུག
དེ་ལ་དམངས་ཁྲོད་ཀྱི་རྩོམ་རིག་བག་ལ་ཞ་བཞིན་པའི་དེང་འདིར་ང་ཚོར་རྩོམ་འབྲིའི་ལས་ལ་གཞོལ་ཞིང་རྩོམ་རིག་གི་ཞིང་སར་འགྲིམ་མཁན་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་ལྟར་མང་ནས་མང་དུ་འཕེལ་བཞིན་ཡོད་ནའང་། ད་ལྟའི་ང་ཚོས་འབྲི་བཞིན་པ་དང་གྱེར་བཞིན་པའི་རྩོམ་རིག་དག་ལ་དམངས་ཁྲོད་རྩོམ་རིག་གི་རིན་ཐང་ཅི་ཡང་མི་མངའ་བར། ཕྱོགས་ངོས་མང་པོ་ཞིག་ནས་ངལ་རྩོལ་མང་ཚོགས་ཀྱི་འཚོ་བའི་ནང་རྒྱུན་ཁྱབ་ཤེས་རྟོགས་དང་དང་ལེན་བྱེད་པའི་གོ་སྐབས་བྲལ་ཞིང༌། མི་དམངས་མང་ཚོགས་ཀྱི་རེ་འདོད་སྐོང་མི་ཐུབ་པའི་གནས་སུ་གྱུར་ཡོད་པར་སྣང༌། དེ་ཡང་ཁོ་བོའི་རྨོངས་བློའི་འཆར་སྣང་ཞིག་ལ་དེང་གི་དུས་འདིར་བོད་ཀྱི་རྩོམ་རིག་དང་ངལ་རྩོལ་མང་ཚོགས་ཁ་ཐག་རིང་དུ་གྱེས་ཏེ་བར་དུ་འགལ་འདུའི་ཕུང་བོ་ཞིག་ཆགས་པ་དང༌། ད་ལྟའི་རྩོམ་རིག་མང་དག་ཅིག་ལ་རྒྱ་ཆེའི་མང་ཚོགས་ཀྱི་འདོད་དོན་སྐོང་བའི་གསོན་ཉམས་དང་བྲལ་ཞིང༌། རྩོམ་པ་པོའི་སྤྱི་ཚོགས་ཁོ་ན་ལས་ཁོངས་རྒྱ་བསྐྱེད་མ་ནུས་པར་བར་མཚམས་ཤིག་ན་རིན་ཐང་ཅི་ཡང་མེད་པར་ལྷག་ཡོད་པར་མངོན། དེ་ནི་ཞིབ་ཏུ་གཞིགས་ན་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་འཕེལ་རྒྱས་གྱི་བརྒྱུད་རིམ་ནང་། རྩོམ་པ་པོ་དག་གི་གསར་གཏོད་རང་བཞིན་གྱི་བསམ་བློའི་རྟོག་འཆར་ལས་བྱུང་བའི་གནད་འགག་གཙོ་བོ་འགའ་ལ་ཐུག་ཡོད་པར་སྙམ།
གཅིག༽སྤྱི་ཚོགས་དང་འབྲེལ་རྩོམ་རིག་གི་འཕེལ་རིམ་ཁྲོད་རྩོམ་པ་པོ་རྣམས་ཀྱིས་རང་ཉིད་གྲགས་འདོད་ཀྱི་ཁེ་མིང་བསམ་ནས་རྩོམ་ཡིག་གི་གཟབ་རྒྱན་མཛེས་ཆོས་གཙོ་བོར་བཟུང་སྟེ། མངོན་བརྗོད་དང་རྒྱན་ཚིག་སོགས་རྩོམ་གྱི་མཛེས་ཆ་སྤུད་ཅི་ཐུབ་ཀྱིས་ཁ་དམ་ཞིང་དོན་མི་གསལ་བའི་རྩོམ་ཡིག་འདྲ་མིན་སྤེལ་བའི་གནད།
གཉིས།༽རྩོམ་གྱི་བརྗོད་བྱ་རྗོད་བྱེད་འབྲི་སྲོལ་དང་སྒྱུ་རྩལ་གྱི་རྣམ་པ་སོགས་གཞན་དང་མི་མཚུངས་པའི་གསར་གཏོད་བྱེད་རྒྱུའི་ཀུན་སློང་གིས་ཚིག་གི་སྦྱོར་བ་ཡ་མ་ཟུང་དང༌། བརྗོད་དོན་སྒྲིག་གཞིའི་གོ་རིམ་འཆལ་འཆོལ་གྱིས་རྩོམ་གྱི་མགོ་མཇུག་བར་གསུམ་ཉ་དང་ཉུང་མ་ལྟ་བུར་བསྲེས་སྦྱོར་བྱས་པའི་གནད།
གསུམ།༽མི་རིགས་རང་ཉིད་ལ་སྐད་ཡིག་ཡོད་བཞིན་དུ་མི་རིགས་གཞན་པའི་སྐད་ཡིག་བཀོལ་སྤྱོད་ཀྱིས་རྩོམ་ཡིག་འབྲི་བ་སོགས་ཀྱི་གནད་དོན་བཅས་ཀྱིས་ངལ་རྩོལ་མང་ཚོགས་ཀྱི་བསམ་བློ་རྩོམ་རིག་དང་ཁ་ཐག་རིང་དུ་གྱེས་པ་ཡིན་པར་འདོད། དེའི་ཕྱིར་རྒྱ་ཆེའི་ངལ་རྩོལ་མང་ཚོགས་རྩོམ་རིག་དང་ཁ་ཐག་རིང་དུ་གཏོང་བའི་ནག་ཉེས་རྩོམ་པ་པོའི་ནང་དུ་ཡོད་ལ། རྩོམ་རིག་གིས་མི་རིགས་ཀྱི་བསམ་བློ་དང་སྤྱི་ཚོགས་ཀྱི་རྣམ་པ་ཡར་རྒྱས་དང་སྐུལ་འདེད་བྱེད་པའི་ལེགས་བྱས་ཀྱང་རྩོམ་པ་པོའི་ནང་དུ་ཡོད་ཟེར་ཆོག
དེ་ལྟར་རྩོམ་པ་པོའི་བྱེད་ཕྱོགས་དང་ལྟ་བས་རྩོམ་རིག་གི་གྲུབ་འབྲས་ལ་བཅངས་པའི་བསམ་བློའི་གནད་དོན་དེ་དག་དང༌། ངལ་རྩོལ་མང་ཚོགས་ཀྱི་འཚོ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་སྤྱི་ཚོགས་ཀྱི་རྣམ་པ་བཅོས་བསྒྱུར་དང༌། བསམ་བློའི་ཁ་ཕྱོགས་ལ་གཡོ་འགུལ་ཐེབས་པ་བཅས་ཀྱི་རྐྱེན་དབང་གིས་ང་ཚོའི་འཚོ་བའི་རྒྱུན་དང་འགྲོགས་པའི་གཏམ་རྒྱུད་སོགས་ངག་རྒྱུན་གྱི་དམངས་ཁྲོད་རྩོམ་རིག་དེ་དག་བོད་སྤྱི་ཚོགས་དང་ཁ་བྲལ་དུ་གྱུར་དང་འགྱུར་བཞིན་པར། ངལ་རྩོལ་མང་ཚོགས་ཀྱིས་ད་ལྟའི་རྩོམ་རིག་གི་བྲོ་བ་མྱོང་མི་ཐུབ་པ་དང༌། ད་ལྟའི་རྩོམ་རིག་གིས་ཀྱང་མི་དམངས་མང་ཚོགས་ཀྱི་རེ་འདོད་སྐོང་མི་ཐུབ་པར་ཕྱོགས་གཉིས་རྒྱང་བཀྱེད་ཀྱི་ཚུལ་དུ་གནས་པའི་དེང་གི་སྐབས་མཚམས་འདིར། ང་ཚོའི་རྩོམ་པ་པོ་རྣམས་ཀྱིས་དམངས་ཁྲོད་ཀྱི་རྩོམ་རིག་སྔར་ལས་གཅེས་འཛིན་གྱིས་ངལ་རྩོལ་མང་ཚོགས་དང་མཉམ་རོལ་བྱས་ཏེ། དེང་གི་རྩོམ་རིག་དང་མི་རིགས་བར་གྱི་འགལ་ཉེས་དེ་དག་སྤྱི་ཚོགས་ཀྱི་གནས་བབ་དང་བསྟུན་ངལ་རྩོལ་མང་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་དང༌། རྩོམ་པ་པོའི་ཀུན་སློང་བསམ་སྤྱོད་བཅས་ལ་རགས་ལས་ཡོད་པའི་གནད་དོན་ཤེས་རྟོགས་ཀྱིས། རྩོམ་པ་པོ་སུ་ཞིག་ཡིན་རུང་རང་ཉིད་ཀྱི་རྩོམ་ཡིག་གིས་མི་རིགས་ཀྱི་ཁྱད་གཤིས་མི་འདོར་བར་ངལ་རྩོལ་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་གནས་བབ་ལ་བསྟུན་གང་ཐུབ་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཞིག་ཡིན་པར་སྙམ།
ང་ཚོའི་རྩོམ་རིག་ནི་ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ནང༌། ཐུན་མོང་གི་སྐད་ཡིག  ཐུན་མོང་གི་ས་ཁོངས། ཐུན་མོང་གི་དཔལ་འབྱོར་འཚོ་བ། དེ་བཞིན་ཐུན་མོང་གི་རིག་གནས་བཅས་ཀྱི་ཁྲོད་གཡུར་དུ་ཟ་བ་ཞིག་ཡིན་སྟབས། ང་ཚོའི་རྩོམ་རིག་དེ་ནམ་དུས་བོད་མི་རིགས་ཐུན་མོང་ལ་དབང་སྟབས་རྩོམ་པ་པོ་དང་ངལ་རྩོལ་མང་ཚོགས་ཐུན་མོང་ནས་བཀོལ་སྤྱོད་དང་རྒྱུན་སྐྱོང་བྱ་དགོས་པ་ཞིག་ཡིན།
དེའི་ཕྱིར་ངེས་པར་དུ་ང་ཚོའི་རྩོམ་རིག་གིས་དུས་དང་རྣམ་པ་ཀུན་ཏུ་མི་རིགས་རང་ཉིད་ཀྱི་གོམས་གཤིས་སོགས་འཚོ་བ་ཟབ་མཚོན་དང༌། ངལ་རྩོལ་མི་དམངས་དང་འབྲེལ་བ་དམ་ཟབ་ཀྱིས་ཁོ་ཚོའི་འདོད་བློ་སྐོང་ཐུབ་པའི་ཐབས་ལ་འབད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་འོས་འགན་གཙོ་བོ་ཞིག་ཡིན་པར་སྙམ་མོ།།

·རྩོམ་ཡིག་གོང་མ:གཞས་ཚིག ཨ་མ་དྲན་པའི་མིག་ཆུ།
·རྩོམ་ཡིག་འོག་མ:གཞས་ཚིག མེས་པོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ཚངས་མགུར་གྱི་དཔྱད་གཏམ་དང་རྩོམ་རིག་དཔྱད་བརྗོད་ཚད་གཞི། 2011/8/1 8:35:23
·ལྗིད་ཏིག་ཏིག་གི་བཀའ་དྲིན། 2010/2/5 18:52:24
·སྒྱུ་རྩལ་གྱི་བདེན་ཁ་གླེང་བ། 2010/1/18 21:08:05
·གློག་བརྙན་2012ཀྱི་དཔྱད་ཐུང་ཅིག 2010/1/13 18:50:03
·ཆེས་ཚད་མཐོ་བའི་སྙན་ངག་གི་སྐད་ཆའི་དབྱངས་རིས། 2010/1/7 14:54:33
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:05:14 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:33:46 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 6:57:30 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 71 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS