ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
 རྩོམ་ཡིག་ཀློག་པ།

མ་ཡུམ་ལ་ཕུལ་བའི་སྙན་རྩོམ་དྲིན་དྲན་མ།

  རྩོམ་པ་པོ:བསམ་གཏན།ཡོང་ཁུངས:ཚངས་དབྱངས་དྲ་བ།གཟིགས་གྲངས:3309ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/11/10 20:48:38ཚོགས་ཡར་སྤྲོད:admin
མ་ཡུམ་ལ་ཕུལ་བའི་སྙན་རྩོམ་དྲིན་དྲན་མ།
བསམ་གཏན།
                             ཤ་རུས་དུམ་བུར་གཏུབ་པའི་སྡུག་བསྔལ་ཡང་།  །
                             མི་འཇིགས་རྡོས་བཅས་ལུས་ཀྱི་ཕུང་པོ་འདི།  །
                             འཇིག་རྟེན་ཁམས་སུ་འདྲེན་པའི་དྲིན་ཅན་མ།  །
                             ཁྱེད་ཀྱི་དྲིན་ལན་གསབ་ཐབས་ཡོད་རེ་ཀན།  །
 
                             ལུས་ལ་འཇམ་པའི་གོས་ཀྱིས་གཡོགས་བྱེད་ཅིང་།  །
                             ཁ་ཡིས་ཟས་སྙོད་མི་གཙང་ལག་པས་ཕྱིས།  །
                             སྣབས་ལུད་དྲི་མ་ཁ་རུ་སོང་ན་ཡང་།  །
                             སྣང་བ་ཞེན་པ་མ་ལོག་དྲིན་ཅན་མ།  །
 
                             མཚན་མོ་བདེ་ལྷོད་མལ་དུ་ཉལ་བའི་ཚེ།  །
                             བུ་ཆུང་ངུ་ངག་སྒྲ་ཡིས་གཉིད་ལས་དཀྲོགས།  །
                             དེ་ལ་འཁང་པའི་བསམ་པ་མ་ཡོད་པར།  །
                             བྱམས་པའི་ཤུགས་ཀྱིས་ནུ་ཞོ་ཁ་རུ་ལྡུད།  །
 
                             དང་པོ་གོམ་པ་སློབ་པའི་དུས་ཙ་ན།  །
                             གཡས་གཡོན་ལག་གིས་སྐྱོར་ཏེ་མདུན་དུ་བསྐྱོད།  །
                             གོམ་ཁ་རེ་ཟུང་སྤོས་ནས་འགྲོ་བའི་ཚེ།  །
                             བུ་ཡིས་རྐང་པ་བཙུགས་ཞེས་དགའ་བར་བྱེད།  །
 
                             དེ་ནས་གཅིག་པུར་རིམ་གྱིས་འགྲོ་བའི་ཚེ།  །
                             དངངས་སྐྲག་ལྷན་དུ་གར་འགྲོ་མིག་གིས་འཚོ།  །
                             གཟན་པའི་ངུ་ངག་རྣ་བའི་ཐོས་པའི་ཚེ།  །
                             སྤྱན་ཟུང་བགྲད་ནས་ཕྱོགས་བཞིར་བུ་ཆུང་བཙལ།  །
 
                             དང་པོ་གླེན་པ་ལུག་ལྟར་ལྐུགས་ན་ཡང་།  །
                             སྨྲ་བྱེད་ལྕེ་ཡི་སྒོ་མོ་ལེགས་ཕྱེ་ནས།  །
                             ཨ་མ་ལ་སོགས་ཐ་སྙད་རིམ་བསླབས་ཏེ།  །
                             དོན་གོ་སྨྲ་བ་ཤེས་པའི་མི་གྲལ་བཙུད།  །
 
                             དེ་ལྟར་མ་ཡུམ་བཀའ་དྲིན་བརྗོད་པ་ལ།  །
                             མེས་པོ་ཚངས་པ་ཡང་ནི་ངལ་བྱེད་ན།  །
                             ཆ་ཙམ་བརྗོད་པའི་བསོད་ནམས་དངོས་པོ་དེས།  །
                             སྐྱེད་མའི་དྲིན་ལན་གསོབ་པའི་རྒྱུ་གྱུར་ཅིག  །
                   ཅེས་པ་འདི་ནི་བོད་ཟླ་དགུ་པའི་ཚེས་༢༢ཏེ་ལྷ་བབས་དུས་ཆེན་སྐབས་སུ་བསམ་གཏན་མིང་ཅན་གྱིས་སུག་ལས་བགྱིས་པའི་དགེ་གྱུར་ཅིག  །
·རྩོམ་ཡིག་གོང་མ:ལྷ་བབས་དུས་ཆེན། ཕ་མའི་དྲིན་ལན་འཇལ་བའི་དུས་ཆེན།
·རྩོམ་ཡིག་འོག་མ:བོད་ཀྱི་འཛུགས་སྐྲུན་པ་མི་ཉག་ཆོས་ཀྱི་རྒྱལ་མཚན།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:Christian
Could I borrow your phone, please? http://www.spellify.com/buyzetia/ purchase ezetimibe online  Infliximab -Rheumatoid arthritis drug
发表时间:2014-3-3 15:58:00 [来自: 192.99.4.25]

 评论者:Oliver
Just over two years http://chateldon.com/buyelavil/ amitriptyline addiction  determine the needs of a target
发表时间:2014-3-3 15:57:56 [来自: 192.99.4.25]

 评论者:Kaylee
Other amount http://vardgruppen.se/buyxenical/ 240 mg xenical  Please note that the certification statement is on the back of the form.
发表时间:2014-3-3 15:02:50 [来自: 192.99.4.25]

འབྲེལ་ཡོད་དཔྱད་བརྗོད 1658 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS