ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

ངལ་གསོ་ཐེངས་ཤིག

རྩོམ་པ་པོ:ཆོས་ཤུལ་གསང་བདགཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1398ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/10/10 22:46:18ཚོགས་ཡར་སྤྲོད:admin
ངལ་གསོ་ཐེངས་ཤིག

ཆོས་ཤུལ་གསང་བདག

མཛེས་སྡུག་གི་གྲིབ་བསིལ་འོག
ལག་པ་ཅུང་ཙམ་བརྐྱངས་ཏེ
སྙིང་ཁར་རེག་དུས
ངལ་གསོ་བ་འདྲ་བའི་དབུགས་རྒྱུ་ཐེངས་ཤིག

མེ་ལྕེ་ལམ་ལམ་འཚེར་བའི
སྦྲ་ནག་གི་འཐུ་འོག་ན
གཉེར་མ་སྡུད་བཞིན་པའི་ཨ་མ་རྒན་མོ
པུས་མགོར་བླངས་ཏེ
གསོལ་མཆོད་ཐེངས་ཤིག་བྱས་པ
སུ་ཞིག་གི་ངལ་གསོ་དང་འདྲ

འདམ་བུར་བྱིངས་པའི་རྨི་ལམ་གྱི་སྦུབས་སུ
ནུབ་ཕྱོགས་ནས་ཁུར་ཡོང་བའི་མེ་ཏོག་ཅིག་འཐུ་དུས
གཡས་འགྲམ་གྱི་གླུ་གཞས་གསར་བ
མ་ཎི་ཡིག་དྲུག་གི་ཉིང་བཅུད་དུ་བསྡུས

པོ་ཏཱ་ལ་འདྲ་བའི་མཁར་ཤུལ་རྙིང་བ་དག
གད་སྙིགས་མཁན་གྱིས་འདེད་དུས
ཁུ་སིམ་མེར་ཟུག་པའི་སྒོ་ཁྱི
ངལ་གསོ་རུ་མི་འཇུག་མཁན་དེ་ཡིན་ནམ

བདག་གི་མེ་ཏོག་ལྡུམ་ར
སྦྲང་མས་ཁེངས་པའི་རྨི་ལམ
ཁྱོད་ཀྱིས་ང་ལ་ངལ་གསོ་སྤྱད་དུ་གནང་བ་ཡིན་ནམ
ཡང་ན  སུ་ཞིག་ལ་སྟེར་འདོད

རུ་སྡེ་ཕྲ་མོའི་ཁུག་སོ་རེ་རེ
མཐོན་པོའི་དར་ལྕོག་གིས་བརྒྱན་དུས
ཀུ་ཅོ་འདོན་མཁན་གྱི་བྱིས་པ་ཚོ
ས་གཞི་འདིའི་ལྷིང་འཇགས་སྲུང་མཁན་ཡིན་ནམ

གྲོག་རོང་དུ་བསྐུངས་པའི་རྒྱལ་སྲས་མེ་ཏོག
ཤིང་དུམ་གྱི་གསེང་དུ་སྦས་པའི་མེ་འོད་ལམ་ལམ
ཕྱོགས་གང་ཞིག་ཏུ་འཚེར
གནས་གང་དུ་འཕྲོས
ང་ཡི་སྙིང་ཁར་བཏུམས་པའི་ཐག་རིང་གི་འོད་ཟེར
ང་ལ་ངལ་གསོ་རུ་འཇུག་རོགས
ཕ་ཡུལ་གྱི་དབེན་པའི་གནས་ཤིག་ཏུ
ང་རང་གཅིག་པུར་བསྐྱུར་རོགས
༢༠༡༠ལོའི་ཟླ༥པའི་ཚེས༢༨ཉིན་རང་ཤག་ཏུ་སྦྱར།

·རྩོམ་ཡིག་གོང་མ:མཆོད་མེ་པོད་ཁུག་ལ་ལབ་བརྒྱབ་ཡོད།
·རྩོམ་ཡིག་འོག་མ:གཞས་ཚིག སྤྲིན་གྱི་སྒྲ་དབྱངས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 19:35:59 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 0:54:48 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 13:16:51 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 48 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS