ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> མི་སྣ།
རྩོམ་ཡིག་ཀློག་པ།

གླུ་མ་ཨ་རྣམ་ཟླ་བ་སྒྲོལ་མའི་སྙན་དབྱངས་གོ་ལར་ཁྱབ།

རྩོམ་པ་པོ:མཁས་གྲུབ་ནོར་བུ་།པདྨ།ཡོང་ཁུངས:ཁམས་པའི་དྲ་བ།གཟིགས་གྲངས:3830ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/10/27 14:30:35ཚོགས་ཡར་སྤྲོད:admin

བོད་ཀྱི་གླུ་མ་ཟླ་བ་སྒྲོལ་མའི་སྙན་པའི་དབྱངས་རྟ་གོ་ལ་ཟླུམ་པོར་གྲགས།

གློག་བརྙན་ཁྲི་པིཡི་བརྗོད་བྱ་མཚོན་གླུསེམས་ཀྱི་དྲག་འཐབཅེས་པའི་འཛམ་གླིང་དུ་གྲགས་རྗེས་མི་རྣམས་ཀྱི་མིག་གི་མདའ་མོ་སླར་ཡང་ལྗར་པན་ན་ཡོད་པའི་ཀྲུང་གོ་དཀར་མཛེས་ཁུལ་གྱི་བོད་རིགས་གླུ་མ་ཨ་རྣམ·ཟླ་བ་སྒྲོལ་མའི་སྟེང་དུ་འཕངས།ཟླ་བ༧པའི་ཚེས༡༩ཉིན།སྨྱུག་འཛིན་པས་ཁ་པར་བརྒྱུད་དེ་ཁྲེང་ཏུའུ་ན་ཚུར་ལོག་པའི་ཟླ་བ་སྒྲོལ་མར་བཅར་འདྲི་བྱས་པ་ཡིན།
འཁྲབ་ཁྲིད་པ་ཝུའུ་ཡུས་སེན་གྱིས་གྲགས་ཅན་གྱི་གླུ་པ་མོད་པོ་ལས་ཁོ་མོ་བདམས་པ། ཁ་པར་ལས་ཟླ་བ་སྒྲོལ་མས་ཐོག་མར་ངེད་ཚགས་པར་གྱིས་ཁོ་མོའི་མགྲིན་ཚབ་བྱེད་དེ་ཕ་ཡུལ་གྱི་མི་རྣམས་ལ་ལོ་མང་རིང་ཁོ་མོར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རོགས་བྱས་པ་དང་།འདི་ལོའི་ཟླ་བ༥པར།ཟླ་བ་སྒྲོན་མཁྲི་པིའཁྲབ་སྟོན་ཚོ་ཆུང་དང་ལྷན་དུ་ཅ་ན་རུ་སོང་སྟེ་གློག་བརྙན་འཁྲབ་ཚན་ཁྱབ་བསྒྲགས་བྱེད་དུས་གློག་བརྙན་དེའི་བརྗོད་བྱ་མཚོན་གླུ་ལེན་མཁན་གྱི་གླུ་མ་རུ་དངོས་སུ་བདམས་ཐོན་བྱུང་བ་རེད།དེ་ལས་ཟླ་བ་སྒྲོན་མར་འགྲན་བསྡུར་གྱི་དཀའ་ངལ་མང་པོ་ཐུག་ཀྱང་།མཐར་མཇུག་འཁྲབ་ཁྲིད་པ་ཝུའུ་ཡུས་སེན་གྱིས་གྲགས་ཅན་གྱི་གླུ་པ་མང་པོའི་མིང་ཐོ་ལས་ཁོ་མོ་གཏན་འཁེལ་བྱས་པ་རེད།
གློག་བརྙན་འཁྲབ་ཚན་ཆེན་མོཁྲི་པིཡི་བརྗོད་བྱ་མཚོན་གླུ་སེམས་ཀྱི་དྲག་འཐབསྒྲ་ཕབ་སྒྲིག་སྦྱོར་གྱི་བརྒྱུད་རིམ་དང་ཝུའུ་ཡུས་སེན་དང་ལས་ཀ་མཉམ་སྒྲུབ་ཀྱི་གནས་ཚུལ་འཆད་སྐབས།ཁོ་མོས་གསར་འགོད་པརསེམས་ཀྱི་དྲག་འཐབཀྱི་རོལ་དབྱངས་སྙན་ཞིང་འགྱུར་ཁུག་ལྡན་པ་ཞིག་ཡིན་པ་དང་།ཐོག་མར་གླུ་ཚིག་མཐོང་མ་ཐག་ཁོ་རང་ལ་གླུ་དབྱངས་དེ་སྙན་པོ་ཞིག་འཐེན་ཐུབ་བམ་སྙམ་པའི་དངངས་འཚབ་ཆེན་པོ་བྱུང་ཞེས་བཤད་པ་དང་།གླུ་དབྱངས་དེ་ཆུ་ཚོད་༡༣གྱི་རིང་ལ་སྒྲ་ཕབ་སྒྲིག་སྦྱོར་བྱས་མཐར་ད་གཟོད་ལེགས་འགྲུབ་བྱུང་།འཁྲབ་ཁྲིད་པ་ཝུའུ་ཡུས་སེན་ནི་ངང་རྒྱུད་འཇམ་ཞིང་དགོད་བྲོ་བ་ཅན་གྱི་མི་ཞིག་ཡིན་པ་དང་།གླུ་གཞས་ལེགས་འགྲུབ་བྱུང་ནས་ཟླ་བ༦པའི་ཚེས༢༠ཉིན་གྱི་གླུ་གཞས་གསར་པ་ཐོག་མར་འགྲེམ་སྤེལ་འགོ་ཚུགས་ཉིན་ཁོང་ཉིད་སྐུ་དངོས་ཀྱིས་བྲིས་པའི་རྟེན་འབྲེལ་ཞུ་ཡིག་བཏང་བྱུང་ཞེས་བཤད།
རང་བྱུང་གི་སྐད་གསང་སྙན་མོས་ལྗར་པན་གྱི་སྒྱུ་རྩལ་འཁྲབ་སྟོན་ཀུང་སི་དང་གན་རྒྱ་བཞག་པ།
ཨའེ་ཅུང་(AVEX)སྐད་པར་ནི་ལྗར་པན་གྱི་ཆེས་ཆེ་བའི་སྒྱུ་རྩལ་འཁྲབ་སྟོན་གྱི་བདག་གཉེར་ཀུང་སི་ཞིག་ཡིན།དེའི་ནང་མཚན་སྙན་འཛམ་གླིང་ན་ཁྱབ་པའི་རྒྱལ་སྤྱིའི་གླུ་དབྱངས་སྟེགས་པུའི་སྟེང་གི་གླུ་པ་གྲགས་ཅན་མང་པོ་ཡོད་ལ།ཟླ་བ་སྒྲོལ་མ་ནི་ཨའེ་ཅུང་ཏུང་ཅིན་སྤྱི་ཁྱབ་བཀོད་འདོམས་པུའུས་ཐོག་མར་གན་རྒྱ་འཇོག་སའི་ཀྲུང་གོའི་ཁམས་པའི་མཐོ་སྒང་ནས་ཡོང་བའི་བོད་རིགས་གླུ་མ་ཞིག་ཡིན།༢༠༠༦ལོའི་ཟླ་བ༤པར།ཟླ་བ་སྒྲོལ་མས་ཨའེ་ཅུང་ཚོགས་པ་རུ་གླུ་གར་འཁྲབ་སྟོན་བྱས་ཚེ།ཁོ་མོའི་གཤིས་རྒྱུད་དང་མཛེས་སྡུག རོལ་དབྱངས་དང་ཁྱད་ཆོས་ལྡན་པའི་མི་རིགས་རང་གི་དམངས་གཞས་ཀྱི་གྲེ་འགྱུར་བཅས་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཨའེ་ཅུང་ཏུང་ཅིན་སྤྱི་ཁྱབ་བཀོད་འདོམས་པུའུས་ཐེངས་དང་པོར་སྐད་པར་འགྲེམ་སྤེལ་གྱི་གན་རྒྱ་འཇོག་སའི་བོད་རིགས་བུ་མོ་རུ་གྱུར།སྐད་པར་ཀུང་སིས་ཟླ་བ་སྒྲོལ་མར་པར་རྒྱག་པར་ལྗར་པན་སྒོར་མོ་ཁྲི༡༥༠༠ཀྲུང་གོའི་མི་དམངས་ཤོག་སྒོར་ཁྲི་༡༠༠ལྷགབཏང་ནསསང་ཉིན་གྱི་བསྟོད་གླུཞེས་པ་ལྗར་པན་ཡི་གེའི་གླུ་གཞས་ཆེད་བསྒྲིགས་འགྲེམ་སྤེལ་བྱས་པ་རེད།ཟླ་བ་སྒྲོལ་མས་བོད་གླུའི་གྲེ་འགྱུར་གྱི་ཁྱད་ཆོས་དང་ལྗར་པན་གླུ་གཞས་ཀྱི་འཐེན་ལུགས་གཉིས་སྦྲགས་ཏེ་བླངས་པས་འཛམ་གླིང་ཡོངས་ཀྱི་གསན་མཁན་མང་ཚོགས་ལ་ཕུན་སུམ་ཚོགས་པའི་སྙན་དབྱངས་ཤིག་སྙན་གྱི་བཅུད་དུ་གཏམས་པར་བྱས། ཟླ་བ་སྒྲོལ་མས་བཤད་རྒྱུར།ཨའེ་ཅུང་དུ་མ་ཞུགས་གོང་།ཁོ་མོས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གྲྭར་སློབ་སྦྱོང་བྱེད་པ་དང་།དེའི་སྐབས་དགེ་རྒན་ལ་རང་རྒྱལ་གྱི་སྙན་གྲགས་ལྡན་པའི་གླུ་དབྱངས་མཁས་པ་ལི་ཧྲོང་ཅང་ཡིན་ལ།དེའི་སྐབས་ཁོ་མོའི་མ་འོངས་པ་ནི་དམག་དཔུང་རིག་རྩལ་ཚོགས་པར་ཞུགས་ཏེ་སྒྱུ་རྩལ་མཁས་པཞིག་གི་མིང་གྲགས་ཀྱི་ཕྱོགས་སུ་འབད་འབུངས་བྱ་རྒྱུ་ཡིན་སྙམ་པ་ལས།ལྗར་པན་ཏུང་ཅིན་དུ་འགྲོ་རྒྱུ་ཡེ་ནས་དྲན་མ་མྱོང་།ད་ལོར་ཨའེ་ཅུང་ཀུང་སི་བཙུགས་ནས་ལོ༢༠འཁོར་བ་དང་།མི་གསར་གསོ་སྦྱོང་བྱ་རྒྱུའི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས།ཀུང་སི་རང་ལ་གསོ་སྦྱོང་སློབ་གྲྭ་ཡོད་ལ།གླུ་དབྱངས་དང་བྲོ་གར།འཁྲབ་རྩལ་སོགས་སློབ་སྦྱོང་བྱེད་པ་ཕུད།གཞན་ད་དུང་གུས་སྲོལ་དགེ་རྒན་གྱིས་འདུག་སྟངས་དང་ལངས་སྟངས།སྒྲ་སྐྱེལ་འཁོར་ལོ་བཟུང་སྟངས་སོགས་ལ་སློབ་ཁྲིད་བྱས་པ་རེད།ལྗར་པན་དུ་འདུག་རིང་།གལ་སྲིད་ཁོ་མོར་གོ་སྐབས་བྱུང་ཚེ་དེ་གའི་གླུ་པ་རྣམས་ཀྱི་གླུ་གར་འཁྲབ་སྟོན་དགོང་ཚོགས་ལ་ལྟ་རུ་སོང་བ་དང་།ཁོ་ཚོའི་ལས་བཀུར་རྣམ་འགྱུར་གྱིས་ང་རང་ལ་བག་ཆགས་གཏིང་ཟབ་འཇོག་སོང་ཞེས་ཟེར། ཟླ་བ་སྒྲོལ་མས་ལོ་བཅུ་ལ་སྒྲ་སྙན་འཐེན་དཀྲོལ་སྦྱོང་བ་དང་།རོལ་དབྱངས་ལ་ཁོ་མོར་ལྟ་སྟངས་མི་འདྲ་བ་ཞིག་ཡོད།ཁོ་མོའི་ཨ་མ་སྔར་དཀར་མཛེས་ཁུལ་གྱི་དམངས་གཞས་མཁས་ཅན་ཞིག་ཡིན་པས་ཁོ་མོར་ཆུང་དུས་ནས་གླུ་དབྱངས་བླངས་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།ངས་བོད་ཀྱི་རོལ་དབྱངས་ཀྱི་རྒྱུ་ཆ་དེ་དག་དར་ཁྱབ་ཀྱི་རོལ་དབྱངས་དང་མཉམ་འབྲེལ་བྱ་རྒྱུའི་རེ་བ་ཡོད་ཅེས་ཟླ་བ་སྒྲོལ་མས་དེ་ལྟར་བཤད་པ་དང་།ཕ་ཡུལ་དང་བྲལ་བའི་ཉིན་དེ་དག་དུ།ང་རང་ཕ་ཡུལ་གྱི་རི་དང་ཆུ།བྱིས་པའི་དུས་ཀྱི་རྩེད་རོགས་བཅས་རྟག་པར་ཡིད་ངོར་འཆར་བ་དང་།ལྗར་པན་དུ་ཐོན་རྗེས་དུས་སྐབས་ཤིག་ལ་ངས་སྐད་བརྡའི་སློབ་གྲྭར་ཞུགས་པ་ཡིན།དེ་རྗེས་ཀུང་སིས་ང་རང་ལ་ཁྱིམ་གྱི་སློབ་གསོ་དགེ་རྒན་གདན་ཞུས་བྱས་པ་རེད།ལྗར་པན་དུ་སྐབས་ལ་ལར་འཇམ་ཐིང་ཐིང་གི་སྣང་བ་འདུག་པས།དེ་དུས་ངས་གློག་དྲ་ལས་ཁྱིམ་མི་དང་གྲོགས་པོ་རྣམས་ལ་ཁ་བརྡ་ལབ་པ་ཡིན།དེ་བཞིན་གླུ་དབྱངས་དགའ་པོ་བ་དང་གྲོགས་པོ་རྣམས་ཀྱིས་གློག་དྲ་ལས་དྲན་འཆར་འགོད་པ་དང་སེམས་ཤུགས་སྣོན་པས།ངས་སྙིང་ཐག་པ་ནས་ཁོང་རྣམ་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་དང་།ཁོ་མོ་གོམ་པ་གང་གིས་རྒྱལ་སྤྱིའི་གླུ་གར་སྟེགས་པུར་འཛེག་ཐུབ་ཀྱང་།ཕྱིན་ཆད་ཀྱི་ལམ་བུའི་སྟེང་དེ་བས་ཁུར་གྱིས་ལྕི་བས་བརྩོན་པ་དགུར་འགྱུར་གྱིས་རྒྱུན་དུ་འཁྱོངས་རྒྱུ་ཡིན་ཞེས་གསར་འགོད་པར་བཤད་དོ།།
ཟླ་བ་སྒྲོལ་མས་ད་དུང་སི་ཁྲོན་ཝུན་ཁྲོན་དུ་ས་འགུལ་ཆེན་པོའི་གནོད་སྐྱོན་ཐེབས་རྗེས།ཁོ་མོའི་སེམས་སུ་དངངས་འཚབ་ཀྱིས་བྲེལ་ཞིང་།ཉིན་གསུམ་གྱི་དུས་ཡུན་བེད་སྤྱད་དེ་ཀྲུང་ཡིག་དང་ལྗར་ཡིག་གཉིས་ཅན་གྱི་མུག་སྐྱོབ་གླུ་གཞསམཛའ་བརྩེ་ནི་ལག་པ་ཡིན།ཞེས་པ་བརྙན་འབེབས་སྒྲ་འཇུག་བྱས་པ་རེད།ཁོ་མོ་སི་ཁྲོན་གྱི་གླུ་མ་ཞིག་ཡིན་ཕྱིར།རང་ཉིད་ཀྱི་མགྲིན་གླུས་ཕ་ཡུལ་གྱི་མི་རྣམས་ལ་རྩེ་སེམས་ཕུལ་བ་དང་།ཚང་མས་སླར་ཡང་ངར་ཤུགས་སྒྲིམ་ཏེ་ཁྱིམ་གཞིས་གསར་པ་འཛུགས་པ་མཚོན། མིག་སྔར།ཨ་རྣམ·ཟླ་བ་སྒྲོལ་མས་ལྗར་པན་དུ་སྒྲ་འཇུག་བྱས་པའི་རོལ་དབྱངས་ཁེར་རྐྱང་ཨང་གསུམ་པ་འཛམ་གླིང་དུ་མངོན་པ་རེད།ཁོ་མོས་ད་དུང་ཨའེ་ཅུང་སྐད་པར་གྱིས་ལྗར་པན་ས་གནས་ཁག་ཏུ་སྤེལ་བའི་གླུ་གར་འཁྲབ་སྟོན་དགོང་ཚོགས་སུ་ཞུགས་པ་དང་།ད་ལོའི་ཟླ༧པར་ཟླ་བ་སྒྲོལ་མས་ཧྲང་ཧེ་དང་ཁྲེང་ཏུའུ།པེ་ཅིན་སོགས་སུ་ཆེས་གསར་པའི་གླུ་གཞསསེམས་ཀྱི་དྲག་འཐབཅེས་པ་ཁྱབ་བསྒྲགས་བྱས་པ་རེད།

འདི་ནི་ཁམས་པའི་དྲ་བ་ལས་དྲངས་པ་ཡིན།

·རྩོམ་ཡིག་གོང་མ:སྙན་ངག་འདི་ལ་མིང་མེད།
·རྩོམ་ཡིག་འོག་མ:གཞས་ཚིག ཕ་མའི་དྲིན་ལན་འཇལ་དགོས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 2:24:23 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 4:04:48 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 6:23:30 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS