བདག་ནི་ཤོག་ལྷེ་ལྟ་བུའི་རྨི་ལམ་ན་འགྲོ་སྡོད་བྱེད་དུས
ཁྱེད་ཀྱིས་ལུག་ཁྱུ་ཞིག་དེད་ནས་འབྲོག་ཕྱོགས་སུ་སྐྱོད་ཀྱིན་འདུག
འབྲོག་པའི་ལམ་ཐག་ནི་ཧ་ཅང་རིང་བ་མ་ཡིན་ཞིང
ཧ་ཅང་ཉེ་བ་ཡང་མ་ཡིན་པའི་ཉིན་དེ་གར
ཁྱེད་ཀྱི་ལུག་ཁྱུ་སྤང་རྩྭ་ལ་ཡན་བཞིན་ཡོད
དེ་དུས་ངས་སྤང་རྩྭ་དེ་སྐམ་གྱིས་དོགས་ཤིང
སྤང་རྩྭའི་གསེབ་ཀྱི་ཆུ་ཟིལ་དང་མེ་ཏོག་ཡལ་བར་དོགས
གལ་ཏེ་ཁྱོད་ཀྱིས་དེད་ཡོད་པ་དེ་དག་རྟ་ཁྱུ་ཞིག་ཡིན་ན
ཁ་བསྒགས་ནས་ལྕག་གིས་འབྲབ་མཁན་དེ་ང་མ་ཡིན་ཞིང
རྟ་ཁྱུ་དང་འབྲེལ་བ་མེད་པའི་མི་དེ་དག་ཀྱང་ང་མ་ཡིན
ང་ནི་ཁྱོད་ཀྱི་སྲབ་མདའི་སྣེ་རུ་བཏགས་པའི་རྣོ་ཡི་ཕུར་བུ་ཞིག་ཡིན
རྟག་པར་སོ་སྲུང་གྱིས་ཚབ་ཏུ་གཟབ་ནན་བྱེད་ཀྱིན་ཡོད
ཟམ་པ་དང་ཆུ་རགས་མེད་པའི་གཙང་བོ
ཡང་ན་ཨར་འདམ་དང་གློག་འོད་མེད་པའི་དབེན་གྲོང
གང་ཞིག་ནས་ཅི་ཞིག་གི་སླད་དུ་ཁྱོད་ནི་ཚེས་རིས་བཞིན་འགུལ་ཚེ
ངས་བསྐྱར་དུ་ཁྱོད་ཀྱི་ལུག་ཁྱུ་དེ་དེད་ནས
གློ་བུར་ལ་ཡུལ་དུ་ལོག་དགོས
ཡིན་ཡང འདི་ནི་ངའི་རྨི་ལམ་ཞིག་དེ
ལྡེབས་རིས་ངོས་སུ་བྲིས་པའི་རྩྭ་ཐང་དེ་དང་མི་འདྲ་ཞིང
འུར་ཟིང་གི་ཀློང་དུ་འཐིམ་པའི་ལོ་ཟླ་དག་ཀྱང་ག་ལ་ཡིན
ཁྱོད་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ
ནམ་ནམ་ཞར་ཞར་ལ་འོད་ཟེར་གྱིས་ཁྱབ་པའི་པང་ཁེབ་ཅིག་ཡིན