ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
 རྩོམ་ཡིག་ཀློག་པ།

རླུང་འཕྲིན་རོལ་དབྱངས་རྩོམ་སྒྲིག་པའི་བྱང་ཚད་སྐོར།

  རྩོམ་པ་པོ:དོན་རྡོར།ཡོང་ཁུངས:བོད་ཀྱི་དྲ་བ།གཟིགས་གྲངས:1938ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/11/16 17:26:48ཚོགས་ཡར་སྤྲོད:admin
རླུང་འཕྲིན་རོལ་དབྱངས་རྩོམ་སྒྲིག་པའི་འགན་བབས་ལས་ཀའི་བྱང་ཚད་
 
མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་གཞིགས་ཐོར་བུ།
 
དོན་རྡོར།
 
    ༄༅།།རླུང་ འཕྲིན་ རོལ་ དབྱངས་ རྩོམ་ སྒྲིག་ གི་ འགན་ བབ་ ལས་ ཀ་ གཙོ་ བོ་ ནི་ རོལ་ དབྱངས་ རྩོམ་ སྒྲིག་ ལེགས་ པོ་ བྱས་ པའི་ གྲུབ་ འབྲས་ དེ་ ཉན་ པ་ པོའི་ རྣ་ ཡིད་ དབང་ པོའི་ དགའ་ སྟོན་ དུ་ འགྱུར་ བ་ བྱ་ རྒྱུ་ དེ་ ཡིན་ ཞིང་ །  རླུང་ འཕྲིན་ བརྒྱུད་ ནས་ གཏོང་ བའི་ རོལ་ དབྱངས་ གང་ ཞིག་ ཡིན་ རུང་ ཚང་ མ་ ལེགས་ གྲུབ་ ཚད་ ལྡན་ བྱུང་ བའི་ རོལ་ དབྱངས་ ཡིན་ གཤིས།  དེ་ ཐད་ ཀར་ གཏོང་ ཆོག་ པ་ ལྟ་ བུ་ ཡིན་ རུང་ དོན་ དངོས་ ཐོག་ བརྒྱུད་ གཏོང་ བྱེད་ པར་ རོལ་ དབྱངས་ རྩོམ་ སྒྲིག་ པས་ སླར་ ཡང་ གསར་ རྩོམ་ བསྐྱར་ མ་ བྱས་ པའི་ ནུས་ པ་ ངེས་ ཅན་ ཞིག་ འདོན་ དགོས་ ཀྱི་ ཡོད་ པས་ དེར་ བརྟེན་ གསར་ རྩོམ་ བསྐྱར་ མའི་ ལས་ དོན་ ཧྲིལ་ པོའི་ ནང་ རྩོམ་ སྒྲིག་ པའི་ བྱང་ ཚད་ ལ་ ཤུགས་ སྣོན་ རྒྱག་ རྒྱུ་ ནི་ གལ་ འགངས་ ཤིན་ ཏུ་ ཆེ་ བ་ ཞིག་ ཡིན་ པས་ འདིར་ ཁོ་ བོས་ བརྒྱུད་ མྱོང་ བའི་ ལས་ ཀའི་ མཐོང་ ཐོས་ མྱོང་ གསུམ་ དང་ འབྲེལ་ བའི་ ཐོག་ ནས་ རླུང་ འཕྲིན་ རོལ་ དབྱངས་ རྩོམ་ སྒྲིག་ གི་ འགན་ བབ་ ལས་ ཀའི་ བྱང་ ཚད་ མཐོ་ རུ་ གཏོང་ རྒྱུའི་ སྐོར་ རགས་ ཙམ་ ཞིག་ གླེང་ རྒྱུ་ ཡིན། 
  གཅིག    གློག་ ཀླད་ བཀོལ་ སྤྱོད་ ཀྱི་ བྱང་ ཚད་ གོང་ མཐོར་ གཏོང་ རྒྱུའི་ སྐོར། 
    སྔོན་ ཆད་ ཚན་ རིག་ རྩལ་ དར་ ཁྱབ་ ཆེན་ པོ་ མ་ བྱུང་ བའི་ སྐབས་ རོལ་ དབྱངས་ སྒྱུ་ རྩལ་ གྱི་ གླུ་ གཞས་ སྣ་ ཚོགས་ པའི་ སྒྲ་ འཛིན་ འཁོར་ ཐག་ ཡོད་ དོ་ ཅོག་ ཐོ་ འགོད་ ལ་ བརྟེན་ ནས་ ཉར་ ཚགས་ བྱེད་ དགོས་ ཀྱི་ ཡོད་ སྟབས་ དུས་ ཡུན་ གང་ ཙམ་ སོང་ རྗེས་ གཅེས་ ཉར་ ཡག་ པོ་ བྱུང་ མིན་ གྱིས་ ཤོག་ ལྷེ་ མི་ ཚང་ བའམ་ ཡང་ ན་ རལ་ སྐྱོན་ ཤོར་ བ་ སོགས་ ཀྱིས་ རོལ་ དབྱངས་ རྩོམ་ སྒྲིག་ པས་ ཨང་ གྲངས་ ལྟར་ བཙལ་ འཚོལ་ བྱེད་ ཀྱི་ ཡོད་ རུང་ ཆ་ ཚང་ རྙེད་ མི་ ཐུབ་ པའི་ རྙོག་ དྲ་ རྟག་ པར་ ཡོང་ གི་ ཡོད་ ཅིང་ །  གལ་ ཏེ་ སྐབས་ དེར་ རྩོམ་ སྒྲིག་ པའི་ བྱང་ ཚད་ དམན་ པ་ དང་ དེ་ མིན་ འགན་ སེམས་ ཆུང་ བ་ ཞིག་ ཡིན་ ཕྱིར་ རང་ གིས་ བེད་ སྤྱོད་ རྒྱུའི་ སྒྲ་ འཛིན་ འཁོར་ ཐག་ དེ་ བེད་ སྤྱོད་ གཏོང་ མི་ ཐུབ་ པའི་ སྣང་ ཚུལ་ ཐོན་ གྱི་ ཡོད་ པས་ དེ་ ནི་ ཕྱོགས་ གཅིག་ ནས་ ཆ་ རྐྱེན་ ཞན་ པའི་ དབང་ གིས་ ཡིན་ ལ་ ཕྱོགས་ གཞན་ ཞིག་ ནས་ བཤད་ ན་ བྱང་ ཚད་ དང་ འགན་ སེམས་ ལའང་ འབྲེལ་ བ་ ཡོད་ པར་ གྱུར་ ཡོད། 
    ཡིན་ ནའང་ འཛམ་ གླིང་ ཧྲིལ་ པོའི་ ལས་ རིགས་ ཚང་ མར་ ཚན་ རྩལ་ འདུས་ ཚད་ གོང་ མཐོར་ སོང་ བ་ ལྟར་ རླུང་ འཕྲིན་ བརྒྱུད་ གཏོང་ གི་ ལས་ དོན་ སྤྱི་ བྱེ་ བྲག་ གི་ ཁྲོད་ དུ་ ཡང་ གློག་ ཀླད་ བཀོལ་ སྤྱོད་ ཀྱི་ ལག་ རྩལ་ དར་ འཕེལ་ ཆེན་ པོ་ བྱུང་ བར་ བརྟེན་ འགན་ བབ་ ལས་ ཀའི་ ལས་ བཟོད་ ཇེ་ ཡང་ དུ་ སོང་ བ་ དང་ ལས་ ཕྱོད་ ཆེ་ རུ་ སོང་ ཡོད་ པ་ སྟེ།  དེ་ ཡང་ ད་ ཆ་ སྒྲའི་ འཕྲིན་ ལམ་ གྱི་ མཛོད་ ཁང་ གྲུབ་ པ་ དེས་ རླུང་ འཕྲིན་ ལས་ ཁུངས་ ཁག་ དབར་ དང་ དེ་ མིན་ ཚན་ པ་ ཁག་ དབར་ གྱི་ འབྲེལ་ གཏུག་ ཧ་ ཅང་ སྟབས་ བདེར་ གྱུར་ ཡོད་ ཅིང་ །  རོལ་ དབྱངས་ རྩོམ་ སྒྲིག་ པ་ ཞིག་ ལ་ མཚོན་ ན།  ཉིན་ ལྟར་ ལེ་ ཚན་ གྱི་ དགོས་ འདུན་ ལྟར་ རོལ་ དབྱངས་ དུ་ མའི་ ཁྲོད་ ནས་ དགོས་ མཁོ་ ཡོད་ པ་ ཞིག་ འདེམས་ གཏོང་ བྱེད་ སྐབས་ གློག་ ཀླད་ ལ་ བརྟེན་ ནས་ སྒྲ་ འཛིན་ འཁོར་ ཐག་ འཚོལ་ སྐབས་ རོལ་ དབྱངས་ གླུ་ གཞས་ ཁྲི་ ཚོ་ མང་ པོའི་ ནང་ ནས་ རང་ ལ་ དགོས་ པ་ དེ་ འཕྲལ་ དུ་ འཚོལ་ ཐུབ་ ཀྱི་ ཡོད་ པས་ དེ་ ནི་ ཚན་ རྩལ་ གྲུབ་ འབྲས་ ཀྱིས་ ང་ ཚོའི་ ལས་ དོན་ ལ་ སྟབས་ བདེ་ ཚད་ མེད་ སྤྲད་ པ་ ཞིག་ ཡིན་ པ་ སྨོས་ མེད་ རེད།  འོན་ ཀྱང་ ང་ ཚོས་ མཐོང་ ཐུབ་ པར་ ཤེས་ བྱ་ གསར་ པ་ ཡོད་ ཚད་ འཕྲལ་ དུ་ ཡང་ རྩེར་ སོན་ མི་ ཐུབ་ པར་ ལས་ ཀའི་ ནང་ སྦྱངས་ བརྩོན་ ངེས་ ཅན་ ཞིག་ བྱེད་ དགོས་ པ་ ལྟར་ རླུང་ འཕྲིན་ རོལ་ དབྱངས་ རྩོམ་ སྒྲིག་ པས་ ཀྱང་ རང་ གི་ འགན་ བབ་ ལས་ ཀའི་ ཆུ་ ཚད་ ཇི་ ཙམ་ ལ་ སླེབས་ མིན་ མ་ སྐུལ་ དང་ བླངས་ ངང་ རྟག་ ཏུ་ ཚད་ འཇལ་ བྱས་ ཏེ་ སྒྲ་ འཛིན་ འཁོར་ ཐག་ འཚོལ་ བའི་ ནང་ གློག་ ཀླད་ ཀྱིས་ འཛིན་ པའི་ ནུས་ པ་ བཀོལ་ སྤྱོད་ ལེགས་ པོ་ ཐུབ་ མིན་ ཤེས་ པ་ བྱེད་ དགོས་ པ་ དང་ །  ཤེས་ ནས་ མ་ འདང་ བའི་ གནས་ དང་ །  དཀའ་ གནད་ གང་ ཡོད་ གསལ་ རྟོགས་ བྱས་ རྗེས་ འགག་ སྒྲོལ་ ཐུབ་ པའི་ སྙིང་ རུས་ ལ་ བརྟེན་ ནས་ གློག་ ཀླད་ བཀོལ་ སྤྱོད་ ཀྱི་ ནུས་ རྩལ་ གོང་ མཐོར་ གཏོང་ དགོས་ པ་ རེད།  ང་ ཚོས་ རང་ ཉིད་ ཀྱི་ བྱང་ ཚད་ ལ་ བསམས་ ཏེ་ འབད་ བརྩོན་ བྱས་ ཚེ་ གློག་ ཀླད་ ཀྱི་ ནུས་ པ་ ཡོངས་ རྫོགས་ ལེགས་ པར་ འདོན་ ཐུབ་ སྟེ་ འགན་ བབ་ ལས་ ཀའི་ སྤུས་ འབོར་ གཉིས་ ཀ་ འགན་ ལེན་ བྱེད་ ཐུབ་ ངེས་ ཡིན་ པ་ ནི་ ཁ་ མཚོན་ བཅད་ ནས་ ཤོད་ ཆོག་ པ་ ཞིག་ ལགས།  འོན་ ཏེ་ ལས་ རིགས་ ཚང་ མར་ བྱང་ ཚད་ མཐོ་ དམས་ ལས་ ཀའི་ སྤུས་ འབོར་ ཐག་ གཅོད་ ཀྱི་ ཡོད་ པའི་ ཆོས་ ཉིད་ ལྡོག་ ཐབས་ མེད་ པར་ སྔར་ བས་ ངོས་ འཛིན་ གསལ་ པོ་ བྱེད་ དགོས་ ཤིང་ །  འདོད་ བློ་ མི་ ཁེངས་ པའི་ རྣམ་ འགྱུར་ ལ་ བརྟེན་ ནས་ གློག་ ཀླད་ བཀོལ་ སྤྱོད་ ཀྱིས་ རླུང་ འཕྲིན་ རོལ་ དབྱངས་ འདེམས་ གཏོང་ བྱེད་ པའི་ ལས་ ཀའི་ ཆུ་ ཚད་ གསར་ པ་ གཏོད་ དགོས་ པ་ དེ་ རེད། 
  གཉིས།  རྩོམ་ སྒྲིག་ དང་ གསར་ རྩོམ་ ཟུང་ འབྲེལ་ བྱེད་ དགོས་ པའི་ སྐོར། 
   རྩོམ་ སྒྲིག་ དང་ གསར་ རྩོམ་ ནི་ ལས་ ཀའི་ ངོ་ བོ་ འདྲ་ བར་ སྣང་ ཡང་ ཞིབ་ པར་ བསམས་ ཚེ།  མི་ འདྲ་ བའི་ གནས་ ངེས་ ཅན་ ལྡན་ ཡོད་ སྟབས་ སྨྱུག་ འཛིན་ པའི་ ཁྲོད་ དུ་ འགའ་ རེ་ ཐད་ ཀར་ རྩོམ་ འབྲི་ གསར་ རྩོམ་ བྱེད་ པར་ ཤིན་ ཏུ་ མཁས་ པ་ དང་ །  འགའ་ རེ་ རང་ གིས་ རྩོམ་ འབྲི་ དེ་ ཙམ་ མི་ ཤེས་ ཀྱང་ གཞན་ གྱི་ བརྩམས་ ཆོས་ རྩོམ་ སྒྲིག་ བྱེད་ པར་ བྱང་ བ་ ཞིག་ ཡིན་ པ་ མངོན་ གྱི་ ཡོད།  ང་ ཚོས་ གསར་ རྩོམ་ དང་ རྩོམ་ སྒྲིག་ གི་ ལས་ ཀའི་ ཐད་ མནོ་ བསམ་ གཏོང་ སྐབས་ གསར་ རྩོམ་ ནི་ རྩོམ་ སྒྲིག་ བྱེད་ པའི་ མ་ རྒྱུ་ རང་ ཡིན་ པས་ ཤིན་ ཏུ་ གལ་ ཆེ་ བ་ སྨོས་ མེད་ ལ་ དེ་ བཞིན་ དུ་ རྩོམ་ སྒྲིག་ ཀྱང་ ལེགས་ བཅོས་ ཀྱི་ གནས་ བབ་ གལ་ ཆེན་ བཟུང་ བའི་ བྱ་ བ་ ཞིག་ ཡིན་ པས་ དེར་ ཡང་ མཐོང་ ཆེན་ བྱེད་ དགོས་ ཀྱི་ ཡོད།  གསར་ རྩོམ་ དང་ རྩོམ་ སྒྲིག་ གི་ གནས་ བབ་ ལ་ གལ་ ཆེ་ གཅིག་ མཚུངས་ ཀྱི་ ལྟ་ བ་ འཛིན་ ནས་ ལས་ ཀའི་ བྱང་ ཚད་ མངོན་ པར་ བྱས་ ཚེ།  ད་ གཟོད་ རླུང་ འཕྲིན་ རོལ་ དབྱངས་ རྩོམ་ སྒྲིག་ པ་ ཞིག་ གི་ ངོས་ ནས་ བཤད་ ན་ གསར་ རྩོམ་ དང་ རྩོམ་ སྒྲིག་ གི་ བྱ་ བ་ ཕན་ ཚུན་ ཟུང་ འབྲེལ་ བྱེད་ པའི་ ནུས་ པ་ ཐོན་ ཏེ་ གྲུབ་ འབྲས་ མི་ དམན་ པ་ ཐོན་ ངེས་ ཡིན། 
   འོ་ ན།  གང་ ཞིག་ རོལ་ དབྱངས་ རྩོམ་ སྒྲིག་ བྱེད་ པ་ ཡིན་ ནམ་ ཞེ་ ན།  དེ་ ཡང་ དཔེར་ ན།  སྙན་ ཚིག་ གྱེར་ བ་ དང་ བསྟུན་ ནས་ དེ་ དང་ མཐུན་ པའི་ རོལ་ དབྱངས་ ཤིག་ རྩོམ་ སྒྲིག་ བྱེད་ རྒྱུ་ ལྟ་ བུ་ ཡིན་ ཞིང་ །  སྙན་ ཚིག་ ནི་ སྒྱུ་ རྩལ་ ཡིན་ པ་ དང་ རོལ་ དབྱངས་ ཀྱང་ སྒྱུ་ རྩལ་ ཡིན་ པས་ དེ་ གཉིས་ ཁ་ འབྲལ་ ཐབས་ མེད་ པའི་ རྣམ་ པར་ བལྟོས་ ནས་ རོལ་ དབྱངས་ ཤིག་ སྒྲོག་ པ་ ཡིན་ ཡང་ སྙན་ ཚིག་ གི་ ཚིག་ འགྲོས་ དང་ །  བརྗོད་ དོན་ ལ་ གཞིགས་ ནས་ རོལ་ དབྱངས་ འཚམས་ པ་ ཞིག་ འགྲོགས་ ཐབས་ བྱེད་ རྒྱུ་ ནི་ རོལ་ དབྱངས་ རྩོམ་ སྒྲིག་ པའི་ དོ་ སྣང་ ཆེན་ པོ་ བྱེད་ དགོས་ པ་ ཞིག་ ཡིན་ ཏེ།  གང་ ལགས་ ཤེ་ ན།  དཔའ་ བའི་ ཉམས་ དང་ ལྡན་ པའི་ སྙན་ ཚིག་ ཅིག་ ཡིན་ པའི་ དབང་ དུ་ བཏང་ ན་ ངེས་ པར་ དུ་ དེར་ རོལ་ དབྱངས་ ཀྱང་ ཤུགས་ དྲག་ ཅུང་ ལྡན་ པ་ ཞིག་ འགྲོགས་ ཏེ་ དཔའ་ བའི་ ཉམས་ ཀྱིས་ ཕྱུག་ པའི་ སྙན་ ཚིག་ གི་ བརྗོད་ དོན་ དེ་ བས་ གསོན་ ཉམས་ དོད་ དུ་ གཏོང་ དགོས་ པ་ ལས་ དེར་ ཉམ་ ཆུང་ གི་ གདངས་ དབྱངས་ སུ་ གྱུར་ པའི་ རོལ་ དབྱངས་ ཤིག་ འགྲོགས་ ན་ མི་ འཚམས་ པར་ འགྱུར་ བ་ ཡིན་ ཏེ།  དེ་ ལྟར་ བྱས་ ཚེ་ དཔའ་ ཉམས་ ལྡན་ པའི་ སྙན་ ཚིག་ གིས་ བརྗོད་ དོན་ ཉམས་ ཞན་ དུ་ གཏོང་ སྲིད་ པ་ དང་ དེའི་ དབང་ གིས་ ཉན་ པ་ པོར་ བློ་ སྟོབས་ ལྡན་ པའི་ དཔའ་ བོའི་ གཟུགས་ བརྙན་ འཆར་ བ་ བྱེད་ པའི་ དམིགས་ འདུན་ སྒྲུབ་ མི་ ཐུབ།  ཡང་ དཔེར་ ན།  ཉམ་ ཆུང་ ཡ་ ངའི་ བརྗོད་ དོན་ མཚོན་ པའི་ སྙན་ ཚིག་ ལྟ་ བུ་ ཞིག་ གྱེར་ པའི་ སྐབས་ རོལ་ དབྱངས་ དེ་ ཡང་ སེམས་ ཉིད་ དུ་ སྐྱོ་ སྣང་ ངམ་ ཤུགས་ སུ་ སླེབས་ པ་ ཞིག་ སྦྱོར་ དགོས་ པ་ ལས་ དཔའ་ བའི་ ཉམས་ ལྡན་ པའི་ རོལ་ དབྱངས་ སྦྱོར་ མི་ རུང་ བ་ ལྟ་ བུ་ ཡིན། 
    སྤྱིར་ ན་ གཞས་ གདངས་ རྩོམ་ པ་ པོས་ གཞས་ ཚིག་ གི་ ནང་ དོན་ ལ་ གཞིགས་ ནས་ གཞས་ གདངས་ གསར་ རྩོམ་ བྱེད་ ཀྱི་ ཡོད་ པས་ དེར་ བརྟེན་ གཞས་ གདངས་ ལ་ ཁྱད་ ཆོས་ མི་ འདྲ་ བ་ སྣ་ ཚོགས་ ཡོད་ པས་ རོལ་ དབྱངས་ རྩོམ་ སྒྲིག་ པས་ སྙན་ ཚིག་ དང་ ཡང་ ན་ དེ་ མིན་ གྱི་ རྩོམ་ ཡིག་ གང་ རུང་ ལ་ རོལ་ དབྱངས་ སྦྱོར་ བའི་ སྐབས་ ངེས་ པར་ དུ་ དོ་ སྣང་ བྱེད་ དགོས་ པ་ ནི་ སྦྱོར་ རྒྱུའི་ རྩོམ་ ཡིག་ གི་ ནང་ དོན་ དང་ རོལ་ དབྱངས་ རྩ་ བའི་ ཆ་ ནས་ གཞི་ མཚུངས་ པ་ ཞིག་ ཏུ་ འགྱུར་ མིན་ བརྟག་ དགོས་ ཀྱི་ རེད།  མིག་ སྔར་ རང་ རེའི་ རླུང་ འཕྲིན་ ནས་ སྙན་ ཚིག་ དང་ རོལ་ དབྱངས་ འགྲོགས་ ནས་ བེད་ སྤྱོད་ བཏང་ བ་ ཁག་ གཅིག་ ཚད་ མཐུན་ ཙམ་ བྱུང་ ཡོད་ རུང་ ཁག་ གཅིག་ བརྗོད་ བྱའི་ ནང་ དོན་ དང་ དེ་ ཙམ་ འཚམས་ པོ་ མེད་ པའི་ སྣང་ ཚུལ་ མངོན་ གྱི་ ཡོད་ ལ་ སྙན་ ཚིག་ ལ་ འགྲོགས་ པའི་ རོལ་ དབྱངས་ འགའ་ རེ་ སྐད་ ཤུགས་ ཆེ་ དྲགས་ ཏེ་ རོལ་ དབྱངས་ ཉན་ རྒྱུ་ ཙམ་ ལས་ སྙན་ ཚིག་ གི་ ནང་ དོན་ སྐད་ ཤུགས་ ཆུང་ ངུར་ གྱུར་ ཏེ་ གསལ་ པོ་ མི་ ཐོས་ པའི་ ཞན་ ཆ་ ཐོན་ གྱི་ ཡོད།  ང་ ཚོས་ ཤེས་ གསལ་ ལྟར་ སྙན་ ངག་ གྱེར་ བ་ དེ་ རོལ་ དབྱངས་ དང་ འགྲོགས་ པ་ ཞིག་ ལ་ མཚོན་ ན།  དེའི་ དམིགས་ ཡུལ་ གཙོ་ བོ་ ནི་ གྱེར་ བཞིན་ པའི་ སྙན་ ཚིག་ གི་ ཉམས་ འགྱུར་ མངོན་ གསལ་ དོད་ དུ་ གཏོང་ ཆེད་ ཡིན་ པ་ ལས་ རོལ་ དབྱངས་ ཤུགས་ ཆེན་ བཏང་ ནས་ སྙན་ ཚིག་ གི་ ཉམས་ འགྱུར་ ཐོས་ ལ་ མ་ ཐོས་ ཤིག་ ཏུ་ འགྱུར་ བ་ བྱེད་ རྒྱུ་ མིན་ པས་ སོ། 
  གསུམ།  རོལ་ དབྱངས་ ལ་ དགའ་ བ་ དང་ གླུ་ གར་ ཉམས་ ལེན་ ཐུབ་ མཁན་ ཞིག་ ཡིན་ དགོས་ པའི་ སྐོར། 
    བྱ་ བ་ གང་ ཞིག་ ཡིན་ རུང་ དེ་ ལེགས་ པར་ སྒྲུབ་ མཁན་ བྱེད་ པ་ པོ་ དེས་ བྱ་ བ་ དེར་ དགའ་ ཕྱོགས་ དང་ སྣང་ གི་ བློ་ དང་ ལྡན་ མིན་ དང་ བྱ་ བ་ དེར་ ཉམས་ ལེན་ རྒྱུས་ མངའ་ རགས་ ཙམ་ ཡོད་ མེད་ དེ་ བྱ་ བ་ དེ་ ལེགས་ པོ་ སྒྲུབ་ ཐུབ་ པའི་ རྨང་ གཞི་ ལྟ་ བུར་ གྱུར་ ཡོད་ ཅིང་ །  བླང་ བྱ་ དེ་ དང་ མཐུན་ པ་ ཞིག་ ཡོང་ བར་ གཙོ་ བོ་ ཚན་ པའི་ འགོ་ ཁྲིད་ ཀྱིས་ མི་ སྣ་ དེ་ ལྟ་ བུ་ ཞིག་ ཏག་ ཏག་ ལས་ གནས་ དེའི་ ཐོག་ བཀོད་ སྒྲིག་ བྱེད་ ཐུབ་ མིན་ ལ་ རགས་ ལུས་ ཡོད།  འོན་ ཀྱང་ མིག་ སྔར་ ལས་ རིགས་ མང་ པོ་ ཞིག་ གི་ ནང་ གང་ དེར་ འཇོན་ ཞིང་ མཁས་ པ་ དེ་ ལས་ རིགས་ དེའི་ ཐོག་ བཀོད་ སྒྲིག་ བྱེད་ མི་ ཐུབ་ པའི་ སྣང་ ཚུལ་ ཡོད་ པས་ དེར་ བརྟེན་ ལས་ རིགས་ དེའི་ ཁྱད་ ཆོས་ ལེགས་ པོ་ ཞིག་ འདོན་ མི་ ཐུབ་ པའི་ གནས་ ཚུལ་ རང་ ཤུགས་ སུ་ ཐོན་ གྱི་ ཡོད།  རོལ་ དབྱངས་ རྩོམ་ སྒྲིག་ པར་ མཚོན་ ནའང་ གང་ དེ་ རོལ་ དབྱངས་ ལ་ དད་ ཞེན་ ཆེན་ པོ་ ཡོད་ མེད་ ཀྱིས་ རོལ་ དབྱངས་ ཀྱི་ ལས་ ཀའི་ འཇོན་ ཐང་ ལེགས་ པོ་ འདོན་ ཐུབ་ མིན་ ཐག་ གཅོད་ བྱེད་ ཀྱི་ ཡོད་ པས་ དེར་ བརྟེན་ རིག་ གནས་ ཀྱི་ ཕྱོགས་ གང་ ཅིའི་ ཐད་ བྱང་ ཚད་ མཐོ་ པོ་ ཡོད་ རུང་ རོལ་ དབྱངས་ ལ་ དགའ་ ཕྱོགས་ ཀྱི་ བློ་ དང་ མ་ ལྡན་ ཚེ།  རོལ་ དབྱངས་ རྩོམ་ སྒྲིག་ པའི་ བླང་ བྱ་ དང་ ཡོངས་ སུ་ མཐུན་ པའི་ འཇོན་ ཐང་ ཞིག་ ཐོན་ དཀའ་ བ་ ཡིན།  དེ་ ལྟར་ ཡང་ མི་ ཡོད་ ཚད་ རོལ་ དབྱངས་ ལ་ ཉམས་ ལེན་ བྱེད་ མཁས་ པ་ ཞིག་ ཡོང་ མི་ སྲིད་ པའི་ ཕྱིར།  མིག་ སྔར་ རླུང་ འཕྲིན་ རོལ་ དབྱངས་ རྩོམ་ སྒྲིག་ པའི་ ཁྲོད་ དུའང་ རོལ་ དབྱངས་ ལ་ དེ་ ཙམ་ དབྱེ་ ཞིབ་ ཉམས་ ལེན་ བྱེད་ ནུས་ མེད་ པའང་ ཡོད་ ཅིང་ །  དེ་ དག་ རོལ་ དབྱངས་ རྩོམ་ སྒྲིག་ པ་ མི་ འོས་ ཞེས་ ཤོད་ ཀྱང་ མི་ རུང་ བར་ ངེས་ པར་ དུ་ རྩོམ་ སྒྲིག་ པ་ རང་ ཉིད་ ཀྱིས་ རོལ་ དབྱངས་ ལ་ ཉམས་ ལེན་ བྱེད་ པའི་ སེམས་ ཤུགས་ ཆེ་ རུ་ གཏོང་ དགོས་ ཤིང་ །  ཉམས་ ལེན་ བྱེད་ རིང་ ངེས་ པར་ དུ་ རོལ་ དབྱངས་ རྩོམ་ སྒྲིག་ པ་ ཕུལ་ བྱུང་ གི་ ས་ ནས་ སློབ་ སྟོན་ མང་ ཙམ་ ཞུས་ ཏེ་ རང་ ཉིད་ རོལ་ དབྱངས་ རྩོམ་ སྒྲིག་ པ་ མིང་ དོན་ མཚུངས་ པ་ ཞིག་ ཏུ་ འགྱུར་ བ་ བྱེད་ དགོས་ ཀྱི་ རེད།  དེ་ ཡང་ ཐུབ་ པ་ ཞིག་ ཡིན་ ཏེ།  ཅིའི་ ཕྱིར་ ཞེ་ ན།  གླུ་ གར་ རོལ་ དབྱངས་ ལ་ མཁས་ པའི་ སྐྱེ་ བོ་ མང་ པོ་ ཞིག་ སྦྱོང་ བརྡར་ ལ་ བརྟེན་ ནས་ མཁས་ པོ་ ཆགས་ པ་ ཞིག་ ཡིན་ ཞིང་ །  ཆེད་ ལས་ སྦྱོང་ བརྡར་ ཕུད།  ལས་ ཞོར་ དུ་ རང་ ཉིད་ ཀྱི་ གདམ་ གར་ བརྟེན་ ནས་ གླུ་ གར་ རོལ་ དབྱངས་ ལ་ བྱང་ ཆུབ་ པའང་ མང་ པོ་ ཞིག་ ང་ ཚོའི་ མཐོང་ ཆོས་ སུ་ གྱུར་ པས་ དེས་ ན་ རོལ་ དབྱངས་ རྩོམ་ སྒྲིག་ པར་ མཚོན་ ནའང་ དང་ ཐོག་ རོལ་ དབྱངས་ ཐད་ ཉམས་ ལེན་ བྱེད་ མི་ མཁས་ ཀྱང་ རིམ་ གྱིས་ མཁས་ པོ་ ཆགས་ པ་ བྱེད་ དགོས་ པ་ མ་ ཟད།  རོལ་ དབྱངས་ གསར་ རྩོམ་ གྱི་ བྱང་ རྩལ་ ཡང་ ལྡན་ པའི་ ཕྱོགས་ སུ་ གོམ་ ཁ་ སྒྱུར་ དགོས་ ཀྱི་ རེད། 
    མདོར་ ན།  གླུ་ གར་ རོལ་ དབྱངས་ ནི་ མི་ ཡོད་ ཚད་ ཀྱིས་ དགའ་ པོ་ བྱེད་ པ་ ཞིག་ ཡིན་ པར་ བརྟེན་ རོལ་ དབྱངས་ རྩོམ་ སྒྲིག་ པས་ རོལ་ དབྱངས་ རྩོམ་ སྒྲིག་ དང་ བརྒྱུད་ གཏོང་ བྱེད་ པའི་ འགན་ བབ་ ལས་ ཀར་ བློ་ ཡིད་ མི་ ཚིམ་ པའི་ སྙིང་ སྟོབས་ ལ་ བརྟེན་ ནས་ བྱང་ ཚད་ གོང་ མཐོར་ གཏོང་ དགོས་ པ་ དང་ ཕྱོགས་ མཚུངས་ རང་ གི་ ལས་ ཀའི་ ཉམས་ མྱོང་ ཕྱོགས་ སྡོམས་ དང་ གཞན་ གྱི་ ཕུལ་ བྱུང་ ལས་ ཀའི་ ཉམས་ མྱོང་ དང་ ལེན་ བྱས་ ཏེ་ རོལ་ དབྱངས་ རྩོམ་ སྒྲིག་ གི་ ལས་ དོན་ དེ་ དུས་ རབས་ ཀྱི་ ཉམས་ འགྱུར་ ལྡན་ པ་ དང་ །  མི་ རིགས་ ཀྱི་ ཁྱད་ ཆོས་ མངོན་ པར་ བྱེད་ ཐུབ་ པ།  རྒྱ་ ཆེའི་ གསན་ པ་ པོའི་ འདོད་ བློ་ ཁེངས་ པ་ བཅས་ སུ་ འགྱུར་ བར་ བརྩོན་ ལེན་ བྱེད་ དགོས་ པ་ བཅས་ སོ། 
               
·རྩོམ་ཡིག་གོང་མ:མཁའ་འགྲོ་མའི་གསོལ་འདེབས་བར་ཆད་ཀུན་སེལ། །
·རྩོམ་ཡིག་འོག་མ:གྲགས་ཅན་གསུང་ཚིག༡༩
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·ལོག་རྟོག་སྙིང་སྟོབས་ལ་དཔྱད་པ་་བསྡུས་གྲྭའི་མེ་སྟག། 2011/8/4 17:44:00
·བོད་ཀྱི་མགུར་གླུའི་བྱུང་འཕེལ་སྐོར་གླེང་བ། 2010/12/27 10:46:18
·ཚངས་མགུར་གྱི་སྙན་ངག་གི་མཛེས་པ་གླེང་བ། 2010/7/27 12:11:05
·སློབ་མ་ལ་བོད་སྐད་གཙང་མ་རྒྱག་རྒྱུར་མཛུབ་སྟོན་བྱ་དགོས། 2010/7/2 14:25:55
·ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱི་དཔྱད་རྩོམ་ཞིག༢ 2010/1/30 18:10:55
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/5 23:55:10 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:12:04 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 2:15:26 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 72 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS