ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> མི་སྣ།
 རྩོམ་ཡིག་ཀློག་པ།

དེང་རབས་ཀྱི་ཡིག་མཁན་ཆེན་མོ་སྨོན་ལམ་རྒྱ་མཚོ་མཆོག

  རྩོམ་པ་པོ:རྡོར་བྷ་དང་རིག་འཛིན།ཡོང་ཁུངས:ཀན་ལྷོའི་གསར་འགྱུར་གྱི་ཟླ་མཇུག་ཚགས་པར།གཟིགས་གྲངས:2168ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/12/7 16:26:42ཚོགས་ཡར་སྤྲོད:ལྡོང་།
དེང་རབས་ཀྱི་ཡིག་མཁན་ཆེན་མོ་མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག
 
རྡོར་བྷ་དང་རིག་འཛིན།
        ཕྱི་ནང་གི་རིག་པའི་གནས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་མཁྱེན་དཔྱོད་ཀྱི་འཇུག་པ་ཡངས་ཤིང་། གཞན་དྲིང་མི་འཇོག་པའི་དེང་རབས་ཀྱི་ཡིག་མཁན་ཆེན་མོ་མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་ནི། མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སའི་ཆར་གཏོགས་ད་ལྟའི་བསང་ཆུ་རྫོང་འབོ་རའི་ལོ་ཡག་ཐང་ཞེས་པའི་གྲོང་སྡེ་རུ་ཡབ་གཡིས་ཀཁངམགོན་པོ་སྐྱབས་དང་། ཡུམ་ལྷ་མོ་འཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་འབྲུག  ༡༩༢༨ལོར་འཁྲུངས། ཁོང་གཞོན་ནུའི་དུས་ནས་རིག་གནས་སྦྱོང་བར་དོན་གཉེར་ཆེ་ཞིང་ལྷག་པར་དགུང་ལོ་བཅུ་གཅིག་པ་ས་ཡོས ༡༩༣༩ ལོར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ། སྔ་རྗེས་སུ་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་ལྷ་མོ་ཚུལ་ཁྲིམས་ཚང་དང་། རྗེ་ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ་དུ་མའི་ཞབས་པད་བསམ་སྦྱོར་གཉིས་ཀྱི་སྒོ་ནས་སྤྱི་བོའི་ཅོད་པན་དུ་བསྟེན་ཏེ་མདོ་སྔགས་རྒྱ་མཚོའི་གཞུང་ལ་མི་འཇིགས་པའི་སྤོབས་པ་ཐོབ། ནང་སྒོས་སུ་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་ཞབས་རྡུལ་ལ་ཡུན་རིང་དུ་གཏུགས་ཏེ་ཆོས་སྤྱོད་དང་། སུམ་རྟགས། སྙན་ངག སྒྲ་གཞུང་། ཚད་མ་སོགས་ཐུན་མོང་རིག་གནས་ཁག་ལ་གསན་སྦྱོང་རྡོ་རུས་ཐུག་པ་མཛད་པའི་ཞར་དུ་ཀུན་མཁྱེན་གཉིས་པ་ཆེན་པོའི་སྐུ་རིང་ནས་དར་འཕེལ་བྱུང་ཞིང་དཔང་ལོ་ཆེན་པོ་ནས་བརྒྱུད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡི་གེའི་ཁྲིད་རྒྱུན་ཁྱུང་བོ་གཡུ་ཁྲིའི་ཕྱག་བྲིས་ཀྱི་རི་མོའི་བཀྲག་དམངས་མ་ཉམས་པ་དབུ་ཅན་གྱི་ཡིག་གཟུགས་དང་། གཙང་གི་འབྲི་རྒྱུན་དབུ་མེད་འབྲུ་ཆེན་བྱིས་རྙིང་། ལཉྫ། ཝརྟུ་བཅས་ཀྱི་ཐིག་དང་ཕྱག་ལེན་ལ་འབྱོངས་པར་བསླབས་ཤིང་། དེ་མིན་ཀུན་མཁྱེན་ལྔ་བ་ཆེན་པོ་མཆོག་དབུས་སུ་ཞབས་སོར་འཁོད་ནས། ཕྱིར་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག ༡༩༤༠ལོར་གདན་ས་རང་ལ་ཆིབས་ཀྱི་ཁ་ལོ་བསྒྱུར་སྐབས། སྐུ་རྗེས་སུ་པོ་ཏཱ་ལའི་རྩེ་རིག་གནས་སློབ་གྲྭར་ལོ་བདུན་ལ་ཡི་གེར་སྦྱངས་བརྩོན་མཐར་ཕྱིན་ཏེ་ཡིག་གཟུགས་རྩེར་ཐོན་ཅིང་ཆེས་ལེགས་པའི་བྱ་དགའ་ཐོབ་མྱོང་བ། ཀུན་མཁྱེན་ལྔ་བ་ཆེན་པོ་མཆོག་གི་སྐུ་ཉེ། བདེ་ཆེན་ཤིང་རྭ་ཤརད་ལྟ་བོད་རང་སྐྱོང་ལྗོངས་གྲོང་ཁྱེར་ལྷ་སའི་ཁོངས་གཏོགས་སྟག་རྩེ་རྫོང་སྲིད་གཞུང་གནས་ཡུལདུ་འཁྲུངས་པའི་རྩེ་དྲུང་ཐུབ་བསྟན་བསྟན་འཛིན་ཞུ་བ་མདོ་སྨད་དུ་གདན་འདྲེན་ཞུས་ཤིང་། བཀྲ་ཤིས་འཁྱིལ་གྱི་ཐུབ་བསྟན་ཕོ་བྲང་དུ་གྲྭ་བཙུན་སློབ་གྲྭ་གསར་བཙུགས་ཀྱི་ཡིག་གཟུགས་དགེ་རྒན་དུ་བསྐོས་པ་ཁོང་གི་མདུན་ནས་དགུང་ལོ་བཅོ་ལྔ་ཆུ་རྟ་ ༡༩༤༢ལོའི་ཧོར་ཟླ་དང་བོ་ནས་ཉི་ཤུ་མེ་ཕག་ལོའི ༡༩༤༧ བར་ལོ་ངོ་དྲུག་གི་ཡུན་ལ་དགའ་ལྡན་ཡིག་གསར་ཞེས་པ་སྟེ། དེང་སང་མདོ་སྨད་ཁུལ་པོད་བོད་བྲིས་དང་། དབུས་བྲིས་བྲིས་རྙིང་ཞེས་པར་འབོད་པ། རྒྱདབང་སྐལ་བཟང་རྒྱ་མཚོས་རྩེ་སློབ་གྲྭ་བཙུགས་རྗེས་ཡུལ་དབུས་སུ་དར་རྒྱས་བྱུང་བའི་དབུ་མེད་ཀྱི་གཟུགས་རིས། སུག་རིང་དང་སུག་ཐུང་། འབྲུ་ཚ་དང་ཚེགས་ཆུང་། རྒྱུག་བྲིས་དང་འཁྱུགས་བྲིས། ལཉྫ། ཝརྟུ། ཡིག་གསར་དང་ཧོར་ཡིག་སོགས་རྩེ་སློབ་གྲྭའི་ཕྱག་ལེན་ཇི་བཞིན་གོ་རིམ་མ་འཛོལ་བར་ལེགས་པར་སྦྱངས་ཏེ། དགུང་ལོ་བཅུ་བདུན་ཤིང་སྤྲེལ་ ༡༩༤༤ལོར་ཀུན་མཁྱེན་ལྔ་བ་མཆོག་ལ་སློབ་གྲྭ་བ་རྣམས་ནས་ལན་ཝར་གཟབ་གཤར་ཧོར་ཡིག་སོགས་སྦྱངས་འབྲས་ཡིག་ཚད་གཟིགས་འབུལ་ཞུས་པར། ཁོང་ཉིད་ཡིག་རིས་ཨང་དང་བོ་ཐོན་པར་ཀུན་མཁྱེན་མཆོག་གི་འཇམ་དར་སྤོས་ཁྲེ་གསུམ་དང་། སྲུང་མདུད། ཤིང་ཐོག་སོགས་ཀྱི་གསོལ་རབ་བསྩལ་ནད་གཞོན་ནུ་དོན་གཉེར་ཅན་དྲུག་ཅུ་ལྷག་གི་ཚོགས་ལས་གཟེངས་སུ་ཐོན་ནས་མཁས་པའི་གྲགས་པ་རིམ་གྱིས་འབར། དེ་ནས་ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་། བཟློག་ཏུ་མེད་པའི་བརྩོན་འགྲུས་ཀྱི་གོ་ཆ་བརྟན་པོ་ཟུང་དུ་སྦྲེལ་བའི་མཐུ་ལས་རིག་པའི་གནས་ལ་མཁས་པའི་རྒྱལ་ཐབས་བདག་གིར་བཞེས་ཏེ་དགུང་ལོ་ཉེར་བཞི་བ་ཆུ་འབྲུག་ ༡༩༥༣ལོ་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་ཕྲེང་དྲུག་པ་ཆེན་པོ༧རྗེ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གི་བཀའ་གསུང་བཞིན་བླ་བྲང་ཡིག་ཚང་གི་དྲུང་ཡིག་ཆེན་མོའི་ཁུར་ཡོངས་སུ་བཞེས་ཏེ་དྲུང་ཡིག་སྨོན་ལམ་ཞེས་པའི་མཚན་སྙན་གྱི་མེ་ཏོག་ཕྲེང་བ་འགྲོ་བ་ཡོངས་ཀྱི་སྤྱི་བོའི་རྒྱན་དུ་ཐོབ།  དགུང་ལོ་ཉེར་ལྔ་བ་ཆུ་སྦྲུལ་ ༡༩༥༣ལོ་ནས་གསར་བརྗེའི་བྱ་བར་ཞུགས་ཏེ་བསང་ཆུ་རྫོང་སྲིད་གྲོས་ཀྱི་དྲུང་ཆེན་གཞོན་པ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ནས་སོ་གཅིག་པ་ས་ཁྱི ༡༩༥༨ལོའི་བར་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་བྱ་བ་ལ་ཐུགས་གཞོལ་བར་མཛད། འོན་ཀྱང་བར་སྐབས་ཤིག་ལ་མ་ཉེས་ཁ་གཡོག་གིས་ལོ་ངོ་ཉི་ཤུའི་རིང་གཡོན་གྱི་ནོར་འཁྲུལ་དང་རིག་གནས་གསར་བརྗེ་ཞེས་པའི་གོད་ཆག་གི་ལས་འགུལ་ཁྲོད་དུ་བསམ་མི་ཕོད་པའི་འཐབ་རྩོད་སོགས་ཀྱིས་སྐུ་ལ་འོ་བརྒྱལ་ཆེན་པོ་མྱངས་ཏེ་ལུས་སེམས་ལ་བརྡབ་གསིག་མནར་གཅོད་མི་ཟད་པ་ཐེབས་དྲགས་པས་རྗེས་སུ་སྙན་གྱི་དབང་བོ་ཕལ་ཆེར་ཉམས་པར་གྱུར། དགུང་ལོ་ང་གཅིག་པ་ས་རྟ་ ༡༩༧༨ལོར་བྱ་བའི་ལས་གནས་སླར་གསོས་ཏེ་རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་སོགས་གོང་རིམ་གྱི་བཀའ་ལྟར་ཁྲིན་ཏུའུ་སོགས་སུ་ཕེབས་ཏེ་རྒྱ་བོད་ཀྱི་མཁས་ཆེན་དུ་མ་དང་ལྷན་དུ་བོད་རྒྱ་ཚིག་མཛོད་ཆེན་མོ་ཁ་སྐོང་དང་ཞུ་དག་ཐ་མའི་གཏན་ཕབ་ཀྱི་ལས་དོན་སོགས་རྩོམ་སྒྲིག་གི་བྱ་བར་ལོ་ངོ་གསུམ་རིང་ཕྱག་ལས་སུ་ཞུགས་ཏེ། ཆོས་ཀྱི་ཐ་སྙད་འཚོལ་སྒྲིག་དང་རྩ་བའི་ཐ་སྙད་འགྲེལ་བཤད་དང་བཅས་པ་བོད་བྱིངས་ཀྱི་སྤྱི་སྐད་དུ་བསྡུ་བའི་འགན་བཞེས་པའི་གྲས་སུ་བཞུགས། ཁྱད་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ཡང་དག་པའི་ལམ་ཕྱོགས་དང་སྲིད་ཇུས་ཀྱིས་ནག་མེད་ཉེས་འགེལ་གྱི་རྙོག་ཟིང་དྲང་བཅོས་བྱས་ནས། དགུང་ལོ་ང་བཞི་བཞེས་པ་ལྕགས་སྤྲེལ་༡༩༨༠ལོར་དཀར་འདོན་ཐོབ་ཅིང་ལོ་དེའི་ལོ་མཇུག་ནས་བཟུང་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་ཁུལ་མི་རིགས་སློབ་གྲྭད་ལྟའི་བོད་རིགས་སྣ་འཛོམས་ཆེད་གཉེར་སློབ་གྲྭཡི་སློབ་གཙོ་གཞོན་པ་དང་མཚན་འཛིན་སློབ་གཙོ་བཅས་ཀྱི་འགན་རིམ་པར་བཞེས་ཏེ། རང་ཅག་བོད་མི་རིགས་རིག་གནས་སློབ་གསོ་ལ་ཐུགས་ཞེན་ཟབ་ཅིང་ཤེས་རིག་ཡར་རྒྱས་དང་མི་རིགས་སློབ་གསོའི་བྱ་བཞག་གི་དོན་དུ་སློབ་བུ་རབས་དང་རིམ་པར་བརྩེ་གཟིགས་ཟོལ་མེད་ཀྱི་བསྐྱངས་ཏེ་སུམ་རྟགས་དང་གསུམ་དང་། ཡིག་གཟུགས་སོགས་བུམ་པ་གང་བྱོའི་ཚུལ་དུ་གནང་བའི་བར་གསེང་དུ། གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཁག་གི་གྲྭ་རིགས་དང་། སློབ་གྲྭ་བ་ཆེ་འབྲིང་ཆུང་གསུམ་དང་ལས་བྱེད་པ་བཅས་བོད་ཡིག་སློབ་མཁན་དུ་མ་ལ་དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་ཁྲིད་ཅིང་། སློབ་གྲྭའི་ཕྱི་ནང་དུ་རིག་གནས་ཀྱི་རྐང་འཛིན་པར་གྱུར་པ་མང་པོ་སྐྱེད་སྲིང་བྱས་ཏེ་མ་རིག་པའི་མུན་པ་བསལ་བའི་བློ་གྲོས་ཀྱི་སྣང་བ་གང་ལ་ཅི་འདོད་དུ་བསྩལ།  དགུང་ལོ་ང་དགུ་བ་རབ་བྱུང་བཅུ་བདུན་པའི་མེ་ཡོས་༡༩༨༧ལོར་ཡང་སྐུ་ངལ་ལ་མ་འཛེམ་པར་སློབ་གྲྭ་རང་གི་བོད་སྐད་ཡིག་གི་བསླབ་དེབ་གསར་སྒྲིག་གི་བྱ་བར་སློབ་གྲྭ་རང་གི་བོད་སྐད་ཡིག་གི་བསླབ་དེབ་གསར་སྒྲིག་གི་བྱ་བར་ཐོག་མཐའ་བར་གསུམ་དུ་སྤྱི་དང་གཙོ་ཕྱོགས་ཀྱི་འགན་ཕྲག་ཏུ་བཞེས་ཏེ། དེབ་བཅུ་གཉིས་ཀྱི་བདག་ཉིད་ཅན་རྩོམ་སྒྲིག་མཛད་ནས་ཡིག་འབྲུ་ཁྲི༡༢༠ཟིན་པ་དེར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གདེང་འཇོག་ཚད་མཐོན་པོ་གནང་བ་མ་ཟད། དུང་དཀར་རིན་པོ་ཆེ་སོགས་མཁས་མཆོག་དུ་མས་བསྔགས་བརྗོད་ཀྱི་རོལ་མོའི་མགྲིན་དབྱངས་གཅིག་ཏུ་འཁྲོལ་བར་གྱུར་ཏོ།
     ཁོང་ནི་དུས་དང་རྣམ་པ་ཀུན་ཏུ་སྤྱི་དོན་ཁུར་དུ་བཞེས་མཁན་ཞིག་དང་བརྩོན་པ་ལྷུར་བཞེས་གནང་མཁན་ཞིག་ཡིན་པ་མ་ཟད། མཁས་པའི་སྒྲོབ་ཉམས་དང་གཡོ་སྒྱུའི་ཚུལ་འཆོས་སྤུ་ཙམ་ཡང་མེད་པར་ཐུགས་རྒྱུད་རབ་ཏུ་བཟང་ཞིང་གཞན་ཕན་གྱི་དགོངས་པ་རྒྱ་ཆེན་པོས་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་དང་། མི་རིགས་རང་ཉིད་ཀྱི་མི་རབས་རྗེས་མ་རྣམས་ལ་ལྷག་བསམ་རྣམ་དག་གིས་སློབ་སྟོན་མཛད་པར་དཀའ་ངལ་ཞུམ་མེད་ཀྱིས་ཐུགས་སྟོབས་ཡོད་ཚད་འདོན་མཁན་ཞིག་ཡིན་པས། ཁུལ་དང་ཞིང་ཆེན་རིམ་པའི་གཟེངས་བསྟོད་ཐེངས་མང་ཐོབ་ཅིང་ཆོ་ལོའང་མང་བོ་བསྩལ་ཡོད། དགུང་ལོ་དྲུག་ཅུ་བ་ས་འབྲུག ༡༩༨༨ལོར་རྒྱལ་ཡོངས་རི་མོ་ཡིག་གཟུགས་གསར་བ་བདམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཡིག་གཟུགས་ལེགས་པ་དབུ་ཅནཨང་དང་པོའི་ལག་འཁྱེར་དང་དངོས་པོའི་བྱ་དགའ་གྱ་ནོམ་པ་གནང་བ་དང་མཐོ་རིམ་འཆད་ཁྲིད་དགེ་རྒན་གྱི་གོ་མིང་ཐོབ།  ཕྱག་ལས་གནང་ནས་ལོ་ཡི་བགྲང་བྱ་བཅུ་ལ་ཉེ་བའི་རིང་ལ། ཁོང་གིས་ང་ཚོར་བཞག་པའི་བརྩམས་ཆོས་གཙོ་བོ་ནིཐོན་མིས་བོད་ཡིག་བཟོས་པའི་ལོ་རྒྱུསདང་། བོད་ཡིག་གི་རྣམ་གཞགདང་། བོད་ཡིག་དབུ་ཅན་འབྲི་ཚུལདང་། བོད་ཀྱི་ཡིག་བསྐུར་རྣམ་བཞག་སྐོརསོགས་ཉེར་མཁོའི་རིགས་མང་བོ་བཞུགས་ལ། ཁུལ་སྲིད་གྲོས་ཀྱིཀན་ལྷོའི་རིག་གནས་དང་ལོ་རྒྱུས་དཔྱད་གཞིའི་ཡིག་རིགསཞེས་པའི་ཁོངས་སུབླ་བྲང་བཀྲ་ཤིས་འཁྱིལ་གྱི་ལོ་རྒྱུས་གནད་འདྲིལཞིག་བརྩམས་ཤིང་། རྐང་ཚའི་དགོན་སོགས་དགོན་པ་བཅུ་ཕྲག་ལྷག་གི་ལོ་རྒྱུས་མདོར་བསྡུས་ཚིག་ཉུང་ལྟ་བདེ་མང་བོའང་རྩོམ་སྒྲིག་གནང་ཡོད།
     དེ་མིན་ད་དུང་ཕྱག་ལས་སྣེ་མང་གི་བྲེལ་ཡང་ལས་བཅོལ་ཁུར་བཞེས་མཛད་ནསམདོ་སྨད་ཆོས་འབྱུངདང་། བཀའ་ཆེམས་ཀ་ཁོལ་མ》《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབ་ལྷའི་རྔ་ཆེན》《ཅོ་ནེའི་བསྟན་འགྱུར་དཀར་ཆགཀུན་མཁྱེན་སྐུ་རབས་གཉིས་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ། གུང་ཐང་བསྟན་པའི་སྒྲོན་མེ་བཅས་ཀྱི་རྣམ་ཐར་སོགས་རྒྱུད་ཆད་ལ་ཉེ་བའི་དཔེ་རྒྱུན་གང་དཀོན་མང་བོ་ལྕགས་པར་དུ་འདེབས་པར་བསྐུལ་ཅིང་ཞུ་ཆེན་གྱི་འགན་བཞེས་ནས་གཞུང་དེ་དག་གི་རྩོམ་པ་བོ་མཚམས་སྦྱོར་མཛད་པ། འདི་ལས་གླེགས་བམ་ཁ་ཤས་ཤིག་ལ་ཀྲུང་གོའི་བྱང་ཕྱོགས་ཀྱི་ཞིང་ཆེན་བཅོ་ལྔའི་དཔེ་ཚོགས་དཔྱད་བསྡུར་ཁྲོད་དུསྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་བྱ་དགའཐོབ་ཡོད།  ཁྱད་པར་དུ༡༩༨༢ལོར་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱིས་བོད་ཡིག་དུས་ཐུང་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་དུ་སྤྱན་དྲངས་ཏེ། དེ་གའི་རྩོམ་སྒྱུར་ཅུས་ཀྱིས་བསྐུལ་བའི་ངོར། དུས་ཚོད་ཐུང་ངུའི་ནང་སྐྱེ་འགྲོའི་དང་བ་དབང་མེད་དུ་འདྲེན་པའི་ཡི་གེའི་མ་ཕྱིཡིག་གཟུགས་བློ་གསལ་སྤྱི་ནོར་ཞེས་པ་བརྩམས་གནང་མཛད་ནས་ཀུན་གྱི་མིག་གི་དགའ་སྟོན་དུ་སྨིན་པར་མཛད། ཡིག་གཟུགས་འདིའི་ཐིག་རྩ་དང་ལག་ལེན་གྱི་ཐད་ལཁྱུང་བོ་གཡུ་ཁྲིའི་སྨྱུ་གུའི་བསྟན་བཅོསདང་། ཁྱུང་བོའི་ཡང་སློབམཁས་པ་རོང་པའི་ཐིག་རིས་རིན་ཆེན་སྒྲོམ་བུ》《ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབསོགས་ལ་ཁུངས་གཏུགས་ཡོད་མོད། གཙོ་ཆེར་ཁྲིད་རྒྱུན་བཞིན་དང་སྡེ་སྲིད་ཆེན་མོསགཡའ་སེལདུ་འཁོད་པའི་ཐིག་འགྲེལ་ལ་བསྟུན་པ་ཡིན་ཞེས་སློབ་དཔོན་སྐུ་དྲིན་ཅན་གང་གི་ཞལ་ལས་ཐོས་སོ།།  གཞན་དུ་བླ་བྲང་དགོན་པའི་གསུང་རབ་པར་ཁང་གི་ཡིག་གཟུགས་བརྗེ་བ་དང་། སྔགས་ཡིག་གི་ཡིག་འབྲུ་གསར་སྣོན་མཛད་དེ་དེང་སང་རྒྱལ་ཡོངས་སུ་བོད་ཡིག་གི་པར་ཁང་རྣམས་ལས་པར་ཁ་ཚང་ཤོས་སུ་གྱུར་པར་མཛད་པ་བཅས་ཀྱིས་བོད་གངས་ཅན་གྱི་རིག་གནས་སླར་གསོ་བྱེད་པར་སྐུ་དྲིན་ཤིན་ཏུ་ཆེའོ།།   གཞན་ཡང་སྲིད་གྲོས་ཀན་སུའུ་ཞིང་ཆེན་གྱི་རྒྱུན་ལས་ལས་འཛིན། སྲིད་གྲོས་ཀན་ལྷོ་ཁུལ་གྱི་ཀྲུའུ་ཞི་གཞོན་པ། ཁུལ་བོད་ཆེད་འབྲིང་སློབ་གྲྭའི་མཚན་འཛིན་སློབ་གཙོ། ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན་སོགས་ཀྱི་འགན་བཞེས་མུས་སུ་སྐུ་ལ་བསྙུན་གཞི་ཐེབས་ཏེ་སྨན་བཅོས་ཀྱིས་མ་ཕན་པར་དགུང་ལོ་རེ་གཉིས་ཕེབས་པ་རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ ༡༩༩༠.༡.༨ལ་སྐུ་ཞི་བར་གཤེགས་སོ།།
 
·རྩོམ་ཡིག་གོང་མ:བོད་རིག་པའི་ཞིང་ཁར་རྨོ་འདེབས་བྱེད་མཁན།མི་ཉག་མགོན་པོ།
·རྩོམ་ཡིག་འོག་མ:འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 6:50:11 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 9:26:28 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 14:01:36 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 51 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.79MS