ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

ཨ་མཚར་མཚར་དགུའི་བདུན་པ།

  རྩོམ་པ་པོ:ཞོགས་དུང་།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2033ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/12/8 18:08:10ཚོགས་ཡར་སྤྲོད:admin
ཨ་མཚར་མཚར་དགུའི་བདུན་པ།
 
ཞོགས་དུང་།
 
     ལྷ་སའི་མི་རྣམས་ཀྱི་གདོང་མིག་དང་ཁ་བརྡ་ལས་མཐོང་ཐོས་མི་འདྲ་བ་བྱུང་བ་ནི་ཨ་མཚར་མཚར་དགུའི་བདུན་པ་ཡིན།
   མཐོ་ས་ནས་བཤད་ན་ས་ལག་མཐིལ་ཙམ་ལས་མེད་པའི་ལྷ་ས་ལ་ད་ལྟ་གྲོང་ཁྱེར་གྱི་མིང་གིས་འབོད། སྲིད་འབྱོར་རིག་གསུམ་དང༌། མི་གྲངས། བཟོ་ཚོང་ལས་རིགས་སོགས་ཚད་ངེས་ཅན་དུ་སླེབས་ཚེ་གྲོང་ཁྱེར་ཞེས་འདོགས་ཤིང༌། དེའི་ནང་གི་ཆ་རྐྱེན་གཙོ་བོ་གཅིག་ནི་མི་གྲངས་འདུས་སྡོད་མང་བ་དེ་རེད། མི་གྲངས་ཁྲི༡༣ ལྷག་ལོངས་པ་ཡོད་སྐད་ཀྱི་གྲོང་ཁྱེར་ལྷ་སའམ་ལྷ་ས་གྲོང་ཁྱེར་གཅིག་པུར་བོད་རྒྱ་སོག་གསུམ་དང༌། ཧེ་ཙི་སོགས་མི་རིགས་༣༡འཚོ་སྡོད་བྱས་ཡོད་ཅིང༌། བོད་མིས་བརྒྱ་ཆའི་༨༧ཟིན་པ་ལྟར་ན་མི་གྲངས་ཁྲི་༡༡ལྷག་ཡོད་ཚོད་རེད།  བོད་ལ་ཚད་ལྷན་གྱི་གྲོང་ཁྱེར་ལྷ་ས་གཅིག་པུ་ལས་མེད་ཅིང་།  དེང་གི་བར་དུ་འདུས་སྡོད་ཆེན་པོས་འཚོ་བའི་སྤྱི་ཚོགས་ཆགས་རབས་མེད་པ་ནི་རང་ལ་སིལ་བུའི་ལོ་རགྱུས་ཡོད་པ་ལྟར་བོད་ཡུལ་ས་རྒྱ་ཆེ་བས་མི་རྣམས་ཁ་འཐོར་གཡིས་འཚོ་བས་རེད།  དར་རྒྱས་ཆེ་བའི་མི་རིགས་གང་ཡིན་ན་མཐར་གཏུགས་ན་ཁོ་ཚོ་འདུས་སྡོད་ཆེན་པོ་བྱས་པའམ་གྲོང་ཁྱེར་ཆགས་པ་རྨང་ཞི་བྱས་པའི་སྟེང་འཕེལ་རྒྱས་བྱུང་བ་ཉག་ཅིག་རེད། 
   འུ་ཚོའི་འཇིག་རྟེན་འཕེལ་རྒྱས་མ་བྱུང་བ་ནི་ཆོས་ལུགས་རིག་གནས་ཀྱི་བཀག་བསྡོམས་ལས་གཞན་འདུས་སྡོད་ཆེན་པོ་འམ་གྲོང་ཁྱེར་མ་ཆགས་པས་ལན་པར་ཁོ་བོས་འདོད།  སྔོན་མ་འདུས་སྡོད་ཆེན་པོ་མ་བྱུང་བས་ད་ལྟའི་སྣང་ཚོད་ལ་བོད་རྣམས་རྣམ་གཡེང་དང།  ལེ་ལོ། སྒྱིད་ལུག་གི་འདུ་ཤེས་ཆེ་བར་འདུག་ཅིང་རང་མགོ་རང་རྒྱལ་དང་སུ་ཐུབ་སུ་རྒྱལ་གྱི་རང་གཤིས་མངོན་སུམ་མཐོང་དུ་ཡོད། ཁོ་ཚོ་ཁ་ཐོར་དུ་གནས་ཡུན་རིང་བས་ཅི་མ་ཡིན་དང་ཅི་དྲན་གང་དྲན་གྱིའདུ་ཤེས་ཆགས་པར་བྱས་ཤིང། འདུ་ཤེས་དེས་བྱུང་རྒྱལ་དང་ཅི་འདོད་གང་འདོད། སོས་དལ་དང་རང་ཡན་གྱི་སྤྱོད་སྟངས་མངོན་པར་བྱེད་པས་དེང་གི་སྤྱི་ཚོགས་ལ་མི་འཚམས་ཤིང་དེང་གི་སྤྱི་ཚོགས་ཀྱི་མི་མ་ཡིན་པའི་ཚོད་དུ་སྣང༌། བསམ་བློ་དང༌། འདུ་ཤེས། ཤེས་ཡོན། འབྱུང་སྤུས་སོགས་ཅི་བས་དམན་པར་འདུག་ཀྱང་གང་ལྟར་མི་རྣམས་ལྷ་ས་གྲོང་ཁྱེར་དུ་འདུས་སྡོད་ཆེན་པོའི་སྲིད་པ་ཡོད་བྱུང་བ་ནི་དངོས་གནས་དགའ་འོས་པའི་དོན་ཞིག༌རེད།
  དེ་ལྟར་ཅུང་ཟད་འཕྲོས་པའི་རྗེས་ལ་བཤད་འདོད་པ་ནི།   །
  1. གྲོང་ཁྱེར་དེར་འདུས་སྡོད་བྱས་པའི(གཞིས་ཀ་རྩེ་གྲོང་ཁྱེར་ཡང༌འདུས)མི་རྣམས་ཀྱི་གདོང་ལས་ཅི་ཞིག་མཐོང་བྱུང་བའི་གནད་དོན་དེ་ཡིན། ལྷ་ས༌ནས་ཀུན་རྫོབ་ཀྱི་ཆོས་ལུགས་མ་གཏོགས་གང་ཡང་བྱ་མི་ནུས་ལ་ཅི་ཡང་བྱེད་མི༌འདོད་པའི་གནས་ཚུལ་མ་རྟོགས་པའི་གཞན་རིགས་ཨ་གསར་ཆེ་བ་རྣམས་ཀྱི་མཐོང༌སྣང་ལ། ལྷ་སའི་བོད་མི་རྣམས་ཀྱིས་གང་ཡང་མི་བསམ་ཅི་ཡང་མི་བྱ་བར་སོས་དལ༌བག་ཕེབས་སུ་འཚོ་བའི་སྒྱིད་ལུག་གི་རྣམ་པ་མཐོང་བས་དག་ཞིང་མཐོང་བ་ལྟར༌དགའ་ཞིང༌། ལྷ་མི་ངོ་བོ་དབྱེར་མེད་དང༌། ལྷ་དང་རང་བྱུང་ངོ་བོ་དབྱེར་མེད། མི་དང་རང་བྱུང་ངོ་བོ་དབྱེར་མེད་ལྟར་མཐོང་སྟེ་ཆེས་མཐའ་མཇུག་གི་མ་བསླད་པའི་གནས་སམ་ཆེས་མཐའ་མཇུག་གི་གཙང་ས་ཡིན་པར་བསྙད། ཁོ་ཚོས་བོད་མིའི་གདོང་མིག་ལས་ལྷད་མེད་དང༌། གཞུང་དྲང༌། ཟོལ་མེད། སྙིང་རྗེ། རང་བྱུང་སོགས་མཐོང་གི་འདུག་ཟེར་ཞིང་ངོ་མཚར་མཐོང་བ་ཀུན་སྨོན་གྱི་ཞིང་ཞིག་འབྲི་བཞེངས་བྱས་ཏེ་ཟོལ་གྱིས་བསྟོད་ཅིང་ཡང་དག་མཐོང་བ་སྒྲིབ་པའི་འུད་སྒྲོག་པར་བྱེད། དེ་ནི་སྤྱི་ལྡོག་ནས་བཤད་ན་ཡུལ་གཞན་གྱི་མི་རྣམས་དབུས་གཙང་དུ་སྤོ་སྡོད་འབྱུང་བའི་ཐབས་ཇུས་ཀྱི་སྔོན་འགྲོའི་རོལ་དབྱངས་ལྟ་བུ་སྟེ་ཕུགས་ཀྱི་དམིགསའདུན་ཇི་འདྲ་ཡིན་པའི་གོ་བ་ལེན་ཤེས་དགོས།
   ཁོ་བོས་བལྟས་ན། ལྷ་སའི་རང་བྱུང་དང་ནམ་ཟླ་མཁའ་དབུགས་ལ་དེང་རབས་ཀྱི་འབག་བཙོག་ཆེན་པོ་མ་ཐེབས་པས་སྣོད་ཀྱི་འཇིག་རྟེན་དེ་གཉུག་མའི་ཚུལ་དུ་ལུས་པ་བདེན་ཡང། མི་དང་མི་སོགས་ནང་བཅུད་ཀྱི་སེམས་ཅན་བར་ལ་གོ་ཐང་དབྱེ་བ་གསལ་པོ་ཡོད་པ་མཐོང་བས་ཁོ་ཚོས་བཤད་པ་ལྟར་མི་ཡུལ་གྱི་ལྷ་ཡུལ་མིན་པར་རྟོགས་པ་དང༌། ཁྱད་པར་དུ་ལྷ་སའི་མི་སེར་ཕལ་མོ་ཆེའི་གདོང་མིག་ལས་འུ་ཐུག་ཐབས་ཟད་ཀྱི་མིག་མདངས་ཤིག་ལས་མ་མཐོང༌།  ཆེ་བ་སྲིད་འབྱོར་རིག་གསུམ་གྱི་ཆ་ནས་ཧོལ་རྒྱུག་ཐོད་རྒལ་བྱས་པས་ཧ་ལས་ཧང་སང་དུ་གྱུར་ཅིང༌། ཆུང་བ་རང་དབང་རྒྱུ་ནོར་མ་འབྱོར་བས་ཐབས་ཟད་ཐང་ཆད་དུ་སོང་སྟེ། འབྱོར་པའི་སྣུམ་བག་བྲལ་བས་སྐྱ་སིང་ངེ༌། འབྱུང་བའི་སྤུས་ཀ་ཞན་པས་སྡུག་ཡོར་རེ། ཁྲིམས་ཀྱི་གནོན་སྡོམ་ལྕི་བས་བག་འཁུམས་སེ། ཤེས་ཡོན་བློ་སྦྱོང་ཞན་པས་གཏི་མུག་གེར་སྡུག་ཁུར་ནམ་རིང་སྒྲུང་འཁྱོངས་དཀའ་བ་ལྟར་འདུག་པ་མཐོང༌། ཁོ་ཚོ་བྲན་གཡོག་སྤྱི་ཚོགས་ཀྱི་འཇིགས་པ་ལས་སྐྱབས་ཡོད་ཟེར་ཞིང༌། ཁོ་ཚོར་ཆོས་ལུགས་དད་མོས་རང་དབང་སླར་གསོ་བགྱིས་ཡོད་ཟེར་བ་ལྟར་ན། ཁོ་ཚོའི་གདོང་མིག་ལས་དགའ་སྐྱིད་སྤྲོ་གསུམ་གྱི་རྣམ་འགྱུར་བག་དྲོ་བ་རེ་མཐོང་དུ་ཡོད་དགོས་ཀྱང༌། དེ་ལས་ལྡོག་སྟེ་ཡི་ཆད་བློ་མུག་ཅིག་ལས་མཐོང་དུ་མེད་པ་འདི་ཅི། ལྟོས་བཅས་ཀྱིས་དེང་རབས་རིག་གནས་ཀྱི་ལེགས་ཉེས་གང་གིས་ཀྱང་མ་བསླད་པའི་བོད་རྣམས་ནི་རང་བྱུང་གི་མི་རུ་སོང་གཤིས། མིག་ནང་དུ་ལྷད་མེད་དང༌། གཞུང་དྲང༌། ཟོལ་མེད། སྙིང་རྗེ། རང་བྱུང༌། མཉེས་གཤིན། ཁྲེལ་ཡོད། ཞི་དུལ། བབ་ཆགས་སོགས་མ་གཞི་ནས་མཐོང་དུ་ཡོད་མོད། ཁོ་བོས་དེའི་ཕན་ཆད་ནས་འ་ཟད་འུ་ཐུག་དང༌། ཐབས་རྡུགས་ཐང་ཆད། སྐྱོ་གདུང་སྡུག་ཡུས་སོགས་ཤས་ཆེར་མཐོང་བ་འདི་ཁོ་བོའི་མཐོང་སྣང་མ་དག་པ་ཡིན་ནམ། ཡང་ན་ཁོ་ཚོ་འཚང་རྒྱ་འདོད་ཀྱང་འཚང་རྒྱ་མ་ནུས་པས་ཡིན་ནམ། ཡང་ན་མགོན་སྐྱབས་རེ་ཡང་མགོན་སྐྱབས་མ་བྱོན་པས་ཡིན་ནམ། ཡང་ན་སྲིད་ཀྱི་གནོན་ཤུགས་མ་བཟོད་པས་ཡིན་ནམ། ཅིས་ཀྱང་ཁོ་བོས་མཐོང་བ་ནི་མི་རྣམས་ཆོས་བྱེད་དུས་དང་གླུ་གར་རོལ་དུས་མ་གཏོགས་གདོང་པ་སུན་སྣང་དང་སྐྱོ་གདུང་གིས་ཁེངས་འདུག་པ་དེ་རེད། ཡ་མཚན་གྱི་མཐོང་སྣང་འདི་མཐོང་སྣང་ཡིན་ཕྱིར་མ་དག་འཁྲུལ་སྣང་དུ་སོང་ལས་ཆེ་ཡང་གཤམ་་གྱི་ཐོས་བྱུང་གིས་ང་ལ་ཡ་མཚན་གཞན་ཞིག་སྐྱེས་སུ་བཅུག
   2. ཉིན་ཞིག་ལ། ལས་རིགས་གཅིག་པའི་ལྷ་སའི་ལས་ཁུངས་ཤིག་གིས་དབུས་རོགས་དང་ངེད་གཉིས་ལ་མགྲོན་བསུའི་གསོལ་སྟོན་བཤམ་མཚམས་ཤིག་ལ་གླུ་མ་རྒྱ་མིན་བོད་མིན་སྐོར་ཞིག་བོས་ནས་གླུ་ལེན་ཞོར་མི་རེ་ལ་མཆོད་ཆང་རེ་བཏེགས། ངའི་ཆང་གླུ་ལམཆོད་རྟེན་དཀར་པོཞེས་པ་ལེན་རྒྱུ་ཡིན་ཟེར་ཞིང་རྒྱ་སྐད་ཀྱིས་ལེན་པར་རྩོམ་པ་ན། ངས་བོད་སྐད་ཀྱིས་ལེན་པའི་རེ་བ་བཏོན་པར། ཁོང་ཚོས་དོན་ཚན་གཉིས་པའི་སྐབས་སུ་བོད་སྐད་ཀྱིས་ལེན་གྱི་ཡིན་ཟེར(བོད་སྐད་ཀྱི་གླུ་ཚིག་ཡོད་མེད་ཐོས་མ་བྱུང)“འོ། བོད་ནི་ནམ་ཡང་ཨང་གཉིས་པ་ཡིན་དགོས་པ་ཨེ་རེད་ཅེས་ངས་འདྲི་ཚིག་ཅིག་དྲིས་པ་ན། ཕ་གིར་ངའི་ཁ་སྤྲོད་དུ་བཞུགས་པའི་དཔོན་པོ་ཆུང་ཆུང་དེས་ལྕེ་བསྣར་Uའདྲ་བ་ཞིག་བྱས་ཏེ་རྣམ་རིག་གྲུང་གྲུང་དུ་སྡོད། ཁོང་ཚོ་ངའི་སྐད་ཆ་དེ་ལ་ཧ་ལས་ཤིང་ང་ནི་ཁོང་ཚོའི་བཟོ་ལྟ་དེ་ལ་ཧ་ལས། བྲན་གཡོག་གི་འདུ་ཤེས་ཆེ་བའི་བོད་མི་རྣམས་ལ་ངོ་མཚར་དང་ངོ་ཚ། མངོན་ཆུང༌།གུས་ཞབས་སོགས་སྟོན་ཕྱིར་མགོ་ཕུར་ལྕེ་བསྣར་གྱི་རྣམ་འགྱུར་སྟོན་པའི་སྲོལ་འདུག་ཀྱང་། སྐབས་དེའི་ལྕེ་བསྣར་ཧལ་སྒྲ་ཅན་དེ་ནི་འཇིགས་སྐྲག་གི་དབང་གིས་བྱུང་བར་ཁོ་བོས་ཐག་ཆོད། ཁ་བརྡ་བྱས་ཚེ་ཚིག་ཟུར་དང་སྐད་ཆའི་ཤུགས་བསྟན་ལས་ངས་གོ་བ་ནི་དབུས་པ་རྣམས་ནི་རྒྱལ་རིགས་དང་རྗེ་རིགས་ལྟར་ལྟ་ཞིང་དབུས་པ་མ་ཡིན་པའི་མི་རྣམས་ནི་དམངས་རིགས་དང་གདོལ་བའི་རིགས་ལྟར་ལྟ་བའི་ཕྱོགས་རིས་འཐེན་འཁྱེར་གྱི་བསམ་བློ་རྙིང་ཤུགས་ཆེ་བའི་ཚུལ་དེ་རེད། ཚོ་པའི་འདུ་ཤེས་རྙིང་རུལ་དེནིམེའཁོར་རྒྱུགས་བྱུང། ལྷ་ས་རྫོགས་སོངཟེར་བའི་མེ་འཁོར་ཤར་གཏོང་བྱས་པ་ནས་བཟུང་དེ་འདྲའི་མངོན་གསལ་དོད་པོ་མིན་རབས་ལྷ་སར་སྡོད་པའི་ཨ་མདོ་བ་རེ་གཉིས་ཀྱིས་བཤད། དེ་ནི་སྐབས་འདིའི་བརྗོད་བྱ་མིན། ཡང་ཁོ་ཚོས་ཁོང་ཚོ་ཁ་ལོ་བཏུལ་སོང་བས་ཁས་བླངས་པ་ཡིན་སོགས་འུ་ཐུག་པའི་ཚུལ་གྱིས་བརྗོད། ཚད་གཅིག་ནས་བཤད་ན། མི་ནི་མ་གཞི་ནས་སྲོག་འཚོབ་ཙམ་གྱི་ཕྱིར་དུ་སྐྱེས་ཤིང་ལྟོ་རྒྱབ་ཁེབས་པས་འཐུས་པ་འདྲ་བས་ན་སུལའང་ཅི་ཁག   ཁྱད་པར་དུ་བོད་རྣམས་ལ་སྔ་མོ་ནས་དབང་ཁོལདུ་གྱུར་པའི་སྲོལ་རྒྱུན་འདུག་ཕྱིར་དབང་ཅན་གྱིས་སྦྱར་དུག་བྱིན་ཀྱང་འཇིགས་སྐྲག་གིས་ཟ་བར་བྱེད་པ་ཆོས་ཉིད་ལྟར་གྲུབ་འདུག
    གང་ལྟར་ངས་ལྷ་སའི་མི་སེར་ཕལ་མོ་ཆེའི་གདོང་མིག་དང་གཏམ་གླེང་ལས་མཐོང་བྱུང་བ་ནི། དགའ་བ་ལས་སྐྱོབ་མང་ལ་སྐྱིད་པ་ལས་སྡུག་པ་མང་བའི་ཚུལ་ཡིན་ཞིང་ཐམས་ཅད་འཇིགས་སྐྲག་གིས་འཚོ་བའི་མངོན་སུམ་གནས་བབ་དེ་རེད། ཞིབ་ཏུ་བསམས་ན་ཁོ་ཚོར་སྐྱོ་སྡུག་དང་འཇིགས་སྐྲག་གི་ཚོར་པ་ཆེ་བར་རྒྱུ་མཚན་མེད་པ་མ་ཡིན་ཏེ། ཚེ་འདིའི་འདོད་པ་ཐོག་ཏུ་མ་བབས་པས་སྡུག་ཅིང་ཕྱི་མའི་ཐར་པ་ལམ་ཐག་རིང་བས་སྐྱོ།  ཆོས་ཀྱི་ལྐོག་གྱུར་ལ་འཇིགས་ཤིང་སྲིད་ཀྱི་མངོན་གྱུར་ལ་སྐྲག  ཆོས་སྲིད་གཉིས་ཀྱི་ཁུར་པོ་ལྕི་བས་འ་ཆད་འུ་ཐུག་ཏུ་གྱུར་ཅིང་ཆོས་སྲིད་གཉིས་ཀྱི་ཁུར་པོ་བཙན་པས་རང་གི་གྲིབ་གཟུགས་ལའང་འཇིགས། ལྷ་ས -སྔོན་ཆད་ཆོས་ཀྱི་ཚབ་ཚིག་དེ་ད་ལྟ་འཇིགས་རུང་གི་ཚབ་ཚིག་ཏུ་གྱུར་ཅིང༌། སྔོན་ཆད་རིག་གནས་ཀྱི་ཚབ་ཚིག་དེ་ད་ལྟ་བླ་འཚོང་གི་ཚབ་ཚིག་ཏུ་གྱུར།ཉི་མ་ལྷ་སས་ཉི་གོ་མ་ཆོད་པས་མི་རྣམས་སྐྱོ་གདུང་མུན་པའི་བཞིན་རས་མངོན་ཞིང་མཚན་མོ་འཇིགས་ཡེར་གྱི་སེམས་པ་ལྕི་བ་ལོས་ཡིན། ཡ་མཚན་པ་ནི། དབུ་རྨོག་ནི་སླར་ཞིང་བརྩན་པ་ནམ་ཞར་མྱི་འགྱུར་ ཞེས་པ་དང༌། འཐབ་ཀྱྀ་ཟླ་དང་གྲོགས་ཀྱི་དོ་ཡིན་ཞེས་པའི་དེ་སྔའི་བློ་སྤོབས་དང༌། སྟོད་དུ་དཔའ་ཚན་དུ་སྟག་གི་སྤྱིལ་པོ་ཕུབ། འོག་རྟ་གཡུལདུ་བསད། གདོང་ཁྲག་གིས་བྱུགས་ཏེ་སླར་མི་ལྡོག་པའི་རྩིས་སུ་བྱས་ནས་རྒོལ་བས་གྲུ་གུ་བཏུལ་བ་དང༌། བར་དུ་དཔའ་ཚན་དུ་རལ་གྲི་ལ་རི་མོ་བྲིས་དུར་རྒྱགས་ལྟོར་ཟོས་ཚེ་སློག་རྒྱབ་ཏུ་གོན་ཏེ་མི་སྡུག་པའི་ཆས་སུ་བྱས་ནས་རྒོལ་བས་ལྗང་བཏུལ་བ་དང༌། སྨད་དུ་དཔའ་ཚན་དུ་རལ་གྲིའི་ཤུབས་བཅག་ཁ་ཆེམས་ཉེ་བ་ལ་ཕོག་བུ་སྨད་ཉེ་དྲུང་ལ་བཅོལ་ནས་མི་ལྡོག་པའི་རྩིས་ཀྱིས་རྒོལ་བས་རྒྱ་ཐུལ་བ་སྟེ་བཙན་པོའི་དུས་ཀྱི་སྟོད་སྨད་བར་གསུམ་གྱི་དཔའ་སྡེ་ལྟ་བུའི་དཔའ་ངར་རྣམས་རྩ་བ་ནས་རྒས་ཤིང་རྩད་པ་ནས་ཉམས་ཏེ་ཟུར་དང་ཤུལ་ཙམ་ཡང་མཐོང་མ་སོང་བ་དེ་རེད། དེ་འདྲའི་རང་རློམ་ནི་ཁོ་ཚོའི་གདོང་མིག་ལ་མེད་པ་དེ་བཞིན་ཁོ་ཚོའི་སྙིང་ཁོང་དུའང་མེད་པ་འདྲ། ལོ་རྒྱུས་ཀྱི་གོད་ཆག་དང་རིག་གནས་ཀྱི་ཉམས་རྒུད་ཀྱིས་འདི་ལྟར་བོད་མིའི་སྙིང་སྟོབས་རྣམས་ཤུལ་རྗེས་ཙམ་ཡང་མེད་པར་བྱས་སོང་བ་ནི་ཡ་མཚན་པོ་མ་ཡིན་ནམ།
 3. དེ་ལས་ཀྱང་ཡ་མཚན་པ་ནི་ལྷ་སར་བཞུགས་པའི་མཁས་པའམ་ཡོན་ཏན་པ་དག་གི་བསམ་སྤྱོད་རེད། མཁས་པ་དང་ཡོན་ཏན་པ་ནི་རྒྱུ་འབྲས་ལྟར་བཤད་ན་འཇིག་རྟེན་གྱི་སྲོག་ཤིང་དང༌། སྤྱི་ཚོགས་ཀྱི་རྒྱུ་འབྲས་བློ་མིག  མི་ཚེ་ཡི་དེད་དཔོན་ཆེན་མོ་བཅས་ཡིན་དགོས་ནའང༌། ལྷ་སར་མཇལ་བའི་མཁས་པའམ་ཡོན་ཏན་པ་དག་ནི་དེ་དང་ལྡོག་ཟླ་ཤ་སྟག་ཏུ་མཐོང་སྟེ། གཤམ་དུ་དཔེ་མཚོན་གཉིས་འགོད་ན།
   ལྷ་སར། བྱ་བའི་དབང་གིས་མཁས་པ་རྒན་པ་རེ་གཉིས་ཀྱི་སྐུ་མདུན་དུ་ཕྱིན། ཁོང་ཚོདང་ལབ་གླེང་ཐུང་ངུ་རེའང་བྱས། མཁས་པ་ཆེ་གྲས་སུ་བགྲང་བའི་རྒན་པ་ཞིག་གི་སྐུ་མདུན་དུ་ང་ཚོའི་བར་གྱི་འབྲེལ་ཡོད་ཀྱི་དོན་རྣམས་ཞུས་ཚར་རྗེས། ངས་ང་ཚོ་ནི་དཔེ་སྐྲུན་ལས་རིགས་ཀྱི་མི་ཡིན་པས་མ་རྩོམ་གང་ཡང་ཚད་ལ་ལྡང་ན་དཔེ་སྐྲུན་གྱི་འོས་འགན་ཡོད། དེས་ན་གང་ཉིད་ཀྱི་ཕྱག་ཏུ་ལོ་རྒྱུས་དང་རིག་གནས། ཆོས་ལུགས་སོགས་ཤེས་རིག་སྐོར་གྱི་དཔེ་རྒྱུན་དཀོནཔོ་རེ་མཁོ་སྤྲོད་བྱེད་རྒྱུ་ཨེ་འདུག་སོགས་ཞུས་པར་ཁོང་གིས་དེ་རིགས་གང་ཡང་མེད་པའི་སྐད་གསུངས་བྱུང༌། དོན་དམ་དུ་ཁོང་གི་ཕྱག་ཏུ་གནའ་དཔེ་དཀོནཔོ་འགའ་རེ་འདུག་ཚུལ་གཞན་གྱི་ངག་ལས་ཐོས་པར་མ་ཟད། ཀུན་ལ་སྤྱོད་སྒོ་ཆེ་བའི་དཔེ་ཆ་འགའ་རེ་ཡོད་ངེས་པ་ཁོང་གི་བྲིས་རྩོམ་དག་གི་ཤུགས་ལས་ཀྱང་ཤེས་ཐུབ། ཆ་གཅིག་ནས་བཤད་ན་ཁོང་ཉིད་མཁས་པ་ཆགས་བྱེད་ཀྱང་དཔེ་ཆ་དེ་དག་ལ་བརྟེན་ལས་ཆེ། སྔོན་གྱི་མཁས་པའི་ཤེས་རབ་ཀྱི་ཉིང་བཅུད་དཀོན་པོ་རྣམས་ཀུན་གཟིགས་ཁྲོམ་བསྒྲགས་མི་གནང་བར་བསྡུ་ཉར་སྦ་གསང་བྱེད་པ་ནི་མཁས་པ་གུ་དོག་ཚོའི་སྤྱི་སྲོལ་ཞིག་ཡིན་ཀྱང་སྲིད། ཁྱད་པར་དུ་འུ་ཚོའི་ནད་རྙིང་ཞིག་སྟེ་མཚོན་བྱེད་ནི་དཔེ་མཛོད་ཉར་བའི་དགོན་པ་ཆེ་ཁག་གང་ལ་ཕྱིན་ཀྱང་དཔེ་རྒྱུན་དཀོན་གྲས་གཡོར་བསྐྱི་ལོན་པ་ཤིན་ཏུ་དཀོན་ཞིང༌། གཞན་གྱིས་དངོས་མཇལ་ཞུ་བ་ལས་དཔེ་མཛོད་དུ་རལ་ཟགས་རུལ་ཟད་དུ་གྱུར་ཀྱང་དགའ་བ་ལྟར་སྣང་བའི་ཚུལ་དེ་ལྟར་རེད། དེ་ཡིས་བོད་རྣམས་བློ་ཁོག་ཆུང་ཞིང་ཕྲག་དོག་ཆེ་བའི་ཚུལ་མཚོན་པ་དང༌། ཤེས་ཡོན་མ་དར་བ་ནི་འདི་སོགས་ཀྱིས་ཀྱང་རྒྱུ་རྐྱེན་བྱས་འདུག་པར་འདོད། རང་ཉིད་གཅིག་པུ་མཁས་འདོད་གྲགས་འདོད་ཆེ་བའི་མཁས་པ་ཚོས་སྦ་གསང་བྱས་པ་ནི་དཔེ་རྒྱུན་དཀོན་པོ་ཁོ་ན་ཙམ་མ་ཡིན་པར་སྔོན་མིའི་ཤེས་རབ་དང༌། བློ་དཀྱེལ། ཞིབ་འཇུག་གི་འབྲས་བུ་རྣམས་ཡིན་ཕྱིར། ཕུགས་དེད་ན་མཁས་པ་ཡིན་ཀྱང་སྔོན་མིའི་ཤེས་རབ་འབྲས་བུ་སྦ་བར་བྱེད་པ་ནི་གང་ཞིག་སྦ་བར་བྱེད་མཁན་གྱི་མི་དེའི་མི་གཞི་བཟང་ངན་ལ་ཐུག་ཅིང་ཀུན་སྤྱོད་གོ་རྟོགས་དམའ་བ་གསལ་བཤད་བྱས་འདུག་པ་བསྙོན་མེད་རེད།
   ཡང་མཁས་པ་རྒན་པ་གཞན་ཞིག་གི་མདུན་དུ་ཕྱིན་ནས་ལབ་གླེང་བྱས་དུས་ཁོང་གིས་དཔེ་སྐྲུན་རུང་བའི་མ་རྩོམ་འགའ་རེ་ཡོད་ཀྱང་པར་ཡོན་དང་རྒྱུ་ཆ་བླུ་ཡོན་ཉུང་ཟད་ཀྱིས་མི་ཁུགས་པའི་བརྡ་བསྟན་པར་མ་ཟད། ཐའེ་ཝན་དང་ཞང་ཀང་སོགས་རྒྱ་ནང་ནས་ཁོང་གིས་བྲིས་པ་དང་བསྒྱུར་པའི་རྒྱ་ཡིག་གི་རྩོམ་གྱི་ཡིག་འབྲུ་གཅིག་ལ་རྩོམ་ཡོན་སྒོར་ཟུར་བཞི་སྟེར་གྱིན་འདུག་སོགས་ཟེར་ཞིང་ཚོང་སྐད་གོང་སྒྲིག་མང་པོ་གསུངས་བྱུང༌། ལོ་འདི་འགའི་རིང་ལ། རྒྱ་བོད་ཡིག་སྒྱུར་ཤེས་པའི་བོད་མི་སྐོར་ཞིག་ནི་རྒྱའི་དཔེ་ཚོང་ཁེ་པའི་བསླུ་བྲིད་ལ་ཆགས་ཏེ་ཆོས་གཞུང་གོ་སླ་བ་གང་རུང་བོད་རྒྱ་ཤན་སྦྱར་བྱེད་པའི་ལས་ལ་བརྩོན་གྱིན་འདུག  མཁས་རྒན་ཁོང་ཉིད་ཀྱང་ངའི་སྐད་ཀྱིས་བཤད་ན་རྣོ་ཕྱོགས་རྒྱ་ཡུལ་དུ་བསྒྱུར་པའི་ཆོས་སྤེལ་མཁན་ཞིག་ཡིན་འདུག  ཤེས་ཡོན་གྱི་རིན་ཐང་སྒོར་མོས་འཇལ་ཞིང་སྒོར་མོར་བརྗེ་བ་ནི་ཤེས་ཡོན་དཔལ་འབྱོར་ཞེས་པའི་དུས་རབས་ཀྱི་རྗེས་ཆོད་ནས་འདུག་མོད། གནས་བབ་དམིགས་བསལ་གང་ལའང་མ་བལྟོས་པར་ཡོད་ཚད་ཚོང་གི་རྒྱ་མར་འཇལ་རྒྱུ་ཡིན་ཟེར་ན་བསམ་གཞིག་ཐོངས་ཡོད་མེད་དང་རང་ཚོད་ལོན་ཡོད་མེད་མི་ཤེས་ཏེ། ཝ་སྐྱེས་རྒྱལ་པོར་བསྐོས་པའི་གཏམ་རྒྱུད་ཀྱང་བཤད་རྒྱུ་ཡོད་པ་མ་ཡིན་ནམ།
   མཁས་རྒན་དག་ནི་འདི་ལྟར་ཤེས་བྱ་གསང་གབ་ལ་མཁས་ཤིང། མཁས་རྒན་དག་ནི་འདི་ལྟར་ཤེས་ཡོན་རྒྱུ་ཚོང་ལ་དགའ་བ་ནི་རྒྱུ་རྐྱེན་གང་གིས་བསྐྱེད་པའི་འབྲས་བུ་ཡིན་པ་ཁོ་བོས་བཤད་དཀའ་མོད། ངས་ཤེས་པ་ནི་མི་ཞིག་ཡིན་པའི་ཆ་ནས་དང་ཡང་ན་མཁསཔའི་མིང་འཛིན་པའི་ཆ་ནས་ཁོང་ཚོར་ཆེས་མ་མཐའི་གོ་རྟོགས་དང་བློ་སྦྱོང་གིས་སྟོངས་ཤིང་སྒེར་སེམས་ཆེ་བའི་གནད་དོན་དེ་ཡིན་པ་དང༌།ཁོང་ཚོའི་ཕྱག་སྲོལ་ལ་དཔེ་བལྟས་ཏེ་ད་ལྟའི་མཁས་གཞོན་ཕལ་ཆེར་གྱིས་ཀྱང་ལས་དེ་འདྲ་ལྷུར་ལེན་བྱས་དང་བྱེད་བཞིན་ཡོད་པའི་སྣང་ཚུལ་དེ་རེད། སྒེར་སེམས་མ་གཏོགས་སྤྱི་སེམས་མེད་པའི་སྣང་ཚུལ་འདི་དར་རྒྱུགས་ཆེ་རུ་ཕྱིན་ཚེ། ཤེས་རིག་འཕེལ་རྒྱས་ཀྱི་ཆུ་ཚད་ག་ཙམ་ལ་སླེབས་ཐུབ་པ་མ་བཤད་ཀྱང་ཤེས་འོང།
   གོང་དུ་སོང་བ་ནི་ཁོ་བོ་དངོས་མཇལ་ཞུས་པའི་དཔེ་མཚོན་གཉིས་ཡིན།
གཞན་དུ་ཡོན་ཏན་པ་ཁ་ཤས་ནི་ལོ་རྒྱུས་རྫུན་བཟོ་བྱེད་པར་བྲེལ་ཞིང༌། ཁ་ཤས་ནི་སྲིདའཛིན་གྲལ་ཐོབ་བསྙེག་པར་རྒྱུག  ཡང་ཁ་ཤས་ནི་རྒྱལ་བསྔགས་ཏང་བསྟོད་འབུལ་བར་དད་ཅིང༌། སྐབས་འཚོལ་ལྐོག་ཚོང་ལ་དགའ་བ་མང་ཤོས་རེད་ཅེས་ཀྱང་ཐོས།  ལུག་སྤང་འདོད་པ་སྤང་དང་ར་བྲག་འདོད་པ་བྲག་ལྟར་སོ་སོ་གང་ལ་མོས་པར་དགག་བྱ་མེད་ནའང་། འུ་ཚོའི་སྤྱི་ཚོགས་ཀྱི་སྒལ་ཚིགས་ཡིན་འོས་པའི་མཁས་པ་དང་ཡོན་ཏན་པ་རྣམས་ཀྱང་བསམ་སྤྱོད་བླུན་པོ་ལས་ལྷག་པ་མེད་ན། འུ་ཚོའི་རེ་བ་གང་དུ་ཡོད་ཅེས་དྲི་བ་ཆུང་ངུ་ཞིག་འདོན་འདོད་ཅིང༌། ཕྱི་གསལ་ནང་གསལ་གྱི་དུས་རབས་འདི་ལྟ་བུ་ལ་སླེབས་ཀྱང་མཁས་པ་ཚོ་ད་དུང་ལམ་ནོར་ལྡོག་ཤེས་མེད་པ་འདི་ཡ་མཚན་པོར་སེམས་ཏེ། བརྗོད་བྱ་ཚན་པ་གསུམ་དང་བཅས་ཨ་མཚར་མཚར་དགུའི་བདུན་པར་བཞག་པ་ཡིན།
 
·རྩོམ་ཡིག་གོང་མ:བྲོ་དང་གླུའི་དོན།
·རྩོམ་ཡིག་འོག་མ:གཞས་ཚིག དྲིན་ཆེན་ཕ་མ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེའི་གསོལ་འདེབས་ཀྱི་མཆན་བུ། 2011/6/23 9:32:59
·བོད་ལ་དྲ་ཚིཊ་ཉུང་སྐྱོན་ལས་མང་སྐྱོན་མེད། 2011/5/15 12:01:41
·བླ་རུང་དང་འབྲེལ་བའི་གཏམ། 2011/5/13 21:29:33
·སངས་རྒྱས་པའི་ལུཊ་ཀྱི་རིན་ཐང་གི་ལྟ་ཚུལ་འགའ་ཞིག་བརྗོད་པ། 2011/1/9 21:58:59
·ཨ་མཚར་མཚར་དགུའི་དྲུག་པ། 2010/11/24 9:10:38
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 4:44:01 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 6:49:44 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 10:17:15 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS