ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> མི་སྣ།
 རྩོམ་ཡིག་ཀློག་པ།

ཁམས་གོ་འཇོའི་ན་གཞོན་ལྷ་རིས་པ་ཞིག།

  རྩོམ་པ་པོ:སྨིན་དབུས་པོ།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:2336ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/1/25 18:10:44ཚོགས་ཡར་སྤྲོད:admin
ཁམས་གོ་འཇོའི་ལྷ་རིས་པ་ཞིག་འོས་སྦྱོར།
 
 
   དངོས་མིང་ཤེས་རབ་ཉི་མ་དང༌། སྨྱུག་མིང་ལ་ཁམས་ཀྱི་ཆུ་བོ་འབོད་པ་ཁོང་ནི། སྤྱི་ལོ་༡༩༨༤ལོར་མདོ་ཁམས་གོ་འཇོའི་ཡུལ་དུ་སྐྱེས།  ལོ་གྲངས་བརྒྱད་དགུ་ནས་བསམ་འགྲུབ་གྲོང་ཚོའི་སློབ་ཆུང་ལ་གོམ་ཁ་ཕྱོགས།  རིམ་བཞིན་རྫོང་གི་སློབ་གྲྭ་ནས་མཐར་ཕྱིན་ཚེ་ཁྱིམ་ཚང་གི་མཚོ་བའི་དཀའ་ངལ་དང༌།  རྒྱུ་རྐྱེན་དུ་མའི་དབང་གིས་སློབ་གྲྭར་བསྐྱོད་པའི་གོ་སྐབས་ནི་མེ་ཏོག་སད་ཀྱི་ཁྱེར་བ་ལྟ་བུ་བྱུང༌།   དེ་ནས་ཕྱུགས་འཚོ་སྐྱོང་སོགས་བྱས་ནས་ལོ་གྲངས་ཁ་ཤས་བསྡད་མཐར།  རང་ཉིད་ཀྱིས་ཕ་མར་ནན་གྱིས་སྐུལ་ནས་རང་གི་སློབ་སྦྱོང་གི་གོ་སྐབས་ཤོར་སོང༌ན་ཡང་རི་མོ་ཆེད་སྦྱོང་ཞིག་གི་གོ་སྐབས་གནང་རྒྱུའི་ཐད་ནས་རེ་བ་ཡང་ཡང་ཞུས་པས།  གོ་འཇོའི་སྟོད་སྨད་གཉིས་ལས།  གོ་སྨད་ཡུལ་གྱི་ཆར་སྨན་གསར་མཁས་དབང་དགེ་རྒན་ཆེན་མོ་ར་ཆུང་རྒྱལ་མཚན་ཞུ་བ་གང་གི་སྐུ་དྲུང་དུ་རི་མོར་རྒྱུན་རིང་སྦྱོང་བའི་གོ་སྐབས་ལེགས་པོར་ཤར་ཏེ། རི་མོར་བཀའ་བརྒྱད་དང་མཚོ་སྐྱེས་འདུས་པ་སོགས་དུ་མ་སྦྱངས་ནས་རི་མོར་ཐོན་ཡར་ཐོན་རབ་དང་རིམ་པ་བྱུང་།    དགེ་རྒན་ཆེན་མོ་ར་ཆུང་རྒྱལ་མཚན་ལགས་ཀྱི་ཞལ་ནས་ཀྱང་། ཁྱེད་རང་ནན་ཏན་བརྩོན་པ་ལ་འདི་རྒྱུན་མཐུད་དང་རྗེས་སུ་རི་མོ་འའབྲི་མཁན་མིང་དོན་ལྡན་པ་ཞིག་ཏུ་མ་གྱུར་ཚེ་ངས་གང་ཡང་མ་ཤེས་པ་ཡིན་ཞེས་སོགས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཡུལ་དུ་གྱུར་མྱོང༌། དེ་བཞིན་དུ་རིམ་བཞིན་དུ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབས་བ་དགེ་རྒན་རིན་ཆེན་བསམ་འགྲུབ་མཆོག་གི་མཁྲིས་དང་།  དབུས་ལྷ་སའི་ཨ་མདོ་བྱམས་པའི་མཛེས་རྩལ་སློབ་གྲྭ་ལ་སོགས་ནས་བོད་ཀྱི་དངོས་བྲིས་ཀྱི་རི་མོ་ལ་དངོས་སྦྱོང་ལེགས་པོ་བྱས་པ་སོགས་མདོར་ན་ཚད་ལྡན་གྱི་དགེ་རྒན་མང་པོ་ཞིག་ལ་བརྟེན་ནས་ད་ལྟ་ཁོ་རང་ཉིད་ཀྱི་རི་མོ་རང་ཚུགས་ཀྱི་རྐང་ངེས་ཅན་ཞིག་ཟིན་ཡོད་པར་མ་ཟད་རང་ཉིད་ཀྱི་ཆེད་ལས་ལ་རེ་བ་ཡང་ཚད་མི་དམན་པ་ཞིག་ཐོབ་ཡོད་འདུག
གཞན་ཡང་ཁོས་རང་གི་ཕ་ཡུལ་གྱི་འཕེལ་རྒྱས་དང་ལྷག་པར་དུ་མི་རིགས་ཀྱི་སྐད་དང་ཡི་གེའི་བླ་སྲོག་དང་ཡུལ་སྲོལ་གོམས་གཤིས་ཉམས་དམས་པ་སོགས་ལ་སེམས་ཁུར་དང་བླངས་གི་འགན་ཅི་ལྕོགས་ཀྱིས་ཕ་ཡུལ་གྱི་བྱིས་པ་མིང་པོ་བསྡུས་ཏེ་བོད་ཡིག་སྐོང་ཁྲིད་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་དང་། ལྷག་པར་ལྷག་པར་ཁོ་རང་ལོ་ངོ ༢༥ སྐབས་སུ་ཁོའི་ཁོར་ཡུག་ཏུ་བོད་ཡིག་གི་དུས་དེབ་ཚགས་པར་གྱི་བསྟན་གཞི་ནས་བག་ལ་ཉལ་ཡོད་པའི་གནས་བབ་དང་། ཁོར་ཡུག་གི་བོད་པ་ཚོའི་གནའ་བོ་རིག་དངོས་རྩ་ཆེན་དང་སྐུ་གསུང་ཐུགས་རྟེན་རིགས་ལ་ནོར་ཀྱི་འདུ་ཤེས་ལས་རིན་བྲལ་གྱི་རིག་གནས་ཤིག་ཡིན་པའི་འདུ་ཤེས་ཉག་ཕྲ་བ་དེ་སླར་གསོ་ཨེ་འཁྱོངས་ཀྱི་སློབ་གསོ་ཁོ་ན་ལ་ཁ་གཏད་ཏེ་མཁན་ཆེན་ཚུལ་ཁྲིམས་བློ་གྲོགས་སོགས་བོད་ཡུལ་བསྟོད་སྨད་ཀྱི་དཔྱོད་ཤེས་པ་མང་པོ་ལ་བློ་འདྲི་དགོངས་སྐོར་བྱས་ཏེ<<རིག་ནོར་གཅེས་སྐུལ>>ཞེས་པའི་ལོ་དེབ་ཅིག་དཔར་འགྲེམ་བྱས་ནས་རྒྱ་ཆའི་བོད་རིག་མང་ཚོགས་གཟུགས་མོར་ཕུལ་དང་བཞིན་པ་སོགས་དབུས་ལྷ་སའི་མངའ་ཁོངས་ཀྱི་གཞོན་སྐྱེས་ཚོའི་ཁྲོད་ནས་ལྷག་བསམ་དང་སྙིང་སྟོབས་ཀྱི་ཚད་གཞི་ཅན་དུ་འདུག་ཅེས་གླེང་ཆོག་པའི་གཞོན་སྐྱེས་ཡ་རབས་ཤིག་རེད་འདུག ད་ལྟ་ཁོས་བོད་ལྗོངས་ཨ་མདོ་བྱམས་པའི་མཛེས་རྩལ་སློབ་གྲྭའི་ནང་དུ་བོད་ཀྱི་སྲོལ་རྒྱུན་རི་མའི་ཐིག་རྩ་སློབ་ཁྲིད་ཀྱི་ལས་ཀ་བྱེད་དང་བྱེད་མུས་ཡིན་པ་དང་། མ་འོངས་པར་མུ་ནས་མུ་རུ་རང་ཉིད་ཀྱིས་ཡོད་དགུ་རྩལ་སྤྲུགས་ཀྱིས་རང་གི་མི་རིགས་ལ་ཞབས་ཞུ་ཅི་ཐུབ་བྱེད་རྒྱུ་ནི་ངའི་མི་ཚེ་ནང་གི་དམ་བཅའ་ཡིན་ཟེར་བཞིན་འདུག
                རྒྱུས་ལོན་པའི་བཅལ་འདྲི་དང་ལེན་བྱེད་བཞིན་པ།
 
          གཤམ་བཀོད་ཁོའི་ལག་རྩལ་ལས་ཐོན་པའི་མཛེས་རིས་གཉིས།
ཁོས་བྲིས་པའི་མཛེས་སྐུ
 
 
·རྩོམ་ཡིག་གོང་མ:ཁུ་ནུ་བླ་མའི་བྱང་ཆུབ་སེམས་ཀྱི་བསྟོད་པ།
·རྩོམ་ཡིག་འོག་མ:གཞས་ཚིག ཐོན་མིའི་ང་རྒྱལ་གྱི་གླུ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འཛམ་གླིང་ན་ཆེས་དགའ་བསུ་ཐོབ་པའི་གཏམ་བཤད་པ་ནིས་ཁུ་ཧོ་ཁྲི། 2011/9/26 9:58:41
·བོད་ཀྱི་རི་མོའི་སྒྱུ་རྩལ་མཁས་ཅན་ཨ་མདོ་བྱམས་པ། 2011/5/24 10:11:30
·ཏཱ་ན་དགེ་འདུན་བློ་བཟང་ལགས་ 2011/3/1 22:39:01
·རི་མོ་སྒྱུ་རྩལ་པ་ཉི་མ་ཚེ་རིང་དང་ཁོའི་ལྷ་རིས་སྒྱུ་རྩལ། 2010/9/27 22:28:29
·རི་མོ་སྒྱུ་རྩལ་པ་ཞིག་གི་མི་ཚེའི་གཏམ་གླེང་། 2010/5/19 8:41:05
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 5:04:41 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 16:47:14 [来自: 112.5.248.229]

 评论者:WhZvqjvr
https://www.bj-arts.com/tag/index.html
https://www.bj-arts.com/top100
https://www.bj-arts.com/jiu
https://www.bj-arts.com/shijiu
https://www.bj-arts.com/index/cate/cid/1.html
https://www.bj-arts.com/index/cate/cid/2.html
发表时间:2018/11/10 15:03:17 [来自: 112.5.248.176]

འབྲེལ་ཡོད་དཔྱད་བརྗོད 99 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS