ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

གདོན་གྱིས་བཟུང་བའི་སྙན་ངག་འདི།

རྩོམ་པ་པོ:སེང་རྡོར།ཡོང་ཁུངས:མཚོ་མོ་ཚེ་རིང་ནས་འོས་སྦྱོར་ཞུས།གཟིགས་གྲངས:1612ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/2/16 22:43:19ཚོགས་ཡར་སྤྲོད:admin

གདོན་གྱིས་བཟུང་བའི་སྙན་ངག་འདི།

______སྒྱུ་རྩལ་པ་ཆེན་མོ་མའེ་ཁོལ་ལྗག་སོན་ལ་རྗེས་དྲན་དུ་བྲིས།

སེང་རྡོར།

ཁྱོད་ཀྱིས་མགོ་བོ་དྲག་ཏུ་སྤྲུགས་དུས།།

གནམ་གྱི་ཕྲ་ཁུང་བགས་ཀྱིས་ཕྱེ་སོང༌།།

ལྷ་ཡི་ཆར་བ་དགོས་ས་མ་རེད།།

ཞི་ལ་ཁྲ་བོ་ཤར་གྱི་མེ་ཡིན།།

རྭ་ཅོ་ཡོད་འདྲ་སྡེར་སེན་ཡོད་འདྲ།།

མཇུག་མ་རིང་པོ་ཁྱུག་ཁྱུག་བྱེད་འདྲ།།

གདོན་གཟུགས་རྒྱལ་པོ་བླ་ནས་གཤེགས་ཏེ།།

སྤྱི་བོའི་རྒྱ་ལ་རྟགས་སུ་བབས་རེད།།

སྙིང་ཁ་ལྡིང་ལྡིང་བྱེད་ཚུལ་འདི་འདྲ།།

གཟུགས་པོ་འདར་འདར་འོང་ལུགས་འདི་འདྲ།།

ཚང་བུག་ངར་ངར་ཡོད་སྟངས་འདི་འདྲ།།

བདུད་པོས་མཆིན་པ་བཟའ་སྲོལ་ཡོག་རེད།།

དབང་བོའི་སྒོ་བརྒྱ་ཅིག་ཅར་འབྱེད་ཏེ།།

ཟུར་གསུམ་སྙིང་ལ་གདོང་ག་གཞུས་བྱུང༌།།

དོན་ལྔ་སྣོད་དྲུག་ཚ་ཞིང་འབར་བ།།

སྒལ་ཚིགས་ཞེ་དགུ་ན་ཞིང་གཟེར་བ།།

བླ་ཡི་ཁ་བཀབ་རྩ་ནས་གཡུགས་བཞག།

བླ་ཡི་ཐོག་ཤུན་རྨང་ནས་བཀོག་བཞག།

དམ་སྲིའི་སྐད་སྒྲ་ཟབ་ལ་ཚོད་མེད།།

ཤེའུའི་ཟུག་ཚོར་བརྒྱ་ཡིས་མི་མཚོན།།

གློ་སྦུག་ཆུ་ལ་སྦངས་པ་ཡིན་ནམ།།

གྲེ་བ་ཆང་ལ་བཙོས་པ་ཡིན་ནམ།།

ཡ་རྐན་དུག་གིས་སྦྱངས་པ་ཨེ་རེད།།

སྟོབས་ཀྱི་ང་རོ་གསན་བཟོད་མེད་འདུག།

འཇིག་རྟེན་དབྱངས་སུ་བཞེངས་ན་དེ་རེད།།

སྲིད་པ་སྐད་དུ་བཀུག་ན་དེ་རེད།།

འཁོར་འདས་ངག་ཏུ་བརླབས་ན་དེ་རེད།།

འབྱུང་རྔུབ་དབུགས་ཀྱི་ས་མཚམས་རྫོགས་ཟིན།།

སྐད་ཆའི་ཕྱི་རུ་ཟེར་ན་དེ་མིན།།

གདངས་ཀྱི་ནང་དུ་ཟེར་ན་དེ་མིན།།

མུ་ཁ་མེ་མུན་ཡིད་ཀྱི་རྟོད་ཕུར།།

མུ་ཁ་མེ་མུན་སྙིང་གི་རྟོད་ཐག།

དབང་པོའི་བག་ལ་ཞ་བ་དེ་དག།

ཤེས་པའི་སྦུབས་ལ་འཚང་བ་དེ་དག།

རིག་པའི་ཁུད་ལ་འཐོར་བ་དེ་དག།

བྱེའུ་ཚོགས་རྡོ་ཡིས་དཀྲོགས་དང་འདྲ་བ།།

དགའ་སྡུག་ལག་པས་བཟུང་ནས་ཁྲིད་ཡོད།།

དགའ་སྡུག་རྔོག་མས་བཟུང་ནས་བཞོན་ཡོད།།

དགའ་སྡུག་རྡོག་པས་བརྒྱབ་ནས་བཏུལ་ཡོད།།

མི་ཤ་གྲི་ཡིས་ཆོད་པ་དཔེ་རེད།།

ཁྱོད་ལ་གདོན་དུ་བོས་པ་གསན་ཤོག།

ཁྱོད་ལ་བདུད་དུ་བཏགས་པ་ཐོས་ཤོག།

ཁྱོད་ལ་འདྲེ་རུ་བསྒྲགས་པ་གོ་ཤོག།

མཆིན་པ་ནག་པོ་ཅན་གྱིས་འདི་ཟེར།།

ཟུར་བཤད།  མའེ་ཁོལ་ལྗག་སོན(Michael Jackson)ལགས་སྐུ་འདས་པ་དང་མཉམ་དུ་འཇིག་རྟེན་ཧྲིལ་པོའི་ངོ་གདོང་རྦད་དེ་ནག་བཙོག་ཏུ་གྱུར་ཡོད་ཅིང༌། སྐྱེ་བོ་ང་ཅག་གི་མིག་ཁ་ཆུ་ཡིས་མེར་མེར། གློ་སྙིང་རླུང་གིས་གཡུགས་གཡུགས། དང་ག་རུ་སྐོམ་པའི་མེ་ཡིས་འབར་ཞིང་ཁོག་རྒྱུ་ལ་བཀྲེན་པའི་གཟེར་ཟུག་བརྒྱུགས་པ་སྟེ། དེ་ནི་མི་རྣམས་ཀྱིས་ཁོང་གི་གླུ་སྐད་ལ་སྔ་དུས་སུ་གསན་རོལ་བརྒྱབ་པ་དང་ཡང་འདྲ་སྟེ། ཅི་མ་ཡིན་ལ། ཡ་ཁོག་མ་ཁོག་མདུད་ནས། རྩིབ་རུས་བྲང་ལ་འབྱར་ནས། རྒྱུ་མ་ཐག་བསྣོལ་དུ་སོང་སྟེ། བཟི་ཞིང་སྦྲིད་ཅིང་བརྒྱལ་ཞིང་དམྱལ་བ་ཨ་ལ་ལའི་སྡུག་བསྔལ་ཟེར་ཡང་དེ་ལས་ཐུ་བ་མེད་ཅིང༌། སུམ་རྩེན་ཡུལ་གྱི་དྲང་སྲོང་མེ་ཐབ་ཟེར་ཡང་དེ་ལས་ཚ་བ་མེད་པ་ཞིག་ནར་མར་མྱང་དགོས་ཡོད་པ་རེད། ཁོང་ནི་སྒྱུ་རྩལ་གྱི་བསྡུས་གཟུགས་དང་སྙན་ངག་གི་གསོན་ཚུགས་ཁོ་ན་ཡིན་པས་མི་ཡུལ་གྱི་གྲུ་བཞི་དང་ལྷམ་པ་ཚོགས་དང་ཡེ་ནས་ར་འཕྲོད་ཐབས་མེད་ཅིང༌། ཁོང་ནི་མིའི་རིགས་ལོ་རྒྱུས་སྟེང་གི་རྟོག་ལྡིང་གི་གྲེ་བ་དང་འོག་འགྱུ་ཡི་མགྲིན་མཆུ་རྐྱང་བ་ཡིན་པས། འཇིག་རྟེན་ཕལ་བའི་སྲོལ་ལུགས་དང་གོམས་གཤིས་སོགས་དང་རྐང་ནས་རྒྱུ་གཅིག་ཐབས་མེད་པའོ། ཁོ་བོས་བྲིས་པའི་རྗེས་དྲན་གྱི་སྙན་ངག་འདི་རང་ཐུང་དྲགས་པ་དང་ཉུང་དྲགས་པ་བསྡུས་དྲགས་པ་ཞིག་ཡིན་ལས་ཆེ་ནའང༌། ཟུར་གཞན་ཞིག་ནས་ནི། ཏག་ཏག་སྙན་ངག་འདིའི་དགེ་མཚན་ཀྱང་སྔར་བཞིན་ཐུང་དང་ཉུང་དང་བསྡུས་སོགས་ཀྱི་སྟེང་ན་ལོས་ཡོད་སྙམ་པ་ཞིག་འདུག་པས། ཚིགས་བཅད་འདི་དག་དྲ་བ་བརྒྱུད་དེ་མའེ་ཁོལ་ལྗག་སོན་ལགས་ཀྱི་དུར་སྒྲོམ་གྱི་ཡང་སྟེང་དུ་བཏང་བ་ལགས་སོ།

·རྩོམ་ཡིག་གོང་མ:ཁང་མིག་འདིའི་བདག་པོ་སུ།
·རྩོམ་ཡིག་འོག་མ:ཟངས་མདོག་དཔལ་རིའི་ཕོ་བྲང་གི་སྐོར་ཚད་དང་ཕན་ཡོན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 0:37:03 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:58:54 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 3:24:14 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 67 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS