ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

ནམ་ཞིག་ས་སྟེང་གི་ཆུ་བོ་དག་སྐམ་པར་གྱུར་ཚེ།

རྩོམ་པ་པོ:དགའ་དགའ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1662ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/2/18 20:37:35ཚོགས་ཡར་སྤྲོད:admin

ནམ་ཞིག་ས་སྟེང་གི་ཆུ་བོ་དག་སྐམ་པར་གྱུར་ཚེ།

དགའ་དགའ།

ནམ་ཞིག་ས་སྟེང་གི་ཆུ་བོ་དག་སྐམ་པར་གྱུར་ཚེ།
འབུ་དང་གྲོག་མ་ངའི་རྣ་བར་འཚང་འོངས་ཞིང་།
གནམ་འོག་གི་རྡོ་བ་སྐམ་པོ་ཞིག་ལ་སེམས་པ་གླན་ཞོར།
ཁྱོད་ལ་བོད་གཞས་སྙན་མོ་ཞིག་གི་བསླུ་བྲིད་བྱེད་པའི་གོ་སྐབས་ཧ་ཅང་ཕྲ།

མེ་ཏོག་དང་མེ་ཏོག
སྦྲ་འདབས་སུ་འཕྱུར་བའི་ཚོར་བའི་ཕུང་བོ།
བུད་ཤིང་སྐམ་པོ། སངས་རྒྱས་ཆོས་ལུགས།

ངས་མཐོང་ཐུབ་པའི་བྱ་རྒོད་ཀྱི་གཤོག་རླབས་ལ།
དྲི་མས་གོས་པའི་ཟླ་གོར་གྱི་གཤེར་ཁུ་བབས་འདུག
ཡང་ཕ་གིའི་རྟོག་བཟོ་ལས་བྱུང་བའི་གྲོང་ཁྱེར་གྱི་འུར་ཟིང་གཡོས་འདུག
རྒྱང་ཐག་རིང་རྒྱུ་མེད་ནའང་།  ཞིམ་པའི་འོ་ཞིག་ལ།
རྒྱ་རྒན་ཤིང་བཟོ་ཞིག་གི་གཟོར་དང་སོག་ལེ་ཡི་བར་ན།
སྔོ་རྩྭ་དང་དཔྱིད་འགོ་ཡི་སྦྲང་ཆུང་མི་འདུག

ནམ་ཞིག་ས་སྟེང་གི་ཆུ་བོ་དག་སྐམ་པར་གྱུར་ཚེ།
ནམ་ཞིག་གནམ་འོག་གི་ཆུ་བོ་དག་སྐམ་པར་གྱུར་ཚེ།

སྲང་མདོ་ཡི་བོང་བུས་ཡ་ང་བའི་འཛེར་སྐད་མཐོན་པོ་སྒྲོགས་ནས།
བགྲེས་གོག་དང་ངན་སོང་གི་སྐྱེ་སྒོ་གཅོད་པའི་སྨོན་ལམ་འདེབས་དུས།
དཔྱིད་ཀྱི་ཞིང་ཚིགས་སྐྱ་བོའི་ཕྱི་ནང་ན།
རྨོན་དོར་བསྡེབས་པའི་གཡག་རྒན་དེའི་ཧར་སྒྲ་ལ་འཇིགས་རུང་གི་སྒྲ་ཞིག་གྲགས་ཀྱིན་འདུག

ཐག་རིང་རྒྱུ་མེད་ནའང་།
ངས་གཅིག་ཀྱང་མཐོང་གྱིན་མི་འདུག་ལ།
ངས་མེ་ལོང་ངོས་ཀྱི་གཟུགས་ཕུང་བསིལ་ཚལ་དུ་བསྒྱུར་བ་ཚོར་སོང་།
·རྩོམ་ཡིག་གོང་མ:ཚངས་དབྱངས་རྒྱ་མཚོ།
·རྩོམ་ཡིག་འོག་མ:གོ་ལའི་ཡང་རྩེ་ནས་འབབ་པའི་ཆུ་ཀླུང་ཆེན་པོ་ལྔ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 21:31:44 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 3:06:43 [来自: 112.5.248.152]

评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 13:46:01 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 42 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS