ཨེ་མ་ཧོ།
ཚངས་གནས་བརྒྱ་བྱིན་འཁོར་ལོ་བསྒྱུར་རྒྱལ་དང་། །
ཚངས་པར་སྤྱོད་པའི་དགེ་འདུན་སྡེ་གཉིས་དང་། །
ཚངས་དབྱངས་གྲུབ་པའི་རྒྱལ་བ་སྲས་བཅས་བསྟོད། །
ཚངས་སྲས་དགྱེས་པའི་ངག་རིག་འདོད་པ་འཇོ། །
ཚངས་དབྱངས་དྲ་བའི་གནམ་ཀླད་སྒྱུ་འཕྲུལ་གར། །
ཚངས་དབྱངས་དྲ་བས་མཐུན་སྒྲིལ་ཟམ་ཆེན་བཙུགས། །
ཚངས་དབྱངས་དྲ་བས་ལེགས་དགུའི་ལམ་བཟང་སྟོན། །
ཚངས་དབྱངས་དྲ་བ་འཛམ་གླིང་རྒྱན་དུ་མཛེས། །
ཚངས་དབྱངས་དྲ་བ་དྲང་བདེན་རྒྱ་མ་དངོས། །
ཚངས་དབྱངས་དྲ་བས་ཕ་མེས་སྲོལ་རྒྱུན་འཛིན། །
ཚངས་དབྱངས་དྲ་བས་གནའ་དེང་བཟང་སྤྱོད་སྐྱོང་། །
ཚངས་དབྱངས་དྲ་བས་ཡ་རབ་ལྟ་སྒོམ་སྤེལ། །
ཚངས་དབྱངས་རྒྱ་མཚོ་དྲན་པའི་རྟེན་འབྲེལ་བརྡ། །
ཚངས་དབྱངས་ཡན་ལག་དྲུག་ཅུའི་གྲུབ་ཆ་ཞིག །
ཚངས་དབྱངས་དགའ་བདེའི་གླུ་བྲོ་མཉམ་རོལ་བའི། །
ཚངས་དབྱངས་དྲ་བའི་བཞེད་དོན་ལྷུན་གྲུབ་ཤོག །