ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
 རྩོམ་ཡིག་ཀློག་པ།

བྱ་བའི་ཉོག་འཛིང་གི་རྦ་རླབས།

  རྩོམ་པ་པོ:ཏ་ན་དགེ་འདུན་བློ་བཟང་།ཡོང་ཁུངས:དགེ་ཆོས་དྲ་བ།གཟིགས་གྲངས:1550ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/3/9 23:02:31ཚོགས་ཡར་སྤྲོད:admin


                   བྱ་བའི་ཉོག་འཛིང་གི་རྦ་རླབས།

ཏ་ན་དགེ་འདུན་བློ་བཟང་།

ཁྭ་ཏས་ཨག་འགྱུར་དེ་ནམ་མཁའི་དབྱིངས་སུ་ཟུག་སོང་།།
རླུང་རྟ་གཅུ་སྤག་ཅིག་བསེར་བུས་གཏོར་ནས་སོང་ན།།
ཁྲབ་ཆེན་རྫ་རི་དེའི་ཕྱོགས་སུ་རྒྱང་ལྟ་ཤོར་ནས།།
ཨ་མ་དྲེད་མོང་གི་གཏམ་རྒྱུད་ཡིད་ལ་འཁོར་སོང་།།

གློག་དམར་ཤར་ཤར་ཅིག་འཁྱུག་ནས་གནམ་ངོ་རིབ་སོང་།།
ཤྭ་འོད་དམག་ཚོགས་ཀྱི་སྡུག་རྩུབ་བཞུར་ནས་ཡོང་ན།།
ང་ཡི་སྡོད་ཁང་གི་སྒོ་དང་སྒེའུ་ཁུང་དྲན་ནས།།
སྙན་ཞུའི་ཡིག་ཆ་ཞིག་དྲན་པའི་མཐིལ་ལ་སྤར་ཡོད།།

ཇ་ཞག་ལོ་མ་ཅན་ཧུབ་ཀྱིས་ཤུགས་འཐུང་བྱས་ན།།
གདན་ཁ་གྲུབ་བཞི་འདིའི་གོ་རིམ་ཐག་གཅོད་མ་ཐུབ།།
བྱ་བའི་ཉོག་འཛིང་གི་རྦ་རླབས་དྲག་ཏུ་སྐྱོམས་ནས།།
མི་ཚེར་དངངས་སྐྲག་གི་བར་ནས་ཨུ་ཤུ་ཤོར་སོང་།།

ཆུ་ཚོད་སག་སྒྲ་འདིས་ཀླད་པའི་གསང་རྒྱ་གཏོར་སོང་།།
མིག་གི་རྒྱལ་མོ་འདི་རི་བོའི་སྒང་ལ་ཟུག་སོང་།།
བསམ་པའི་ཤོག་སྐྱ་དེ་གཅིག་རེ་གཅིག་རེ་བསྔོགས་ན།།
ལུག་རྫིའི་ཀི་རིང་དེར་རྒྱང་ནས་སྨོན་པ་ཤོར་སོང་།།

རྩོམ་ཡིག་སྐྱེད་ཚལ་གྱི་དྲི་བཟང་ཐེངས་རེ་བརྔུབས་ན།།
རི་བོའི་ཕར་ཚུར་གྱི་རྩྭ་རྐང་ཡིད་ལ་འཁོར་ཡོང་།།
བྱི་བ་གཉིད་ཤོར་ཚོས་པུག་པུག་ཇི་ལྟར་བསྒྲོགས་ཀྱང་།།
རྐང་བརྗེ་ནག་ཤུར་མའི་ནང་གི་གྲོག་མའི་ཚོགས་རེད།།

ཁ་པར་དྲིལ་བརྡ་ཡི་གླུ་དབྱངས་སྙིང་རྩར་ཁྱབ་དུས།།
ཨ་མཆོད་ཞབས་ཐང་ལ་ཕེབས་པའི་རྨི་ལམ་དཀྲོགས་སོང་།།
ཆུ་ལེན་བུ་མོ་ཚོའི་གོམ་པའི་གསང་བ་དེ་ཡང་།།
མདང་གི་རྨི་ལམ་བཞིན་ཕྱིར་དྲན་བྱེད་པའི་ཡུལ་རེད།།

ལོ་ཟླའི་ལྡེབ་རས་སྟེང་ཁ་བའི་རི་མོ་བབ་ཡོད།།
འབྲོག་གཞས་སིང་སིང་དེར་ད་དུང་ཉན་ནས་རྫོགས་མེད།།
ཨ་ཕའི་གཅེས་ཕྲུག་དེར་ས་མཐར་ཁྱི་བཞིན་ལྡོམ་དུས།།
ཝུ་སུང་དཔའ་རྒོད་ཀྱི་གཏམ་རྒྱུད་སྙིང་ལ་གཉར་ཡོད།།
                                                  ༢༠༡༠ .༡༡. ༧ལ།

·རྩོམ་ཡིག་གོང་མ:བརྙན་ཐུང་ཤེས་རབ་ཀྱི་འཛུམ་མདངས་ཀྱི་བརྡ་སྦྱོར་པར་རིས།
·རྩོམ་ཡིག་འོག་མ:གཞས་ཚིག གྱེས་བྲལ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 22:41:03 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 22:36:23 [来自: 112.5.248.229]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/13 21:42:54 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS