ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

མང་ཚོཊ་ལ་མགོ་བསྐོར་ཐེབས་རྒྱུར་གཟབ།

རྩོམ་པ་པོ:འབྲོག་མིཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:2049ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/3/27 19:52:58ཚོགས་ཡར་སྤྲོད:admin
མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱིས་མང་ཚོགས་ལ་མགོ་བསྐོར་
གཏོང་མགོ་བརྩམས་པ།

འབྲོག་མི།

དེ་ཡང་བོད་ལྕགས་མོ་ཡོས་ལོའི་གནམ་ལོ་གསར་དུ་ཚེས་བའི་ཆར།མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱིས་ཐན་ཏེས་ཧི་ཆས་སྤྱིན་ཁེབས་ཞེས་པའི་སྐེད་སྐྱིབས་ཤིག་བརྡ་ཁྱབ་གཏོང་མགོ་བརྩམས།བདག་གིས་བརྡ་ཁྱབ་དེ་མཐོང་བ་དང་དུས་མཉམ་དུ།ཨོ།ད་ནི་མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱིས་ཀྱང་མང་ཚོགས་ལ་མགོ་བསྐོར་གཏོང་མགོ་བརྩམས་འདུག་སྙམ་སོང་།རྒྱུ་མཚན་ནི་རྒྱུན་པར་རྒྱ་སྐད་ཀྱི་བརྙན་འཕྲིན་དག་ལས་རྟག་ཏུ་གཏོང་བཞིན་པའི་བརྡ་ཁྱབ་འདི་རིགས་མཐར་ཐུག་ཚང་མ་འུད་སྒྲོག་གི་ཆ་ཤུགས་ཆེ་བ་ལས་དོན་དངོས་ཀྱི་ཕན་འབྲས་ཀྱིས་སྟོང་བའི་དངོས་པོ་འབའ་ཞིག་ཡིན་པའི་བག་ཆགས་ཀྱིས་དང་།བརྡ་ཁྱབ་འདི་རིགས་ལ་བརྟེན་ནས་མི་མང་པོ་ཞིག་ལ་མགོ་བསྐོར་ཐེབས་པའི་གནས་ཚུལ་རྒྱུན་པར་མཐོང་ཐོས་སུ་ གྱུར་བས་སོ།།
བརྡ་ཁྱབ་དེ་བཏང་ནས་ཡུན་རིང་མ་འགོར་བའི་དུས་ཏེ།ང་རང་བྱ་བའི་ལས་གནས་སུ་ འབྱོར་ནས་རིང་བོ་མ་ལོན་པའི་སྐབས་ཐོག་འདིར།གནས་འདིའི་མང་ཚོགས་ཀྱི་ཁྲོད་དུ་སྤྱིན་ཁེབས་འདི་མངག་ཉོ་བྱེད་པའི་མི་མང་པོ་ཞིག་བྱུང་ཡོད་པ་ཤེས་རྟོགས་བྱུང་།བདག་གིས་ གསལ་བོར་རྟོགས་པ་སྟེ།གནས་འདིའི་མང་ཚོགས་ལ་མཚོན་ན་སྤྱིན་ཁེབས་འདི་ཤེས་རྟོགས་ཡོང་བའི་ཁུངས་ནི་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཡིན་པ་སྨོས་མེད་ཡིན་པ་དང་།མཚོ་ སྔོན་བོད་སྐད་བརྙན་འཕྲིན་གྱི་བརྡ་ཁྱབ་ལ་བརྟེན་ནས་ཁོ་ཚོའི་སྤྱིན་ཁེབས་དེ་ངོ་ཤེས་ཤིང་།དེའི་ཕན་ཡོན་གྱིས་ཡིད་བཀུགཉོ་འདོད་ཀྱི་འདུན་པ་དྲག་ཏུ་སྐྱེས།དེ་ནས་ཐབས་ལམ་སྣ་ ཚོགས་བརྒྱུད་ནས་ལག་ཏུ་ཐོན་པ་ཁོ་ཐག་རེད།
དེ་རིང་ཡང་རྒན་པ་གསུམ་གྱི་ལག་ཏུ་སྤྱིན་ཁེབས་དེ་འབྱོར་སོང་།ངས་ཁོ་ཚོས་སྔ་མོ་ནས་དེ་ལ་རེ་སྒུག་བྱས་ཡོད་པ་ཤེས་རྟོགས་བྱུང་།དེ་རིང་དངོས་སུ་ལག་ཏུ་འབྱོར་བས་ན།ཇི་ལྟར་ བེད་སྤྱོད་བྱེད་པའི་ཐད་ནས་དོགས་གནས་མང་པོ་འདྲི་བཞིན་འདུག ང་ནི་སྐབས་ཐོག་དེར་
ཡོད་པས་གནས་ཚུལ་མང་ཙམ་ཤེས་རྟོགས་བྱུང་།
དོན་དུ་སྤྱིན་ཁེབས་དེ་ནི་རས་ནག་པོ་ཤར་མོ་ཞིག་གིས་བཟོས་ནས་ཡོད་པ་དང་།དཀྱིལ་དུ་ དྲ་མིག་ཅན་གྱི་རས་དཀར་པོ་ཞིག་གིས་ཁུག་མ་ཞིག་བཟོས་འདུགདེ་དང་ལྷན་དུ་སེང་རས་ ཤོག་ཐུམ་གསུམ་བཅུག་ཡོད་ཅིང་།སེང་རས་དེ་ཚོ་ལ་སྨན་དྲི་འཐུལ་གྱིན་འདུགསེང་རས་ གཅིག་རེ་བྱས་ཏེ་ཁུག་མ་དེའི་ནང་བཅུག་ནས་སྐེད་པར་བཅིང་དགོས་འདུགགསལ་བཤད་ ཡི་གེ་ལས་སེང་རས་ཀྱི་སྨན་དེ་དུས་ཡུན་ཉིན་སུམ་ཅུའི་མཚམས་ནས་བརྗེ་སྤོར་བྱེད་དགོས་པ་བསྟན་འདུགསྐབས་དེར་རྒན་པ་ཚོར་དོགས་གནས་ཤིག་བྱུང་བ་ནི་བརྡ་ཁྱབ་བཏང་བའི་ ནང་དུས་ཡུན་ལོ་ལྔ་ཡི་རིང་བེད་སྤྱོད་གཏོང་ཆོག་པ་དེ་རེད།ད་ལྟ་སྨན་ཐུམ་གསུམ་ལས་སྟེར་མི་འདུག་ལ།སྨན་ཐུན་རེའང་ཟླ་རེ་ལས་སྤྱོད་རྒྱུ་མེད་པས།སྨན་ཐུན་འདི་གསུམ་སྤྱད་རྗེས་ཅི་ཞིག་བྱ་དགོས་པ་དེ་རེད།ལ་ལས་དེ་ནི་སྨན་ཐུན་དེ་ཚོ་བརྗེ་སྤོར་བྱས་ནས་སྤྱོད་དགོས་པ་ཡིན་རྒྱུ་རེད་ཟེར།དོན་འདི་གསལ་བོ་ཞིག་མ་ཡོང་བས།མཐར་ང་ཚོས་སྨན་ཡིག་ཐོག་བཀོད་ཡོད་ པའི་ཞབས་ཞུའི་ཁ་པར་སྣོན་དགོས་བྱུང་།
ཞབས་ཞུ་མ་ཞིག་གིས་སྤྱི་སྐད་ཀྱི་ལམ་ནས་སྣེ་ལེན་བྱས་པ་དང་།ང་ཚོའི་དོགས་གནས་ལ་ལན་བཏབ་ནི་འདི་ལྟ་སྟེ།མ་གཞི་ཤོག་སྒམ་ནང་བཅུག་ཡོད་པའི་སྨན་ཐུམ་དེ་གསུམ་ནི་ཁོ་ཚོས་གནང་སྦྱིན་བྱས་པ་ཡིན་ཞིང་།གལ་སྲིད་སྨན་ལ་ཕན་ནུས་ཡོད་པར་གྱུར་ན་འཛད་སྤྱོད་པས་མུ་མཐུད་དུ་སྒོར་གྱི་འགྲོ་སོང་བཏང་ནས་སེང་རས་ཀྱི་སྨན་དེ་ཉོ་དགོས་པ་དེ་རེད།སེང་ རས་ཤོག་ཐུམ་གསུམ་པོ་སྨན་བཅོས་བྱེད་ཐེངས་གཅིག་གི་ཚད་ཡིན་ཟེར།དེ་ལྟར་ན་སྐེད་ སྐྱིབས་འདི་ལོ་སྔ་ཡི་རིང་བཅིངས་བ་ཡིན་ན་སེང་རས་ཀྱི་སྨན་དེ་འདྲ་དེ་ཅི་ཙམ་ཞིག་ཉོ་ དགོས་པ་བློས་དཔོག་དཀའ་བ་ཞིག་རེད།
དེའི་རྗེས་སུ་རྒན་པ་ཚོ་ནས་བརྡ་ཁྱབ་ནང་བསྟན་པ་ལྟར་ན་སྐེད་པ་སོགས་ལ་ཕན་ནུས་ཆེ་བར་བསྟན་ཡོད་པས།གང་དང་གང་ལ་ཕན་པའི་སྐོར་གྱི་གསལ་བཤད་ལ་ཅིག་ལྟོས་དང་ ཟེར།ཡིན་ན་ཡང་།ང་ཚོས་གསལ་བཤད་ཡི་གེ་ལས་སྐེད་པ་ལ་ཕན་ཞེས་པའི་ཡིག་འབྲུ་ཞིག་མཐོང་མ་སོང་།ད་དུང་རུས་ཚིགས་ན་བ་སོགས་ལའང་ཕན་ཞེས་བརྡ་ཁྱབ་ནང་བཤད་སོང་ ཟེར་མོད།དེ་བསྐོར་ཡང་མཐོང་མ་བྱུང་།
བདག་གིས་ཤེས་རྟོགས་བྱུང་བ་ནི།གནས་འདིའི་མང་ཚོགས་མང་པོ་ཞིག་གིས་སྔ་མོ་ནས་སྤྱིན་ཁེབས་དེ་ཉོས་འདུག་ལ།གོ་ཐོས་ལྟར་ན་སྤྱིན་ཁེབས་དེ་སྐེད་པར་བཅིངས་རྗེས་ཟ་འཕྲུག་ལངས་བ་དང་།ཚ་རྒྱག་པ།སྤྱིན་ཁེབས་བཅིངས་སར་ན་ཟུག་ཐོན་པ་སོགས་ཀྱི་གནས་ཚུལ་ བྱུང་འདུག་ལ།ལ་ལས་བཤད་ན་ན་རྒྱུ་ཇེ་མང་དུ་བུད་སོང་ཟེར།
དེ་ཡང་བརྡ་ཁྱབ་ལས་བསྟན་པ་ལྟར་ན་སྤྱིན་ཁེབས་དེ་བཅིངས་རྗེས་ལུས་ཀྱི་ནད་མ་ ལུས་སེལ་འགྲོ་བ་ལྟ་བུ་ཞིག་དང་།ནད་ཡོད་པ་དག་ལ་ནད་བཅོས་པ་དང་།ནད་མེད་པ་དག་ ལའང་ལུས་ཕུང་བདེ་སྲུང་གི་ནུས་པ་བླ་མེད་ཐོན་ཐུབ་པ་སོགས་རེད།
འོན་ཏེ་མིག་སྔའི་བར་དུ་གནས་འདིའི་འཛད་སྤྱོད་པ་ཚོས་སྤྱིན་ཁེབས་དེ་གྱོན་པའི་
ཚོར་བ་ནི་དེ་ལས་བཟློག་པ་ཞིག་རེད།བདག་གིས་ད་བར་དུ་སྤྱིན་ཁེབས་དེ་དངོས་སུ་བཟང་འདུག་པའི་གཏམ་མ་ཐོས་ལ།མང་པོ་ཞིག་གིས་ད་དུང་ཡང་ཡིད་ཆེས་དང་རེ་བ་ཞིག་ལ་ བརྟེན་ནས་སྤྱིན་ཁེབས་དེ་བཅིངས་འདུག་པ་རེད།
བདག་གིས་ཤེས་པ་ནི།མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱིས་བརྡ་ཁྱབ་འདི་འདྲ་ཞིག་དངོས་སུ་ཕབ་སྐྲུན་བྱས་པ་མིན་པར།རྒྱ་སྐད་ཀྱི་བརྡ་ཁྱབ་དེ་འདྲ་ཞིག་སྐད་སྒྱུར་བྱས་ནས་ཡོད་པ་དང་།དེ་ཡང་བོད་སྐད་བརྙན་འཕྲིན་ལ་མཚོན་ན་བརྡ་ཁྱབ་དེ་འདྲ་ཞིག་བཏང་དང་མི་ བཏང་བའི་དབང་ཆ་ཡོད་པར་མ་ངེས་མོད།དེས་ཐོན་པའི་འབྲས་བུ་ནི་དཔོག་དཀའ་བ་ཞིག་རེད།བོད་ཀྱི་རོང་འབྲོག་མང་ཚོགས་ལ་མཚོན་ན་རྒྱ་སྐད་ཀྱི་ཤེས་རྟོགས་ཕྲ་བས།རྒྱ་སྐད་ཀྱི་ བརྡ་ཁྱབ་མང་པོ་གོ་ཚོར་མེད་མོད།བོད་སྐད་ཀྱི་ལམ་ནས་བརྡ་ཁྱབ་དེ་འདྲ་གཏོང་བ་ཡིན་ན།གཅིག་ནས་གོ་བ་ལེན་ཐུབ་པ་དང་།གཉིས་ནས་ཡིད་ཆེས་ཀྱི་བློ་ཞིག་ངང་ངམ་ཤུགས་ཀྱིས་ གནས་པ་དང་།གསུམ་ནས།དྲང་མོར་བཤད་ན་ཁོ་ཚོ་གཞན་སུ་དང་གང་ལས་ཀྱང་མགོ་བསྐོར་སླ་བ་དེ་རེད།
བདག་གིས་སྐེད་སྐྱིབས་དེ་ལ་ནུས་པ་ཅི་ཡང་མེད་པ་དང་།ཐོན་རྫས་རྫུན་མ་རེད་ཅེས་བརྗོད་མི་སྤོབས་མོད།མིག་སྔའི་བར་དུ་ངའི་ཉེ་འཁོར་གྱི་མིས་བེད་སྤྱད་པའི་གནས་ཚུལ་དང་།བརྡ་ཁྱབ་ཀྱི་ནང་དོན་དང་དོན་དངོས་ཀྱི་བར་ན་ཐོད་མི་མཚུངས་ས་ཡོད་པ་འདིས།མ་མཐའ་ཡང་ཐོན་རྫས་འདི་ལ་ལྐོག་གཡོ་དང་མགོ་བསྐོར་གྱི་ཆ་ཞིག་འདྲེས་ཡོད་པ་རྟོགས་ནས།འདིར་དེ་བསྐོར་གྱི་རང་གི་བསམ་ཚུལ་ཕྲན་བུ་བཀོད་པ་ཡིན་ལ།ས་གནས་གཞན་གྱི་འཛད་སྤྱོད་ པས་སྤྱིན་ཁེབས་འདི་བེད་སྤྱོད་བྱས་པའི་གནས་ཚུལ་ཇི་འདྲ་ཡིན་པ་འདིར་མཆན་དུ་འགོད་པའི་རེ་བ་ཞུ།
·རྩོམ་ཡིག་གོང་མ:ཁ་བ་བོད་པའི་མེ་ཏོག ༼གླུ་གཞས༽
·རྩོམ་ཡིག་འོག་མ:གླུ་གཞས། ལྷན་འཛོམས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·བོད་མིའི་གཤིས་ཀ་ཡ་མཚན། 2011/11/26 22:46:11
·ཆང་དང་མ་ཅཱང་གངས་ཅན་ཡུལ་ལ་དར། 2011/7/14 20:11:35
·བླ་རུང་ནས་གྲྭ་གཞོན་བསྐྲད་པ་མ་རེད་བརྒྱུད་ཚོང་བསྐྲད་པ་རེད། 2011/5/30 23:27:04
·ཨ་མཚར་མཚར་དགུ་བཀླགས་པའི་མྱོང་ཚོར། 2011/5/8 20:47:21
·རྒྱལ་བསྟན་འཇིག་རྟེན་འདི་ནས་ཡལ་གྱིས་དོཊ་པའི་སྨྲེ་སྔཊ།༢ 2011/5/4 13:01:20
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 9:39:15 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:51:46 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 19:08:39 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 52 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS