ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

བསྔོགས་བཤེར་ལན་འགར།

རྩོམ་པ་པོ:རླུང་ནག་ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1368ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/3/29 18:21:22ཚོགས་ཡར་སྤྲོད:admin

བསྔོགས་བཤེར་ལན་འགར།

རླུང་ནག

བརྩེ་བའི་རྒྱུགས་ཆུ་དེ་རྒྱ་མཚོའི་གཏིང་ལ་སིམ།།

མུ་མེད་ཐང་སྟོང་གི་སྐད་ཆས་འདར་སུག་བྱིན།།

འདས་པའི་ལོ་ཟླ་ལ་བསྔོགས་བཤེརལན་འགར་གྱིས།།

ལུས་ཀྱི་བ་སྤུ་རྣམས་ཤིག་ཤིག་གཡོ་བཞིན་ཡོད།།

གློག་བརྙན་གཏམ་རྒྱུད་དེས་འཇིག་རྟེན་བཞེངས་ན་ཡང་།།

དབེན་པའི་གནས་མལ་དེ་རླུང་བུས་འཇབ་རྒོལ་བྱས།།

ཀླད་པའི་གར་ཆུང་གི་སྤྲིན་པ་ནགས་ལ་འཐིབས།།

རྒན་པོའི་ཆང་ཁང་དེ་གཡོ་ཁྱོམ་གཡོ་ཁྱོམ་བྱས།།

བསམ་གཞིག་ལག་ཟུང་གི་ཕྱག་རྒྱས་རི་མོ་བྲིས།།

བྱ་བཞག་གཉེར་མ་དེ་སྟག་རྒས་ཚོན་ཁྲ་བཞིན།།

བར་ཐག་འཇའ་ཚོན་གྱི་སྣེ་མོར་ཤུགས་ཀྱིས་འཇུས།།

ང་ཡི་ཤེལ་ཕོར་གྱི་ཇ་ཁུ་ཞིམ་པ་ལ།།

ཁརྶརྤ་ཎི་དེར་དད་པའི་འདབ་ལོ་བསྐྲུན།།

ཕོ་བྲང་པོ་ཏཱ་ལའི་ཆགས་འཇིག་བསྡུས་བརྗོད་སོགས།།

ནམ་མཁའི་བྱིའུ་ཚོགས་ཀྱིས་འུར་འུར་སྒྲོག་པ་དེ།།

ལྷོ་ཤར་སྣེ་གཉིས་ན་བལྟ་ན་སྡུག་པ་ལ།།

བརྩེ་བའི་བདག་མོ་དེ་ཆུ་མགོ་འཕྱུར་བ་བཞིན།།

ཁང་མིག་ཆུང་ཆུང་ཞིག་མིག་ལ་ལྷུང་བ་དེ།།

འཇིག་རྟེན་གོག་ནུར་གྱི་བྱིས་པ་ཆུང་ཆུང་ཡང་།།

ང་ཡི་གློ་མཆིན་གྱི་བར་ན་བཞུར་ནས་ཡོད།།

མེ་ཏོག་མན་དཱ་རའི་སྐྱེལ་ཚལ་ཆེན་པོ་ཡང་།།

བཙུན་མོ་སྟོང་ཕྲག་འགའི་སེམས་པ་གཡེང་ས་ཡིན།།

མུ་ཏིག་རྡོག་རྡོག་ཅིག་མགུར་གླུ་ལེན་ས་དེ།།

འཇིག་རྟེན་ཕར་ནང་གི་སེམས་ཀྱི་འཆང་རྒྱའོ།།

སེམས་ཀྱི་ཐིག་ཤིང་གིས་འཇིག་རྟེན་ཆེ་ཆུང་གཞལ།།

མེ་རི་དམར་པོ་དེས་གོ་བརྡ་ལན་མང་སྤྲད།།

ན་ཆུང་བུ་མོ་ཚོས་ངུ་ཤུབ་བྱས་པ་ཡང་།།

སེམས་ཀྱི་གསེང་མིག་ཏུ་ཇི་ལྟར་འཛུལ་བ་ཡིན།།

སྤང་གི་སྤྲིན་དཀར་ལ་སྦྲང་མས་མཆུ་གཙགས་བྱས།།

དངུལ་ཤན་ཕོར་བ་དེ་ཡང་ཡང་ཁ་ལ་ཁྱེར།།

ལྷན་འཛོམས་གསེར་ཐག་གི་མདུད་པ་ཡང་ཡང་མདུད།།

སྙིང་ཆུང་ཁ་ཟས་ལ་རོལ་བ་བཞུར་ནས་ཐལ།།

གྲོང་ཁྱེར་ཆེ་ཆུང་གི་མྱི་ཚོགས་མཐོང་ན་ཡང་།།

ང་ཡི་དངང་སྐྲག་གི་པི་ཝང་ལན་མང་རྡུང་།།

ཁྱེད་ཀྱི་ཨང་གྲངས་ཀྱི་ཚོན་མདངས་རིམ་གྱིས་འགྱུར།།

དངུལ་གྲམ་རྡོག་རྡོག་འདིས་འཇིག་རྟེན་ཟས་ནས་སོང་།

ཏཱ་ན་བློ་བཟང་།  མིང་གཞན་རླུང་ནག་གིས་བཏེགས།

༢༠༡༡    ༡༦ལ

·རྩོམ་ཡིག་གོང་མ:གཞས་ཚིག ལས་འབྲས།
·རྩོམ་ཡིག་འོག་མ:མེ་ཏོག་ཆུང་ཆུང་། སེམས་པ་ཆུང་ཆུང་།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:07:59 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 13:27:25 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 20:04:24 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS