ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
རྩོམ་ཡིག་ཀློག་པ།

རྡུང་ལེན་པ་རྣམས་ལ་ཞུ་བ།

རྩོམ་པ་པོ:དྷྰིཿསྐལ་བཟང་།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:1837ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/4/10 22:01:17ཚོགས་ཡར་སྤྲོད:admin
རྡུང་ལེན་པ་ཡོད་དོ་ཅོག་ལ
དྷྰིཿསྐལ་བཟང་།

བགྲང་བྱ་ཉེར་གཅིག་གི་ལོ་རབས་བཅུ་བར་ཐོན་དུས་འུ་ཚོས་མི་རིགས་ཀྱི་སྒྱུ་རྩལ་གྱི་གྲུབ་ཆ་གཙོ་བོ་དེ་རྡུང་ལེན་གི་ཆ་ནས་བཤད་ན་འུ་ཚོར་ཕུལ་བྱུང་གི་རྡུང་ལེན་པ་ཞེས་མང་པོ་ཞིག་མི་འདུག་མོད། ཁ་གྲངས་ཀྱི་ཆ་ནས་མང་མེད་ན་ཉུང་མེད་ཚོད་རེད།  འུ་ཚོར་དགོས་པ་ཁ་གྲངས་མིན་ལ་འུ་ཚོར་དགོས་པ་ནི་སྤུས་ཚད་རེད།

རང་མི་རིགས་ཀྱི་རྡུང་ལེན་པ་མང་ཆེ་ཤོས་ནི་རོང་འབྲོག་པ་མང་ཚོགས་དེ་དམངས་ཁྲོད་ནས་འཚར་ལོངས་བྱུང་བའི་ཡིག་རྨོངས་པ་འབོར་ཆེན་འདུག འདི་ནི་བོད་ཀྱི་རྡུང་ལེན་རྒྱུ་རྩལ་གྱི་མ་འདང་བའི་ཆ་གཙོ་བོ་དེ་རེད།  ང་རང་གི་ལྟ་ཚུལ་ལ་མི་རིགས་ཀྱི་ཚབ་བྱེད་དུ་གྱུར་བའི་རྡུང་ལེན་པ་ཞིག་བྱེད་དགོས་ན་ཆེས་མ་མཐར་ཡང་སུམ་རྟགས་དག་གསུམ་དང་སྙན་ངག་རེ་ལ་སྦྱོང་དགོས་རྒྱུ་རེད་འདོད་གི  མི་རིགས་གཞན་པ་དག་གི་ན་གཞོན་རྒྱུ་རྩལ་པ་དག་དང་འུ་ཚོས་རྒྱུ་རྩལ་པ་དག་གི་བར་ན་གནམ་དང་ས་ཡི་བར་ཁྱད་འདུག  རྡུང་ལེན་པ་གཙོ་བོ་ཡིན་པའི་སྒྱུ་རྩལ་དེ་ཡང་མི་རིགས་ཤིག་གི་ཚབ་བྱེད་གཙོ་བོ་ཞིག་ཡིན་པར་འདོད།  དེས་ན་དེ་ལ་ཡང་སྣང་ཆུང་བྱས་ནས་དོ་སྣང་མ་བྱས་ན་མི་ལེགས་པས་ཀུན་དེ་ལའང་ཐུགས་ཁུར་རེ་བྱེད་པར་རེ་ཞུ་བྱས་ནི་ཡིན།

རྡུང་ལེན་པ་གི་ཤེས་ཡོན་གྱི་ཆུ་ཚད་དང་དེ་མིན་ད་དུང་རྡུང་ལེན་གྱི་ནང་དོན་ཆ་ནས་ཀྱང་གསར་བརྗེ་རེ་བྱེད་ཐུབ་ན་དེ་ཡང་འཕེལ་རྒྱས་ཞིག་མ་རེད་སུས་བརྗོད་ཐུབ།  ན་ནིང་དོ་ཚིགས་དེའི་ཕྱོགས་ལ་འགྱུར་བ་ཅུང་ཙམ་རེ་འགྲོ་གི་ཡོད་པ་རྡུང་ལེན་པ་ཁོ་བསྟན་གྱིས་མཚོན་ནུས།  དེ་འདྲ་ལ་ང་ཚོས་རྒྱབ་སྐྱོར་དང་ཤུགས་སྣོན་བྱེད་དགོས།  དེ་མིན་གཞན་རྡུང་ལེན་པ་སྤྱི་ལ་ནད་སྙིང་ཞིག་འདུག  ཁོ་ཚོའི་རྡུང་ལེན་དེ་དག་ལས་མང་ཆེ་བ་ནི་གསོལ་འདེབས་དང་རྟོགས་བརྗོད།  སྐྱིད་རབ་དང་བདེ་རབ།  བླ་མ་ག་གེ་མོ་སངས་རྒྱས་མི་གཟུགས་སུ་བྱོན་པ་ཡིན་རབ་དང་ས་ཆ་ག་གེ་མོ་དག་པའི་ཞིང་ཁམས་ཡིན་རབས། རྟོགས་པ་ལྷ་དང་མཉམ་རབ་དང་འབྱོར་བ་ཀླུ་དང་མཉམ་པ་དག་ཆང་ཟཐུང་དག་བཟི་རྗེས་ལབ་རྒྱག་པ་དང་ཨ་ན་མ་རེད།།

དེའི་རྐྱེན་ངས་འདི་ནས་ཀུན་ལ་གོང་གསལ་གྱི་གནད་དོན་དག་ལ་དོ་སྣང་རེ་བྱས་ནས་རང་གི་འདོད་ཚུལ་བརྗོད་པར་སྐུལ་མ་བྱས་པ་ཡིན།

·རྩོམ་ཡིག་གོང་མ:པོ་ཏ་ལར་བསྐྱོད་པ།
·རྩོམ་ཡིག་འོག་མ:འགུལ་རིས་གློག་བརྙན༼གེ་སར་རྒྱལ་པོ༽
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 8:17:17 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 11:13:01 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 16:39:04 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS