ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

སྙན་ངག་གིས་སེལ་ཐབས་མེད་པའི་དཀའ་སྡུག་གཞུག་ན་ཡོད།

རྩོམ་པ་པོ:འབར་རྡེའུ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1589ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/4/13 22:08:41ཚོགས་ཡར་སྤྲོད:admin
སྙན་ངག་གིས་
སེལ་ཐབས་མེད་པའི་དཀའ་སྡུག་གཞུག་ན་ཡོད།

འབར་རྡེའུ། (ཟི་ལིང་
རྫ་སྐྱེ་རྒུའི་སྲོག་ཐོག་ལ་ཕོག་ཅིང
བོད་ཆོལ་ཁ་གསུམ་དང་གཞིས་བྱེས་གཉིས་ཀྱི
མི་སེམས་ལ་བརྒྱབ་པའི་ས་ཡོམ་དེ
ས་ཡོམ་དེས་ཡུལ་ཤུལ་ཡུལ་ཤུལ་དུ་བསྒྱུར་སོང
ས་ཡོམ་དེས་ཚེ་སྲོག་གྲངས་མེད་ཁྲིད་སོང
ས་ཡོམ་དེས་ཡུལ་ཤུལ་དུ་གར་སྟེགས་ཤིག་བཟོས་སོང
ལྷ་སྲིན་སྡེ་བརྒྱད་ཀྱི་སྟངས་སྟབས་ཁྲོད་ནས་ཁྱོད་ཀྱང་མངོན་བྱུང
མིག་ཆུ་ཞིག་ས་ཡོམ་གྱི་སྔ་རོལ་ནས་དྲུད་པའི་སྙན་ངག་དང
ང་དང་བཅས་པའི་སྙན་ངག་པ
གར་སྟེགས་ཀྱི་རྒྱབ་ལོགས་སུ
ངུར་སྨྲིག་གི་ལག་པས་བླ་སྲོག་གི་རོལ་མོ་འཁྲོལ
ཡིག་དྲུག་གི་རྟ་དབྱངས་རིང་མོས
མཆོད་རྐོང་རེ་རེ་ལ་སྐྱོ་གདུང་རེ་རེ་བསྐྱིལ
གནའ་བོའི་རིགས་རྒྱུད་ཅིག
ཡང་བསྐྱར་གཡས་སུ་འཁོར་བ་མཐོང་བྱུང་ངམ
སྐབས་འདིར སྙན་ངག་ནི་ལམ་གྱི་འཁྲོལ་འཛིན་མ་ཡིན
འབྲོག་པའི་མར་རྩམ་དང་རོང་པའི་གོ་རེ་ཡང་མིན་ལ
རྙིང་མི་འཁྱོག་པའི་མགྱོགས་ཐུག་དང་བཙག་ཆུ་དེ་ཚོ་ཙམ་ཡང་མ་རེད
རྩྭ་མི་ཤིང་མིའི་རྩེད་ཆས་སུ་གྱུར་བའི་སྙན་ངག་ཀྱེ
ད་ལྟ་བརྙན་འཕྲིན་དུ་སུ་ཞིག་གི་ལག་རོགས་ཡིན
ས་སྲུབས་ལ་ཤོར་བའི་བྱིས་པ་ཞིག་གི་ངུ་སྐད
ཉི་ཟེར་གྱི་ཕང་བ་ནས་གྲག་སྲིད
ཡིན་ན་ཡང ཕྱོགས་དང་ཕྱོགས་ནས་འོང་གིན་པའི
གོད་ཆག་གི་མདུན་ནས་འགྲེང་མཁན
སུ་ཡིན་ནམ
ས་རྡུལ་འཇགས་ཤིང་འཁྲབ་སྟོན་རྫོགས་རྗེས
སྙན་ངག་གིས་སེལ་ཐབས་མེད་པའི་དཀའ་སྡུག་གཞུག་ན་ཡོད
༢༠༡༠ལོའི་སྤྱི་ཟླ༥ཚེས༡༣ཉིན་ཙོང་ཁ་གྱི་ཐང་དུ།

༢༠༡༠ལོའི་གངས་རྒྱན་མེ་ཏོག་དེབ་༢པ་ལས་བདམས།

·རྩོམ་ཡིག་གོང་མ:འགུལ་རིས་གློག་བརྙན༼གེ་སར་རྒྱལ་པོ༽
·རྩོམ་ཡིག་འོག་མ:ས་དང་གནམ་གྱི་བར་ན།༼ས་ཡོམ་རྗེས་དྲན༽
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ས་དང་གནམ་གྱི་བར་ན།༼ས་ཡོམ་རྗེས་དྲན༽ 2011/4/13 22:15:15
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 2:06:17 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 3:42:12 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 5:51:46 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 93 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS