ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔེ་ཀློག
རྩོམ་ཡིག་ཀློག་པ།

འཛམ་གླིང་དཔེ་ཀློག་ཉིན་མོའི་ངོ་སྤྲོད་བསྡུས་མ།

རྩོམ་པ་པོ:རླུང་ནག་འཚུབ་མ།ཡོང་ཁུངས:སེང་རྡོར་དྲ་ཚིགས།གཟིགས་གྲངས:8544ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/4/23 19:51:47ཚོགས་ཡར་སྤྲོད:admin

ང་ཚོ་སད་རན།

དཔེ་ཀློག་གི་དུས་ཆེན་ངོ་སྤྲོད་བསྡུས་མ།

རླུང་ནག་འཚུབ་མ།

-----“འཛམ་གླིང་གི་དཔེ་ཀློག་ཉིན་མོལ་ཕུལ་བ།

འཛམ་གླིང་གི་དཔེ་ཀློག་ཉིན་མོའིམིང་ཆ་ཚང་ལའཛམ་གླིང་གི་དཔེ་མཛོད་དང་པར་དབང་གི་ཉིན་མོཟེར་ཞིང་།འཛམ་གླིང་གི་དཔེ་མཛོད་ཉིན་མོཞེས་བསྒྱུར་བའང་ཡོད།“འཛམ་གླིང་གི་དཔེ་ཀློག་ཉིན་མོ”འཛུགས་པའི་གྲོས་གཞི་དེ་ཐོག་མར་སི་ཕན་ནས་བཏོན་པ་སྟེ།དེ་ལྟ་བུའི་ཚོར་བ་སྐྱེན་པོ་ནི་སི་ཕན་གྱི་ཅ་ཐེ་ལོ་ཉེ་ཡ་ས་ཁུལ་གྱི“ལྷ་མཆོག་ཆའོ་ཀྲིའི་དུས་སྟོན”ལས་བྱུང་།གཞན་དུ་ནི།དཔེ་མཛོད་ཁང་གི་ཡིག་ཚགས་སོགས་གཞིར་བྱས་པ་ལྟར་ན།དེ་ནི་སི་ཕན་གྱི་ཅ་ཐེ་ལོ་ཉེ་ཡ་ས་ཁུལ་གྱི་ངག་རྒྱུན་ཞིག་སྟེ།སྙིང་དུ་སྡུག་པའི་ལྷ་མོ་ཞིག་མ་རུངས་དུག་སྦྲུལ་གྱིས་རི་བོའི་འཇིངས་སུ་བཅུག་རྗེས།དཔའ་མཛངས་རྟུལ་ཕོད་ལྡན་པའི་ཆའོ་ཀྲི་མ་རུངས་དུག་སྦྲུལ་ལས་རྒྱལ་ཏེ་ལྷ་མོའི་སྲོག་བསྐྱབས།ལྷ་མོས་ལྷ་མཆོག་ཆའོ་ཀྲི་ལ་དཔའ་ཞིང་མཛངས་པའི་རྟགས་སུ་དཔེ་དེབ་ཅིག་འབུལ་བ་རེད།ཉིན་དེ་ནས་བཟུང་དཔེ་དེབ་ནི་སྤོབས་སེམས་དང་སྙིང་སྟོབས་ཀྱི་མཚོན་བྱེད་དུ་གྱུར་ཞིང་།ཟླ༤ཚེས༢༤ཉིན་ནི“ལྷ་མཆོག་ཆའོ་ཀྲིའི་དུས་སྟོན”དུ་གྱུར་བ་རེད།དུས་སྟོན་དེར།ཅ་ཐེ་ལོ་ཉེ་ཡ་ས་ཁུལ་གྱི་མི་སེར་ཚོས་གྲོགས་དང་གཉེན་ཉེ་དབར་ལ་རྒྱ་སེ་དང་དཔེ་དེབ་འབུལ་བའི་གོམས་སྲོལ་ཞིག་ཆགས་ཡོད།ཇི་སྐད་དུ།ཇི་ལྟར་མི་རིགས་ཀྱི་ཡིན་ན་དེ་ལྟར་འཛམ་གླིང་གི་ཡིན་ཞེས་པ་དེ་ཉིད་དོ།།
“འཛམ་གླིང་གི་དཔེ་ཀློག་ཉིན་མོ”ནི་མི་རྣམས་ཀྱི་དཔེ་ཀློག་དང་རྩོམ་འབྲིའི་ནུས་པ་མཐོ་རུ་འདེགས་བྱེད་དེ།སྐུ་ཞབས་ཤིག་སེ་ཕེར་གྱི་ངག་ལས།འཚོ་བའི་ཁྲོད་དུ་དཔེ་ཆ་མེད་ན་ཉི་འོད་མེད་པ་འདྲ་ལ།བློ་དང་རིག་པའི་གྲོགས་སུ་དཔེ་ཆ་མེད་ན་གཤོག་མེད་བྱེའུ་དང་མཚུངས་ཞེས་གསུངས་པ་ལྟར།དཔེ་ཀློག་གིས་མིའི་བློ་གྲོས་མ་སྨིན་པ་སྨིན་པར་བྱས་པར་སྨན་ཏེ།དཔེ་ཆ་ལེགས་པོ་ཞིག་གིས་མི་ཞིག་གི་འཚོ་སྟངས་རྨང་ནས་བཅོས་སྒྱུར་བྱེད་ཐུབ་ལ།།དཔེ་ཆ་ལེགས་པོ་ཞིག་ལ་བལྟ་བ་ནི་རླབས་ཆེན་གྱི་སྐྱེས་པོ་ཞིག་ལ་ཁ་བརྡ་བྱེད་པ་དང་ཨ་ན་མ་ན་ཡིན་ཞེས་པ་ལྟར་རོ།།མིའི་སེམས་ཁམས་འཚར་ལོངས་ཀྱི་ལོ་རྒྱུས་ནི་མདོར་ན་མི་རང་གི་དཔེ་ཀློག་གི་ལོ་རྒྱུས་ཡིན་ལ།མི་རིགས་ཤིག་གི་སྙིང་སྟོབས་ཀྱི་དག་ཞིང་ནི་ཚད་ངེས་ཅན་ཞིག་ནས་བཤད་ན་མི་རིགས་དེའི་དཔེ་ཀློག་གི་ཆུ་ཚད་ལ་རག་ལས་ཡོད།དེ་བས།མི་སྒེར་རམ་མི་རིགས་ཤིག་གི་སེམས་ཤུགས་དང་སྙིང་སྟོབས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་དགོས་ན་མི་སྒེར་རམ་མི་རིགས་དེའི་དཔེ་ཀློག་གི་ཆུ་ཚད་ལ་སྣང་ཆུང་གཏན་ནས་བྱེད་མི་རིགས་སོ།།
རང་ཅག་ལྟ་བུ་དཔེ་ཀློག་གི་འདུ་ཤེས་རྨང་ནས་སད་ཀྱིན་མེད་པའི་མི་མང་པོ་ཞིག་གིས“འཛམ་གླིང་གི་དཔེ་ཀློག་ཉིན་མོ”ཤེས་རྟོགས་འབྱུང་སླད།འདིར་དཔེ་ཀློག་གི་ཉིན་མོའི་གནས་ཚུལ་རགས་མོ་ཞིག་ཀུན་ལ་ངོ་སྤྲད་པ་ཙམ་ཏེ།མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་ཆ་ཅི་མཆིས་ཡོ་བསྲང་དང་སྐྱོན་འཛུགས་གནང་རོགས།མཇུག་ཏུ།དུས་འདིར།“སྐྱེས་ཕོ་མོ་དང་རྒན་གཞོན།དབུལ་ཕྱུགཡང་ན་ནད་པ་དང་ཐང་པོ”སོགས་ཀྱི་ཁྱད་པར་མེད་པར་འཛམ་གླིང་སྐྱེ་འགྲོ་ཀུན་གྱིས་དཔེ་ཀློག་གི་ཉིན་མོའི་སྤྲོ་སྣང་ལོངས་སུ་སྤྱོད་གྱུར་ཅིགལྷག་པར་འགྲོ་བ་མིའི་ཤེས་རིག་ཡར་རྒྱས་ལ་ལག་རྗེས་སྔ་ན་མེད་པ་བཞག་དང་འཇོག་མུས་སུ་མཆིས་པའི་རྩོམ་རིག་པ་དང་རིག་གནས་པ།ཚན་རིག་པ།བསམ་བློ་པ་སོགས་ཀྱི“ཤེས་རིག་བདག་དབང་སྲུང་སྐྱོབ”ཀྱི་ཁེ་དབང་བསྐལ་བརྒྱའི་བར་དུ་བརྟན་པར་གྱུར་ཅིག

༢༠༡༡ལོའི་ཟླ༤ཚེས༢༣ཉིན་རླུང་ནག་འཚུབ་མས་སྒྱུར་སྒྲིག་བྱས།
·རྩོམ་ཡིག་གོང་མ:གཞས་ཚིག སྲོང་བཙན་སྒམ་པོ།
·རྩོམ་ཡིག་འོག་མ:བཟང་རྨི་ལམ་འདི་འདྲ་ཨེ་མ་ཧོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གནམ་འོག་གི་དོན་བཟང་རྩེ་གྲས་ནི་གང་ལྟར་དཔེ་ཀློག་ཉིད་དོ།། 2015/6/9 15:02:06
·ནགས་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་དཔེ་དེབ་བཀླགས་པ། 2014/6/20 16:48:22
·ཀྲུང་གོ་བའི་དཔེ་དེབ་ཀློག་ཚད་འཛམ་གླིང་གི་ཉུང་ཤོས་ཡིན་པ། 2012/10/31 11:02:43
·ང་དང་༼གངས་རྒྱན་ན་ཆུང་ཚགས་པར༽ 2011/6/12 11:39:24
·བྱ་གཞུང་དབྱངས་བྷའི་༼རྩོམ་རིག་དང་མི༽ཞེས་པ་བཀླཊ་རྗེས། 2011/5/15 11:05:04
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 2:49:48 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 4:35:35 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 7:06:29 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS