ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

བཟང་རྨི་ལམ་འདི་འདྲ་ཨེ་མ་ཧོ།

རྩོམ་པ་པོ:དཔལ་དགྱེས་པ་རྡོ་རྗེ།ཡོང་ཁུངས:ངེད་དྲ་བགཟིགས་གྲངས:1738ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/4/24 20:24:05ཚོགས་ཡར་སྤྲོད:admin

གསེར་སྒོང་གསུམ་རྙེད་པའི་རྨི་ལམ། །

ན་མོ་གུ་རུ་རཏྣ་བྷྱ།

ཤར་སྐྱ་བའི་སྐྱ་རེངས་དང་པོའི་སྐབས། །

བྱ་སྐྱ་ཀའི་ཀ་ཀ་མ་སྒྲོག་གོང་། །

གཉིད་སད་རྨི་གཉིས་ཀྱི་བར་མཚམས་ནས། །

ཤར་མཛེས་ལྗོངས་རུ་དམ་ལུང་པ་མཇལ། །

རྗེ་བླ་མ་གྲུབ་དབང་རིན་པོ་ཆེས། །

གསེར་སེར་པོའི་སྒོ་ང་རྣམ་གསུམ་ཞིག །

ཐུགས་དགྱེས་བཞིན་བདག་ལ་གནང་བར་རྨིས། །

ངས་རྒྱལ་བ་སྲས་བཅས་མཆོད་པ་ཕུལ། །

དཔལ་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་དབང་། །

བཀའ་ཡོངས་རྫོགས་བདག་ལ་ཐོབ་པ་རྨིས། །

དགའ་དྲག་ནས་རིག་པའི་ངོ་བོ་སྐྱོང་། །

བསྟན་འགྲོ་བར་ཕན་བདེའི་བསྔོ་སྨོན་བྱས། །

དེའི་སྐབས་སུ་དག་པའི་སྣང་བ་ལ།

མཆོག་སྤྲུལ་སྐུ་ཨ་འགྱུར་རིན་པོ་ཆེས། །

གཟུངས་པོ་ཏི་བསྟན་པ་བུ་གཅིག་རྒྱུད། །

བྱམས་བརྩེ་བས་བདག་ལ་གནང་བར་རྨིས། །

ཨ་ལ་ལ་རྨི་ལམ་འོད་གསལ་ལས། །

རྒྱུད་བཀླག་འདོན་ཚར་གཅིག་བྱས་པ་དང་། །

སེམས་བདེ་གསལ་མི་རྟོག་རིག་པའི་ངང་། །

དུས་ནམ་ཡང་མ་འདས་སྣང་བར་ཤར། །

རྗེ་བླ་མ་ཡིད་བཞིན་ནོར་བུ་དང་། །

སེམས་རིག་པའི་སྣང་ཆ་འགག་མེད་གཉིས། །

དབྱེར་མེད་པའི་ཀ་དག་རིག་པ་ལ། །

རྩལ་རང་བཞིན་རོལ་བ་ལྷུན་གྱིས་གྲུབ། །

དཔེ་བཞག་ན་མན་ཤེལ་ཉི་འོད་འདྲ། །

དོན་སྟོང་པ་ནམ་མཁའི་གཟུགས་བརྙན་འདྲ། །

རང་མྱོང་བ་ཆང་བཟིའི་ཚོར་བ་འདྲ། །

དགའ་དྲག་པ་རྒྱལ་སྲིད་ཐོབ་དང་མཚུངས། །

ཡུན་མ་རིང་རླུང་སེམས་ཟིང་ཟིང་ལྡིང་། །

གྲོགས་རྫོགས་ཆེན་བསྟན་འཛིན་དར་རྒྱས་ཀྱིས། །

ཁྱོད་རོགས་པ་ཅི་དགོས་བསྒྲུབ་ཆོག་ཅེས། །

བཞིན་འཛུམ་པའི་མདངས་བཅས་མཇལ་བ་རྨིས། །

ངའི་སྣང་བར་ཨེ་ཝྃ་ཆོས་སྨན་ཁང་། །

གཞི་གསར་འཛུགས་སྨན་བླའི་ལྷ་ཁང་ཞིག །

བཞེངས་དགོས་པའི་བཀའ་མོལ་ཞུས་པའི་ཚེ། །

སྨན་གཡང་གི་གཏེར་སྒོ་ཕྱེ་བ་རྨིས། །

གོང་ཉི་མའི་འོད་ཟེར་ཤར་ནས་ཤར། །

གནམ་རྒྱལ་སྒོར་འཛམ་གླིང་ཀུན་འཛོམས་ནས། །

དཔལ་སྒྱུ་འཕྲུལ་ལོངས་སྤྱོད་རྫོགས་པ་ཆེའི། །

ཆོས་ཟབ་མོའི་སྐལ་བཟང་བསྩལ་བ་རྨིས། །

རྒྱ་དགའ་བའི་རྒྱལ་ཁབ་ཟིན་པ་རྨིས། །

བོད་དགྱེས་པའི་གཞིས་བྱེས་ཐུག་པ་རྨིས། །

ཀུན་དགའ་བའི་དགའ་སྟོན་ཚེས་པ་རྨིས། །

བཟང་རྨི་ལམ་འདི་འདྲ་ཨེ་མ་ཧོ། །

གསེར་སྒོང་ང་དང་པོ་རིག་པའི་གནས། །

གསེར་སྒོང་ང་གཉིས་པ་མཐུན་པའི་དཔལ། །

གསེར་སྒོང་ང་གསུམ་དམ་པའི་ཆོས། །

དར་སྨིན་གྲོལ་ནམ་མཁའ་གང་བར་ཤོག །

ལྷ་རྩ་གསུམ་རྒྱལ་བ་སྲས་བཅས་དང་། །

གྲོགས་ཆོས་སྐྱོང་སྲུང་མ་ལས་ལ་བསྐུལ། །

དོན་རྨི་ལམ་ལུང་བསྟན་མཐོང་བར་ཤོག །

ཕན་བདེ་བས་རྒྱལ་ཁམས་གང་བར་ཤོག །

ཅེས་པ་རབ་རྒྱན་ལྕགས་ཡོས་དབོ་ཟླའི་ཡར་ངོའི་ཚེས་པ་བཅུའི་ཉིན་ལ་རྨི་ལམ་ཡ་མཚན་ཅན་ ཞིག་རྨིས་ནས་སད་མ་ཐག་རང་སྣང་གང་དྲན་བཅོས་བསྒྱུར་མེད་པར་ཤྲྰི་སྨྱོན་པས་སུག་ལས་སུ་བགྱིས་པ་དོན་དང་ལྡན་པར་གྱུར་ཅིག་གུ། ཤྲྰི་སརྦ་ལོ་ཀ་མངྒ་ལཾ་བི་ཛ་ཡནྟུ།

·རྩོམ་ཡིག་གོང་མ:འཛམ་གླིང་དཔེ་ཀློག་ཉིན་མོའི་ངོ་སྤྲོད་བསྡུས་མ།
·རྩོམ་ཡིག་འོག་མ:གཞས་ཚིག སེམས་ཀྱི་བྲག་ཅ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·རྨི་ལམ་བཟང་ངན་གྱི་ཆོ་འཕྲུལ། ། 2012/1/16 15:30:57
·རྨི་ལམ་གྱི་དགའ་སྟོན་ངོ་མཚར་དཔྱིད་གླུ། 2011/12/14 19:46:27
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:07:57 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:37:06 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 7:02:02 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS