ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

བསྒྲགས་གཏམ་ཁ་ཆེ་མ།

རྩོམ་པ་པོ:ཨེ་ཀཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:1499ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/4/25 13:09:50ཚོགས་ཡར་སྤྲོད:admin

བསྒྲགས་གཏམ་ཁ་ཆེ་མ།

ཨེ་ཀ

གྱོལ་བའི་རྒན་པོ་འཆི་ལ་ཉེ་བས་གཏམ་འདི་མ་ཉན་མ་ཎྀ་ཐོན།།

རང་ལོ་དྲུག་གི་བྱིས་པ་དེ་ཚོས་ཚིག་འདི་མི་གོ་རྩེ་རུ་སོང།།

དེ་ལས་བར་མ་བར་ན་གནས་བའི་ན་མཉམ་དེ་ཚོ་ཚུར་ལ་འཁོར།།

ང་ཚོས་རང་གི་ལྟ་ཚུལ་བརྗོད་དེ་ཁ་ཁོག་མེད་པའི་གླེང་མོལ་བྱེད།།

ཆེ་རབ་མི་བཤད་གཉན་རབ་མི་བཤད་ཆེ་ན་གཉན་ན་ང་ཚོ་རེད།།

བཙན་རབ་མི་བཤད་རྒོད་རབ་མི་བཤད་བཙན་ན་རྒོད་ན་ང་ཚོ་རེད།།

ཆེ་རབ་བཤད་པས་ཆེ་རུ་མི་ཡོང་གཉན་རབ་བཤད་པས་གཉན་པོ་མིན།།

བཙན་རབ་བཤད་པས་བཙན་པོ་མི་ཡོང་རྒོད་རབ་བཤས་པས་རྒོད་མི་འགྱུར།།

ཕ་རྒྱུད་མ་རྒྱུད་རིགས་རྒྱུད་མི་གླེང་ང་ཚོ་རང་གི་འབྱུང་ཁུངས་རེད།།

རྒྱལ་རྒྱུད་བློན་རྒྱུན་རྒྱུད་པ་མི་གླེང་ང་ཚོ་རང་གི་ལོ་རྒྱུས་རེད།།

རིགས་རྒྱུད་གླེང་བས་རིན་ཐང་ཡོད་ན་རིགས་རྒྱུད་སྔོན་ནས་གླེང་གླེང་ཡོད།།

རྒྱུད་པ་གླེང་བས་རྒྱལ་ཁ་ཡོད་ན་དེ་ཡང་སྔོན་ནས་གླེང་གླེང་ཡོད།།

དེ་བས་ད་ནི་ཆེ་རབ་གཉན་རབ་བཙན་རབ་རྒོད་རབ་སྐྱུར་ལ་ཐོང།།

ཕ་རྒྱུད་མ་རྒྱུད་རྒྱལ་རྒྱུད་མི་གླེང་དེ་དག་ཀྱང་ནི་རིང་སར་ཞོག།།

ང་ཚོས་རང་གི་མི་ཚེ་བདག་ཏེ་རང་གི་ཁེ་དབང་རང་གིས་སྤྱོད།།

རང་གི་རྩ་དོན་རང་གིས་སྲུང་སྟེ་རང་གི་ཐོབ་ཐང་རང་གིས་འཚོལ།།

ལགས་སོ་ཞུས་པའི་གཤིས་དེ་དོར་ལ་གཞན་འོག་འདུར་བའི་སྤྱོད་པ་དོར།།

མི་ངོ་སྲུང་བའི་ལས་དེ་དོར་ལ་མཐོན་པོར་དུང་བའི་རྒྱུད་དེ་དོར།།

ང་མཁས་ཁོ་མཁས་ཞེ་སྡང་མི་དགོས་རང་གི་སེམས་ན་ཁྲིག་སེ་རེད།།

ཕོ་དམན་མོ་དམན་རྩོད་པ་མི་དགོས་རང་གིས་རང་ཉིད་ཤེས་ཚོད་རེད།།

ཁྲོ་ཉམས་སྟོན་སའི་ཁྲི་ཞིག་མི་དགོས་མཐོ་ཉམས་སྟོན་སའི་གདན་མི་དགོས།།

མཛེས་ཉམས་སྟོན་པའི་རྒྱན་ཞིག་མི་དགོས་ཕྱི་ཚུལ་འཆོས་བའི་གོས་མི་དགོས།།

ཆུ་སྐྱེས་ལྟ་བུའི་ལུས་ཞིག་མི་དགོས་ཟླ་བ་ལྟ་བུའི་ཞལ་མི་དགོས།།

བལ་དཀར་ལྟ་བུའི་གཤིས་ཤིག་མི་དགོས་དེ་དག་ཁྱོན་ནས་མཁོ་བ་མིན།།

རང་ཉིད་འཚམ་པའི་བློ་ཞིག་དགོས་ལ་རང་ལ་དབང་བའི་ལུས་ཤིག་དགོས།།

རང་ལུས་འཚམ་པའི་གོས་ཤིག་དགོས་ལ་རང་ལྟོ་འཚམ་པའི་ཟས་ཤིག་དགོས།།

རང་ཉིད་མཐུན་པའི་ལུགས་ཤིག་དགོས་ལ་རང་ལ་འོས་བའི་གཤིས་ཤིག་དགོས།།

རང་གི་མི་ཚེར་འོས་ཤིང་འཚམ་པའི་འཚོ་ཚུལ་འདི་ཡི་ཆོག་པར་བྱ།།

གནས་ལུགས་བུ་ཆུང་ཉེ་སར་ཁྲིད་དེ་གནས་ལུགས་བུ་ཆུང་ལག་པས་སྐྱོར།།

བདེན་པའི་བུ་མོ་ཆུང་མར་བརྫུས་ནས་བདེན་པའི་བུ་མོར་བློ་སེམས་གཏད།།

ངོ་སོ་སྲུང་ཆེད་སྙན་པ་རྒྱས་ཕྱིར་དགོས་པ་གང་ཞིག་ཡོད་ཀྱང་རུང།།

གནས་ལུགས་སྲུང་བའི་དམ་ཚིག་དངོས་དེ་ཚེ་འབར་སྲོག་གིས་བསྐྱང་བར་བྱ།།

༤་༢༢

·རྩོམ་ཡིག་གོང་མ:གཞས་ཚིག སེམས་ཀྱི་བྲག་ཅ།
·རྩོམ་ཡིག་འོག་མ:ཕ་མའི་དྲིན་ལན་བསབ་པའི་སྙིང་བོ་བསྡུས་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 15:30:43 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 19:51:29 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 5:55:54 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 42 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS