ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

ཁུ་སིམ་སིམ་གྱིས་ངང་དུ་ཡུར།༼ཚན་པ་ལྔ༽

རྩོམ་པ་པོ:ལྷམ་ཀོགཡོང་ཁུངས:དགེ་ཆོས་དྲ་བ།གཟིགས་གྲངས:1378ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/5/2 23:04:32ཚོགས་ཡར་སྤྲོད:admin
ཁུ་སིམ་སིམ་གྱིས་ངང་དུ་ཡུར།༼ཚན་པ་ལྔ༽

ཁུ་སིམ་སིམ་གྱིས་ངང་དུ་ཡུར།

སོག་གཞས་ཤིག་ལ་ཉན་སྐབས་བྱེ་ཐང་ཞིག་དྲན་འོང་ཞིང
བྱེ་ཐང་ན་བགྲོད་ཀྱིན་པའི་རྔ་མོང་ཞིག་ཀྱང་དྲན་འོང
ཏག་ཏག་བྱེ་ཐང་དང་རྔ་མོང
ངའི་སྒེའུ་ཁུང་ན་ཕར་གཡོ་ཞིང་ཚུར་འགུལ་བའི་སྣང་བ་ལ
ན་གོར་མོ་ནས་ལྷ་སའི་བར་གྱི་སྨུག་འགྱུས་ཁེངས་པའི་བྱེ་ཐང་དེ་ཡང
སོག་གཞས་ཤིག་དང་ཇི་འདྲའི་མཚུངས་ཨང
སོག་པོའི་རྟ་དམག་ཁྲི་ཕྲག་གིས་ས་རྡུལ་ལ་རྣམ་ཤེས་བགོས་ཏེ
ཉི་མ་ལྷ་སར་ཆས་དུས
བྱེ་ཐང་ནི་རྟ་དམག་ཁོ་ནས་མཛེས་སྡུག་ལྡན་པར་བྱས་ཤིང
སོག་གླུ་དེ་ཡང་རླུང་བུ་ཁོ་ནས་མཛུབ་རྩེ་རུ་རྡེག

དེ་ལྟ་མོད རྣ་བ་འདི་སོག་གླུ་ཁོ་ནས་འགུལ་ཙམ་གྱིས་ངང་དུ་ཡུར་ནའང
ལོ་རྒྱུས་ཁོ་ནའི་གྲིབ་གཟུགས་ཁྲོད་དུ་ཡིབས་པའི་སོག་གླུ
མེ་ལོང་ཞིག་གི་ངོས་ནས་འཛར་ནས་ཟད་ཅིང
མེ་ལོང་ངོས་ཀྱི་འོད་ཟེར་གཞན་ཞིག་སྟེ
ཁྲི་སྐོར་བཅུ་གསུམ་ཡང་གཡས་བསྐོར་ནས་གཡོན་བསྐོར་བྱས་ཤིང
མཐར་སོག་གླུ་ཞིག་དང་འདྲ་བར་བྱེ་ཐང་གི་ཤེལ་བུམ་ཆག་རོ་ཞིག་ཏུ་གྱུར

མཐའ་མཇུག་གི་མིག་ཟུང་།

བདག་གིས་རྩྭ་ཐང་བརྒལ་པའི་ཞོགས་པ་སྔ་བོ་དག་ལ
གླིང་ཕྲན་གཞན་གྱི་སྤྲིན་པ་མགོ་ཐོག་ན་འཕུར་གྱིན་འདུག་པ་མཐོང་བས
ལུས་པོ་ཡང་བ་སྤུ་བཞིན་འདར་ཞིང
སྡེ་འདབས་དང་དགོན་གྲོང་གང་ན་འགྲོ་དུས་སུ་ཡང
ད་དུང་ལུས་པོ་སྔར་ལྟར་འདར་གྱིན་ཡོད་འདུག

སྐབས་རེར་ཞོགས་པ་སྔ་བོ་དག་ལ
བདག་གིས་ལྷ་སའི་གཙང་བོ་བརྒལ་གྱིན་ཡོད་ལ
གྲུ་གཟིངས་བོར་བའི་ཞེད་སྣང་ཁོ་ནས་ཀྱང
ངའི་ལུས་པོ་ཆ་ཚང་བར་འདར་དུ་བཅུག་པས
རྩྭ་ཐང་ན་ཡོམ་པའི་སྐྱེ་དངོས་དག་ཀྱང་ཡོམ་པའི་ཚོར་བ་ཤུགས་ཆེན་བྱུང་ཞིང
དེ་ལ་འཁོར་བའི་སྦྲང་མ་དང་སྦྲང་ཚང་ནང་གི་ཕྲུ་གུ་དག་ཀྱང་ཞེད་ཀྱིན་ཡོད་པ་མཐོང

ཡང་བདག་གིས་ཚེ་རིང་བའི་ལོ་ཟླ་དང་ས་གཞི་བརྒལ་ཚེ
ལག་རྩལ་པ་གཞན་དག་གིས་ཁབ་སྐུད་བཟུང་ནས
གནམ་ས་གཉིས་ཀ་ལྷན་ཅིག་འཚེམ་གྱིན་འདུག་པའི་འཕྲུལ་བ་ཤར་ཅིང
འཚེམ་བུ་བརྒྱབས་ཤུལ་གྱི་ལྷན་པ་རེ་ནི་སྐར་མ་རེ་དང་མཚུངས་པས
བདག་གིས་ལག་རྩལ་པ་དག་གིས་སྐར་མའི་ལྷན་པ་བསླན་ཤེས་པར་འདོད་དེ
རྩི་ཤིང་ཞིག་གི་འདབ་མ་ཡང་སྐར་མའི་འོད་ཟེར་ཡིན་ནམ་སྙམ

བདག་གིས་ཉི་འོད་དང་ནམ་མཁའ་ནི
ཞོགས་པ་སྔ་བོ་དག་ལ་སྤྲིན་པའི་གྲིབ་རིས་ཙམ་དུ་འཁྲུལ་བ་ལས
བརྩེ་བ་སྣོད་དུ་བླུགས་ཟིན་པའི་གོ་ལ་ཆུང་ཆུང་ཡིན་པ་གཞི་ནས་མ་གོ་བས
ཉག་ག་ཞིག་གི་ཕར་ཚུར་ན་འགྲོ་དུས་སུ་ཡང
གོམ་པ་མཐོ་རུ་འདེགས་པའི་ཤུགས་བསྐྱེད་དུས་ཀྱང
ཕྱི་གླིང་བ་ཞིག་གིས་བཟོས་པའི་འགྱིག་ཤོག་གི་ངོ་གདོང་ཞིག་ལས་གང་དུ་ཡང་མ་བསམ

བྱིའུ་དེ་ཚུར་འཕུར་ནས་འོང་།

ཞོགས་པ་དེ་ལྷ་སའི་བར་སྐོར་གླིང་རེད
དབུས་ཀྱི་འོད་ཟེར་ལ་དཀར་དམར་གྱི་འཕྲོ་འདུ་རྒོད་ཀྱང
དེ་རིང་ངའིཤག་ཆུང་གི་སྡོང་རྩེ་ན་འགུལ་ཞིང
ན་ཆུང་སྒེག་པའི་ཉམས་འགྱུར་དེ་ཡང
མདུན་ཐད་ཀྱི་གསེར་ཏོག་ཉི་འོད་ཅན་དེ་ཡིན་འདུག
གསེར་ཏོག་དེ གཙུག་ལག་ཁང་དེ
ཕྱེ་མ་ལེབ་ཅིག་ཡིན་པའི་དབང་དུ་བཏང་ན
གཤོག་པ་གཡས་པ་འོད་ཟེར་གྱིས་མནན་ཅིང
གཤོག་པ་གཡོན་པ་བསེར་བུས་རྡེག་གིན་འདུག

གཡུ་ཐོག་དཔྱངས་ཟམ་གྱི་སྣེ་མོ་ནི
དེ་རིང་ངའི་མིག་གི་ཟུར་མདའ་ཡིན་པའི་ཚུལ་དུ་ལབ་ན
ཟུར་མདའི་སྣེ་མོར་འགྲོགས་པའི་རྭ་སྒྲེང་ལྷ་ཤིང་གི་ལོ་མ
ངའི་རྨི་ལམ་གྱི་སྒྲོལ་མ་གསུང་འབྱོན་མ་དེ་ཡིན་པས
སྙན་སྙན་གྱི་གསུང འཛུམ་འཛུམ་གྱི་ཞལ
ཞོགས་པ་འདིའི་ཕ་རོལ་ནས་ཞོགས་པ་གཞན་ཞིག་ཏུ་སྣང་འོང

བར་སྐོར་གླིང་ན་རྐང་བགྲོད་ཀྱིས་འགྲོ་བའི་ཁྱི་གུ་ཆུང་ཆུང
ཕྱི་གླིང་བ་ཞིག་གི་ལག་རྩལ་ལས་བཏོན་པ་ལྟ་བུའི་སྙིང་རྗེ་བོ་དེ
སེམས་ཀྱི་ཕྱི་ནང་ལ་བགོས་པའི་རི་མོ་ཞིག
ལྷ་ས་ནི་བ་མོ་དཀར་པོའི་མེ་ཏོག་ཅིག་ཡིན་ན
རི་མོ་དེ་ནི་མེ་ཏོག་གི་ཟེའུ་འབྲུ་གློ་ཁ་ཞིག་ཡིན་ཕྱིར
ངའི་སྒེའུ་ཡོལ་གྱི་ལྡེབས་སུ་འཁྱིལ་བའི་གཙང་ཆབ་ཁ་ནས
གླིང་བུ་འབུད་པའི་གྲུ་མཁན་ཁོ་ནས་མཐོང་ཡོད

ཨ་མའི་ཕྱག་ཟུང་ལས་ཤུད་འོང་བའི་ཞོགས་པ་འདིར
སྡོང་ལོའི་སྟེང་གི་ཆུ་ཟིལ་ལ་འཁྲིལ་བའི་ཁ་དབུགས་ཡང་མོ་ཞིག
ངས་སྒེའུ་ཁུང་ལས་ཕར་བཏང་དུས
སྨུག་སྤྲིན་སྲབ་མོ་ཞིག་གི་ཕྱི་གསལ་ནང་གསལ་གྱི་འདབ་མོ་རེ་རེ
ང་ལ་ཚུར་འཁོར་ནས་འོང་བའི་དུས་སུ
ལྕག་པོ་རིའི་གཡས་ལོགས་ཀྱི་བྱིའུ་དེ་ཡང་ཚུར་འཕུར་ནས་འོང

བྱིའུར་གཉིད་ལྕོག་བརྒྱབས་བྱུང་།

ལྕང་ལོ་དེ་འགུལ་ཙམ་གྱིས
ཟིལ་ཐིགས་ཀྱི་མཛེས་ཉམས་སྔར་བཞིན་འཚེར་ན་ཡང
བྱིའུ་དེ་སྐྱིད་པོའི་མལ་དུ་བཟིམ་ཙམ་ནས
རྨི་ལམ་ག་འདྲ་ཞིག་གཏོང་གིན་ཡོད་དམ
འཇམ་པའི་ལུས་པོ་ལ་འཁྲིལ་བའི་བསིལ་རླུང
བསིལ་རླུང་ཁྲོད་ཀྱི་རྣམ་ཤེས
ལྕང་ལོ་དང་ཁ་བྲལ་ནས
བར་སྣང་ལ་ཁེར་རྐྱང་གིས་འཕུར་སོང་ངམ

ལྕང་ལོ་ལ་གཉིད་ལྕོག་མ་བརྒྱབས་གོང
བྱིའུ་ལ་གཉིད་ལྕོག་བརྒྱབས་བྱུང
བྱིའུ འཇིག་རྟེན་གཤོག་རྩལ་གྱིས་གཞལ་དུས
རང་མལ་ལག་མཐིལ་འདྲ་བ་ཞིག་ན
མེ་ཏོག་གི་དོར་མ་གྱོན་པའི་ལྕང་སྡོང་ག་ཙམ་འདུག
ལྕང་སྡོང་རེ་རེ་ལོ་མ་དང་འབྲེལ་ཞིང
ལོ་མ་རེ་རེ་ཁྱེད་ཀྱི་ཚང་མལ་དང་འབྲེལ་འདུག་པས
ཁྱེད་རང་ལ་འཕུར་ཤུགས་ཅི་འདྲ་ལྡན་རུང
ལྕང་ལོའི་འོད་ཟེར་གྱི་སྦུབས་སུ
ཁྱེད་ལ་གཉིད་ལྕོག་བརྒྱབས་འདུག

སྒེའུ་ཁུང་དེའི་ཕ་རོལ།

ཁྱེད་ཀྱི་འགྲམ་པའི་ངོས་སུ་དཔྱངས་པའི་ཟླ་གཟུགས
རིམ་པ་གཉིས་སུ་འདར་ཞིང
མཚོ་ངོས་ན་འགྱུ་བའི་གྲུ་གཟིངས་དེ་ཡང
གློ་རྡེག་ལ་རང་གི་ཉེ་སར་འཐེན་པ་དང་འདྲ་བོ་བྱུང་དུས
དུས་ཚོད་ཀྱིས་ཁུར་བའི་ཚོར་བ
སྦྲང་མ་གཉིས་ཀྱི་གདོང་གཏུགས་ཁྲོད་ན་འགུལ

སྙིང་ཉེ་བའི་འབྲོག་ཐང་གི་བྱིའུ་ཁྲ་ཁྲ
ཤིན་ཏུ་ཐག་རིང་གི་གསུམ་འཛོམ་ས
ཤིན་ཏུ་ཐག་རིང་བའི་ནམ་མཁའ་ལ་སྨུག་པ་འཐིབས་འདུག་པས
ཟེའུ་འབྲུ་ལ་རྡུལ་སྤྲུགས་མ་བཏང་བའི་འོད་ཟེར
སྐར་ཆ་གཅིག་གི་སྟེང་དུ་ཡོམ་ཚེ
ཁྱེད་ཀྱི་ལྡེབས་ངོས་སུ་བྲིས་པའི་རི་མོ
འབུ་སྦྲང་དང་རོལ་ཆ ས་ཁུ་སིའི་གླིང་བུ་དག་ཡིན་ནམ

·རྩོམ་ཡིག་གོང་མ:གྲགས་ཅན་གསུང་ཚིག༢༣
·རྩོམ་ཡིག་འོག་མ:གཞས་ཚིག ཁྱིམ་གཞིས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 13:25:46 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 17:21:35 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 2:18:06 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 47 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS