ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

ང་ཚོས་ཟས་ཟ་བཞིན་ཡོད་དམ་དུག་ཟ་བཞིན་ཡོད་།

རྩོམ་པ་པོ:མང་རའི་རྒྱལ་མཚན།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:1850ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/5/6 22:14:20ཚོགས་ཡར་སྤྲོད:admin
ང་ཚོས་ཟས་ཟ་བཞིན་ཡོད་དམ་དུག་ཟ་བཞིན་ཡོད་།པར་རིས

མང་རའི་རྒྱལ་མཚན།

ཁ་སང་དེ་རིང་གི་ཀྲུང་གོའི་སྤྱི་ཚོགས་ནང་ང་ཚོས་གྲོགས་པོ་ཕན་ཚུན་བར་ལ་ཁྱེད་ཀྱིས་ཟས་ཟ་བཞིན་ཡོད་དམ་དུག་ཟ་བཞིན་ཡོད་ཅེས་ཁམས་འདྲི་བྱེད་དགོས་ཏེ།རྒྱུ་མཚན་ནི་ང་ཚོའི་ཉེ་འཁོར་ན་ཚོང་རྫས་རྫུན་མ་དང་སྤུས་ཞན་གྱི་རིགས་ཤིན་ཏུ་མང་ལ།ཁྱད་པར་ཏུ་ཟས་རིགས་རྫུན་མ་དང་རུལ་སྐྱོན་ཅན།དུག་རྫས་ཀྱི་གྲུབ་ཆ་འདྲེས་པ་ཅི་རིགས་མངོན་སུམ་འཛེམ་མེད་སྒོས་ཁྲོམ་རྭའི་ནང་བཙོང་བཞིན་ཡོད་།དཔེར་ན་ལོ་འགའི་ནང་བྱིས་པ་དམར་འབྱར་ལ་ལྡུད་རྒྱུའི་འོ་ཕྱེ་སྐམ་པོར་རྫས་འགྱུར་དུག་རིགས་ཀྱི་གྲུབ་ཆ་ཞིག་བསྲེས་ཡོད་པ་དང་།གྲོང་ཁྱེར་ཆེན་པོའི་ཟ་ཁང་གང་མང་གིས་གད་སྙིགས་སྣུམ་བསགས་ཏེ་ཁ་ཟས་གཡོས་སྦྱོར་བྱས་ཡོད་པ་སོགས་བློ་ཡུལ་ལས་འདས་པའི་དོན་རྐྱེན་དེ་དག་གིས་ལན་གཅིག་མིན་པར་རྒྱལ་ཡོངས་་འུར་ཟིང་ངེར་བཏང་བ་ཀུན་ལ་གསལ།
འདི་ནི་ཟ་ཁང་གིས་གསོག་འཇོག་བྱས་པའི་གད་སྙིགས་སྣུམ་རེད།

མདོར་ན་དེ་དག་ཕྱི་ཚུལ་ནས་བལྟས་ན་ཁ་ཟས་དང་དོན་ལ་དུག་རིགས་འབའ་ཞིག་གོ ཉེ་བའི་ལོ་ཤས་ནང་རྒྱལ་ཁབ་འབྲེལ་ཡོད་ལས་ཁུངས་ཁག་གིས་ཀྱང་ཟས་རིགས་བདེ་འཇགས་ཐད་དོ་དམ་ཤུགས་ཆེན་བྱེད་རྒྱུའི་དམ་བཅའ་བཞག་ཅིང་།ཚོང་རྫས་རྫུས་ཞན་གྱི་རིགས་མེད་པར་བཟོ་བའི་བྱ་འགུལ་ཡང་མང་དུ་སྤེལ་ཡོད་མོད།དོན་ལ་ཀྲུང་གོའི་ཟས་རིགས་ཀྱི་གནད་དོན་ཇེ་སྡུག་ནས་ཇེ་སྡུག་ཏུ་གྱུར་ཡོད་དེ།༢༠༡༡ལོ་འདི་ལ་ཡང་སྔ་ཕྱིར་ཧི་ནན་ཞིང་ ཆེན་གྱི་ཕག་ཤའི་བཟོ་གྲྭ་ཧྲུང་ཧོས་ཟེར་བས་ཕག་ཤའི་ནང་ཤ་སྐམ་བྱེད་ཀྱི་རྫས་ཤིག་བསྲེས་པའི་དོན་རྐྱེན་དང་། (ཧྲུང་ཧོས་ཟེར་བ་འདི་ཚོང་རྟགས་གྲགས་ཅན་ཞིག་རེདའདིས་བཟོས་པའི་ཕག་ཤའི་ཐོན་རྫས་བོད་ཡུལ་གཞི་རིམ་ན་ཤིན་ཏུ་མང་)ཧྲང་ཧེའི་ཚོང་རྭ་ཆེན་མོར་ཚོན་རྩི་བྱུགས་པའི་གོ་རེ་ཅོང་རྡོག་བཙོང་བ།
འདི་ནི་ཚོན་རྩི་བྱུགས་པའི་གོ་རེ་ཅོང་རྡོག་རེད།

རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཕག་ཤའི་ཐོག་ལ་འགྱུར་སྐུལ་སྨན་རྫས་བསྐུས་ནས་གླང་ཤ་དང་འདྲ་བར་བསྒྱུར་རྗེས་རིན་གོང་མཐོན་པོས་བཙོང་བ་སོགས་ཡ་ང་བའི་སྤྱོད་ངན་མང་པོ་བྱུང་

ཡོད།
འདྲ་དཔར་འདི་གཉིས་ནི་ཕག་ཤ་གླང་ཤར་བསྒྱུར་ཚུལ་རེད།

དེ་ཡང་གོང་སྨྲས་ཟས་རིགས་རྫུས་ཞན་དང་དུག་ཅན་དེ་རིགས་མང་དུ་འབྱུང་བའི་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ཅི་ཡིན་ཟེར་ན།ད་ལྟའི་ཀྲུང་གོའི་མི་དང་མིའི་བར་ཡིད་ཆེས་དང་བློ་རྟོན་མེད་ལ།སྤྱི་ཚོགས་ཡོངས་ཀྱི་ཡ་རབས་གཞུང་དྲང་གི་ཀུན་སྤྱོད་རིག་གནས་ཉམས་རྒུད་དུ་གྱུར་བ་སྟེ།ཚོང་རྫས་ཐོན་སྐྱེད་བྱེད་མཁན་ཚོས་སྒོར་གྱི་ཁེ་སྤོགས་ལས་གཞན་གྱི་མི་སྲོག་སྣང་མེད་དུ་བཞག་པ་རེད།ཁོ་བོས་བལྟས་ན་ལྷ་ཆོས་དད་མོས་ཀྱི་སློབ་གསོ་དང་མི་ཆོས་ཀུན་སྤྱོད་ཀྱི་རྩ་དོན་བྲལ་བའི་ཀྲུང་གོའི་སྤྱི་ཚོགས་འདིའི་ནང་།མ་འོངས་པར་ད་དུང་དེ་ལས་ཀྱང་ཡ་ང་ཞིང་སྐྱུག་བྲོ་ལ་བློ་ཡུལ་ལས་འདས་པའི་བསྣོག་ལས་རྫུན་བཟོ་སྣ་ཚོགས་བྱུང་ཡང་ཡ་མཚན་རྒྱུ་མེད།དེ་བས་ང་ཚོས་བསྒྲུབ་ཐུབ་པའི་ལས་ཀ་ཉག་ཅིག་ནི་བློ་རིག་གྲུང་བོའི་སྒོ་ནས་རང་གི་རང་ལ་སྲུང་སྐྱོབ་བྱས་ཏེ་དུག་དེ་རིགས་ཁ་ནང་ལ་འགྲོ་རུ་མི་འཇུག་རྒྱུ་དེའོ།སྔོན་ཆད་ང་ཚོ་བོད་མི་རིགས་ལ་མཚོན་ན།རོང་འབྲོག་མང་ཚོགས་ཕལ་མོ་ཆེས་གདོད་མའི་ཞིང་ཕྱུགས་ལས་རིགས་གཉེར་ནས་རང་ཁ་རང་གསོ་བྱེད་པ་ཡིན་པས་ཐོན་རྫས་ཉུང་རུང་རྫུན་མ་དང་དུག་ཅན་ཡོད་མི་སྲིད།དེའི་དབང་གིས་ད་ལྟའི་བར་བོད་མི་མང་པོ་ཞིག་ལ་ཟས་རིགས་ཀྱི་ལེགས་ཉེས་བདེན་རྫུན་དབྱེ་བའི་གོམས་གཤིས་གྲུབ་མེད།ཡིན་ནའང་ད་ལྟ་ཕྱི་ཡུལ་སྤྱི་ཚོགས་དང་འབྲེལ་འདྲིས་མང་དུ་ཕྱིན་པ་དང་བསྟུན་ནས་གྲོང་ཁྱེར་གྱི་བཟོ་གྲྭས་ཐོན་སྐྱེད་བྱས་པའི་ཚོང་རྫས་བཟང་ངན་སྣ་ཚོགས་རགས་ལས་ཤོར་བའི་ཆུ་ལོག་ལྟར་བོད་ཡུལ་གང་སར་ཁྱབ་ཡོད་ལ།རྒྱ་ཧོས་ཚོང་པ་ཁོག་ངན་འགའ་རེས་ཆེད་དུ་ཚོང་རྫས་རྫུས་ཞན་དག་བོད་ཡུལ་ལ་དྲངས་སྟེ་རོང་འབྲོག་མི་སེར་ཡིག་རྨོངས་པར་མགོ་བསྐོར་བཞིན་པའི་སྣང་ཚུལ་ཀྱང་ཡོད་།  དེ་བས་བདག་གིས་འདིར་ཆེད་དུ་ལྷག་བསམ་དཀར་པོས་རིགས་གཅིག་སྤུན་ཟླའི་ཚོགས་ལ་གསལ་འདེབས་ཤིག་བགྱི་འདོད་པ་ནི།
ད་ལྟ་ནས་བཟུང་བོད་རིགས་མང་ཚོགས་ཀྱིས་ཞིང་ཕྱུགས་ལས་རིགས་གཉེར་སྐབས་རྫས་འགྱུར་སྨན་རྫས་ཉུང་སྤྱོད་བྱེད་པ་དང་།ཁྱད་པར་ཏུ་རྒྱ་ནང་གི་བཟོ་གྲྭས་ཐོན་སྐྱེད་བྱས་པའི་ཟས་རིགས་སྣ་ཚོགས་ལ་དོགས་ཟོན་དང་དབྱེ་འབྱེད་བྱེད་ཤེས་དགོས་འདུག  ད་ལྟ་འཛམ་གླིང་ཡངས་པའི་ཁྱོན་ན་ལོ་རེ་བཞིན་ཟས་རིགས་རྫུས་ཞན་གྱི་དབང་གིས་མི་མང་པོར་བཅོས་ཐབས་མེད་པའི་སྐྲན་ནད་ཕོག་པ་དང་།དབང་ཤེས་བློ་རིག་ཉམས་པ།ལུས་ཟུངས་ཟད་པ།ཤི་བ།བུ་རྒྱུད་ཆད་པ་སོགས་ཀྱི་སྣང་ཚུལ་ཚབས་ཆེན་སྣ་ཚོགས་བྱུང་ཡོད་།དེ་བས་ཁ་ཟས་གཙང་མ་ཡིན་མིན་དེས་མི་སྒེར་གྱི་བདེ་ཐང་ཙམ་མ་ཟད་མི་རིགས་དང་རྒྱལ་ཁབ་ཧྲིལ་བོའི་དར་རྒུད་ལའང་ཤུགས་རྐྱེན་ཐེབས་སྲིད་པས་ན།སྤྱི་ཚོགས་ཁྱོན་ཡོངས་ནས་དོ་སྣང་དང་མཐོང་ཆེན་བྱེད་དགོས་པ་བརྗེད་མི་རུང་སྙམ།

·རྩོམ་ཡིག་གོང་མ:གཞས་ཚིག རྨི་ལམ་ཕུགས་ཀྱི་དག་ཞིང་།
·རྩོམ་ཡིག་འོག་མ:ཨ་མཚར་མཚར་དགུ་བཀླགས་པའི་མྱོང་ཚོར།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·དཔལ་དུས་ཀྱི་འཁོར་ལོའི་སྨོན་ལམ། 2014/4/13 13:00:24
·དགོན་པ་ནང་སྐྱིད་ཉལ་བྱེད་ནས་མ་སྡོད། 2014/3/29 12:44:55
·རིག་གནས་གསར་རྙིང་བར་གྱི་མཐུན་འཇུག 2011/12/31 14:53:19
·བྱ་ཚིག་གི་དུས་གསུམ་དང་དངོས་པོ་བདག་གཞན་སྐོར། 2011/12/8 10:05:13
·བོད་མིའི་གཤིས་ཀ་ཡ་མཚན། 2011/11/26 22:46:11
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:21:33 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:53:25 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 22:26:12 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 49 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS