ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

ཉིག་ཡོར་གྱི་ཉིན་ཐོ།

རྩོམ་པ་པོ:ཀླུ་སྨྱོན་ཧེ་རུ་ཀཡོང་ཁུངས:དྲྭ་ཐོགགཟིགས་གྲངས:1337ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/11/19 11:55:08ཚོགས་ཡར་སྤྲོད:ངེད་དྲ་བ།
ཉིག་ཡོར་གྱི་ཉིན་ཐོ།
ཀླུ་སྨྱོན་ཧེ་རུ་ཀ

ཤག་ཤག་ཆར་པའི་གྲོང་ཁྱེར་སེ་ཨ་རོལ།།  མགྱོགས་མགྱོགས་གནམ་གྲུའི་བང་གིས་རྒྱབ་བསྐྱུར་ཏེ།།
མཐོ་མཐོའི་མཁའ་ལམ་ཡུད་ཀྱིས་བགྲོད་བྱས་ནས།།  རྫིག་རྫིག་ཉིག་ཡོར་གནམ་གྲུ་ཐང་དུ་འབྱོར།།
ནག་ནག་ཨ་ར་ཅན་གྱི་ཁམས་པ་འགས།།  མངར་མངར་བོད་ཇ་བསྲུབས་མའི་སྣེ་ལེན་གྱིས།།
རིང་རིང་ཆུ་ཚོད་དྲུག་གི་ངལ་བསངས་ཏེ།།  ཕྱུག་ཕྱུག་ཨ་རིའི་ཨ་མའི་ཁང་པར་བསྐྱོད།།
འཇིགས་འཇིགས་མི་རིགས་ནག་པོ་མང་ས་དེར།།  མཐོ་མཐོ་ཐོག་རྩེག་གསུམ་གྱི་ཡང་རྩེར་བསྡད།།
ཚ་ཚ་དམྱལ་བའི་ཡུལ་དུ་བསླེབས་པ་ལྟར།།  གྱོང་གྱོང་ལུས་ནས་རྔུལ་ཆུ་ཆར་ལྟར་འབབ།།
བརྗིད་བརྗིད་བླ་མ་གང་གི་ཞབས་ཞུ་རུ།།  བྲེལ་བྲེལ་ཉིན་བཞིན་འདུར་བའི་བར་གསེང་ནས།།
ཡང་ཡང་རྒྱ་ནག་གྲོང་གི་ཟ་ཁང་དུ།།  (ཧྥུ་ལ་ཞིན་རྒྱ་གྲོང༌།)ཞིམ་ཞིམ་འཇར་པན་ཉ་ཤ་(སུའུ་ཞི)རྗེན་པ་ཟོས།།
མཁས་མཁས་ལྷ་རྗེ་སྤོ་ར་སྤྲུལ་སྐུ་དང༌།།  གཉོམ་གཉོམ་མགོ་ལོག་དོན་གྲུབ་སྤྲུལ་སྐུ་སོགས།།
ཚེ་ཚེ་རབས་རབས་འདྲིས་པ་ལྟ་བུའི་གྲོགས།།  རེ་རེར་འཕྲད་ནས་ཕན་ཚུན་དག་སྣང་སྦྱངས།།
མང་མང་དོགས་པས་ལུས་སེམས་གཟིར་བ་ཡི།།  མཁྲེགས་མཁྲེགས་རྒྱ་རིགས་འགའ་ཡི་རེ་བ་བཞིན།།
ཟིམ་ཟིམ་མིག་གིས་མངོན་ཤེས་སྨྲ་བ་དང༌།།  འདར་འདར་ལག་པས་མོ་རྩིས་རྒྱག་དགོས་བྱུང༌།།
རྙིང་རྙིང་བོད་ཀྱི་སྐུ་ཐང་མོད་པ་ཡི།།  ཡངས་ཡངས་རུའུ་སྦིན་འགྲེམ་སྟོན་ཁང་པ་རུ།།
སེར་སེར་སྐྲ་ལོ་ཅན་གྱི་འགྲེལ་བཤད་ཀྱིས།།  ཨ་ཨ་འདི་ཚོ་བསམས་ནས་ཕྲག་དོག་སྐྱེས།།
རིང་རིང་ཡིད་ལ་བསམ་པའི་རེ་བ་སྟེ།།  རིག་རིག་མིག་གི་ལོངས་སྤྱོད་དཔེ་ཆའི་མཛོད།།
གང་གང་ལབ་རྩེའི་མཚན་གྱི་སྙན་པ་ཅན།།  དེ་དེར་རིག་གཞུང་རྒྱ་མཚོའི་ཀློང་དུ་ཉུལ།།
མཁས་མཁས་ཨ་མདོ་པད་མ་འབུམ་དང་གཅིག།  རྒྱགས་རྒྱགས་གྲོགས་པོ་བྱ་ཁོག་ནམ་མཁའ་གཉིས།།
སྙན་སྙན་རྩོམ་མཁན་སྐལ་བཟང་ལྷ་མོ་གསུམ།།  བསམ་བསམ་རེ་བ་བཞིན་དུ་ཁྱུག་ཙམ་མཇལ།།
མྱུར་མྱུར་གཟའ་འཁོར་གཅིག་དེ་ཕར་ཕར་འདས།།  མྱུར་མྱུར་མཇལ་བའི་སྨོན་ལམ་ཤུལ་དུ་ལུས།།
མྱུར་མྱུར་གནམ་གྲུའི་ཐང་དུ་བསླེབས་ན་ཡང༌།།  མྱུར་མྱུར་མི་འཕུར་ཆུ་ཚོད་བདུན་ལ་བསྒུགས།།
རིང་རིང་བསྒུགས་པའི་དུས་ཀྱི་མཐའ་མ་རུ།།  འུར་འུར་སྒྲ་ཡིས་ས་གཞི་འདར་བྱས་ཏེ།།
ནག་ནག་མུན་པའི་ཀློང་གི་འགྲུལ་བཞུད་ཀྱིས།།  ཡང་ཡང་སེམས་ནང་བར་དོའི་འཇིགས་སྐྲག་འཁོར།།
འགོར་འགོར་ཆུ་ཚོད་ལྔ་ཡི་རྗེས་སུ་སྟེ།།  ཕར་ཕར་ནམ་གུང་གཟུར་ལ་ཉེ་བའི་དུས།།
ཆུང་ཆུང་གནམ་གྲུའི་སྒེའུ་ཁུང་ཕྱི་རོལ་ཏུ།།  མཛེས་མཛེས་སེ་ཨ་རོལ་གྱི་གློག་གཞུ་མཐོང༌།།
ལྡིར་ལྡིར་ས་གཞི་གཡོ་བའི་སྒྲ་དང་བཅས།།  ཉོབ་ཉོབ་གནམ་གྲུ་ཐང་དུ་འབྱོར་བ་ན།།
འཛུམ་འཛུམ་རི་མོ་གདོང་ལ་བྲིས་པ་འགས།།  དཀར་དཀར་ཁ་བཏགས་བཟུང་ནས་བསུ་བ་བྱས།།
ལ་ལ་ཙམ་མིན་སྐྱེ་འགྲོ་ས་ཡ་ཡིས།།  སྨོན་སྨོན་གྲོང་ཁྱེར་ཆེན་པོ་ཉིག་ཡོར་དུ།།
ཐུང་ཐུང་དུས་ཚོད་ནང་ལ་བསྐྱོད་པ་ཡི།།  ལྷུག་ལྷུག་ཚིག་གི་ཕྲེང་ཐག་འདི་ནས་ཆད།།
·རྩོམ་ཡིག་གོང་མ:ཆང་སྐྱེམས་བསྟོད་པ་བདེ་བ་འབུམ་རྫོགས།
·རྩོམ་ཡིག་འོག་མ:སྒྲུང་གླུ་བསོད་ནམས་ཉི་ཤར།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 3:19:25 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:10:12 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 7:54:43 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS