ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

བླ་རུང་དང་འབྲེལ་བའི་གཏམ།

རྩོམ་པ་པོ:འདྲེ་མི་ལ།ཡོང་ཁུངས:ན་གཞོན་གསར་པ།གཟིགས་གྲངས:2352ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/5/13 21:29:33ཚོགས་ཡར་སྤྲོད:admin
བླ་རུང་དང་འབྲེལ་བའི་གཏམ།

འདྲེ་མི་ལ།

གླེང་གཞི།
ཚང་མའི་མཁྱེན་གསལ་ལྟར་ཉེ་ལམ་གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་བསམ་བློ་དག་ཐེར་ཞེས་པའི་ལས་འགུལ་ཞིག་སྤེལ་བཞིན་འདུག   གོ་ཐོས་ལྟར་ན་ལས་འགུལ་དེ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ།    མགོ་ལོག་པ་རིག་དར་བཅས་ཤེས་ཡོན་པ་དང་དབང་འཛིན་པ་དག་གི་མཉམ་འབྲེལ་འོག་སྤེལ་བ་ཞིག་ཡིན་འདུག
ལས་འགུལ་གྱི་དམིགས་ཡུལ།
ལས་འགུལ་འདིའི་དམིགས་ཡུལ་ནི་དུས་དེབ་དང་སྒེར་དེབ།ཚགས་པརསོགས་སུ་རྩོམ་འབྲི་མཁན་གྱི་རྩོམ་པ་པོ་དང་དེ་མིན་ཁྲིན་ཏུའུ་གཟའ་ཉི་མའི་བགྲོ་གླེང་གཙོ་བོ་ཡིན་པའི་འདུ་ཚོགས་སོགས་ཀྱི་སྟེང་དུ་སྐད་ཆ་བཤད་མཁན་དག་གི་བྲིས་རྩོམ་དང་སྐད་ཆའི་ནང་དུ་བསྟན་པ་དང་སྟོན་པར་དགག་པ་བསྐྱོན་ཡོད་མེད་དང་གོང་གི་མཁན་པོ་དང་མི་ཆེན་དག་གི་ཁ་ན་མ་ཎི་བཞིན་བཟློ་བའི་དགེ་བཅུའི་ཁྲིམས་ལ་གདོང་གཏུག་གི་ལྟ་བ་བཟུང་ཡོད་མེད།སྐྱེས་བུ་དམ་པར་རློམ་མཁན་གྱི་སྤྲུལ་བའི་སྐུ་ལོ་དག་གི་མཛད་སྤྱོད་ལ་སྐུར་བ་བཏབས་ཡོད་མེད།དགོན་པ་སོགས་ཀྱི་དོ་དམ་དང་དགྱ་གྲོང་སོགས་གྲོང་ནང་གི་གྲྭ་བ་སོགས་ལ་ལྟ་སྟངས་བཟུང་ཡོད་མེད།ཆབ་སྲིད་དང་འབྲེལ་བའི་སྐད་ཆ་བཤད་ཡོད་མེད་སོགས་མདོར་ན་ཁོང་ཚོའི་ཐུགས་དང་མི་མཐུན་པ།རྣ་བར་མི་སྙན་པ།མིག་ལ་མི་མཛའ་བ་སོགས་ཀྱི་གནད་དོན་མང་པོ་ཞིག་དག་ཐེར་བྱས་ནས་བརྟེན་མེད་དཔུང་མེད་གྱི་གྲྭ་གཞོན་དག་བསམ་བློ་དང་ལྟ་བ་ཕྱི་སློག་ནང་སློག་བྱེད་ནས་ཡོད་ཚད་ཁོང་ཅག་གི་བཀོད་འདོམས་དང་རྡོག་འོག་ན་གནས་དགོས་པ་དེ་ཡིན་འདུག
དངོས་དོན།
གྲོགས་པོ་འགའ་རེའི་ཁ་ནས་གོ་བའི་གནས་ཚུལ་ལྟར་ན་བླ་རུང་སྒར་ནས་ཕལ་ཆེར་ཉི་མ་རེ་རེར་རྒྱང་བསྒྲགས་དང་ཚོགས་ཆེན་སོགས་ཀྱི་སྟེང་ནས་གྲྭ་བ་བསམ་བློ་བ་དང་རྩོམ་པ་པོ་དག་གི་བྲིས་རྩོམ་དང་སྐད་ཆ་སོགས་ལ་དབྱེ་ཞིབ་དང་དཔྱད་བརྗོད་༼སྤྱིར་འུ་ཚོ་བོད་ལ་དཔྱད་རྗོད་པ་བདུད་ལྷ་རྒྱལ་ལྟ་བུ་ཁར་ཁེར་ལ་མེད་མོད་ད་ཐེངས་མང་པོ་ཡོད་ཚོད་རེད༽སྣ་ཚོགས་པ་བྱེད་ནས་རྒྱ་མར་འཇལ་ནས་ཁོང་ཚོས་ཚབ་ཆེ་བར་འདོད་པ་དག་རྒྱང་ཕུད་བཏང།འབྲིང་བ་དག་ལ་བསམ་བློ་གཏོང་བའི་གོ་སྐབས་སྤྲད་ནས་བརྟག་དཔྱད་བྱེད་པ།༼དགྱ་ཡིག་གི留校查看སློབ་མ་དག་སྒྲིག་འགལ་བྱས་ན་ཐབས་དེ་འདྲ་བཀོལ་བ་རེད༽ཚབ་ཆུང་བ་དག་ལ་ཉེན་བརྡ་གཏོང་བ་སོགས་ཐབས་འདྲ་མིན་བྱེད་གྱིན་འདུག མཁན་ཆེན་དག་གི་ཕུགས་འདུག་དང་མགོ་ལོག་པ་རིག་དར་ཁ་ལྕེ་ཡིན་པའི་ཚན་ཆུང་དེས་ཉིན་རྒྱུན་གོང་གི་གནད་དོན་དང་འབྲེལ་ཡོད་གྲྭ་བ་དག་ཉེན་རྟོག་པའི་འདྲི་གཅོད་བྱེད་པ་ལྟར་ལྟ་བ་དང་བསམ་བློ་ཁ་ཕྱོགས་སོགས་འདྲི་རྩད་གཏིང་ཟབ་ནན་མོ་བྱེད་ཀྱིན་ཡོད་པ་རེད།ཉེ་སྔོན་ཡང་ཕ་ཡུལ་རྨེ་བ་ནས་ཡིན་པའི་གྲྭ་གཞོན་ཞིག་རྒྱང་ཕུད་བཏང་ནས་ཁ་སང་བླ་རུང་དང་ཁ་བྲལ་ནས་ནས་བུད་སོང་ཟེར།གོ་ཐོས་སུ་གྲྭ་བ་དེ་རྒྱང་ཕུད་གཏོང་རྐྱེན་གཙོ་བོ་གྲྭ་བའི་རྔུལ་ལེན་(背心)གྱོན་ན་གདོན་ཞུགས་འགྲོ་ཞེས་པ་དེར་དོགས་སློང་བྱས་ནས་རང་གི་འདོད་ཚུལ་ལྷུག་པོར་བརྗོད་པའི་རྐྱེན་རེད་ཟེར།གྲྭ་བ་དེའི་དགྱ་ནག་གི་གྲྭ་བའི་དོར་མ་གྱོན་ན་དགོན་ཞུགས་མི་འགྲོ་བའི་འུ་ཚོའི་རྔུལ་ལེན་གྱོན་ན་ཅིའི་ཕྱིར་མི་ཆོག་ཞེས་བཤད་པས་མ་རེངས་བ་རེད་ཟེར།
དད་ལྡན་མང་ཚོགས་ཀྱི་ཁྲོད་ན།
དད་ལྡན་མང་ཚོགས་ཀྱི་ཁྲོད་ན་ད་ལྟ་སྐད་ཆ་དགོད་བྲོ་རེ་ཁྱབ་གིན་འདུག ཁོ་ཚོས་བླ་རུང་སྒར་ན་བསམ་བློ་བར་གྲགས་པའི་གདོན་འདྲེ་ཁ་ནག་འགའ་ཡོད་གོ་གི  ཁོ་ཚོས་སངས་རྒྱས་ཆོས་ལུགས་རྩ་མེད་དུ་གཏོང་བ་དང་དགེ་བཅུའི་ཁྲིམས་ལ་དགག་པ་རྒྱབ་པ།  སྤྲུལ་སྐུ་ཚོར་སྐུར་འདེབས་བྱེད་གྱིན་པ་སོགས་བྱ་བ་ཐ་ཆད་མང་པོ་བསྒྲུབས་ཀྱིན་འདུག ཡིན་ཡང་ད་ལྟ་མཁན་ཆེན་ཚུལ་བློ་གྲོས་སོགས་ཀྱི་བཀའ་དྲིན་ལ་དེ་དག་ཚར་གཅོད་གཏོང་གིན་ཡོད་ཅེས་སྐད་ཆ་ངུ་བྲོ་ལ་སྐྱུག་བྲོ་བའི་སྐད་འདྲ་མིན་ཞིག་ཁྱབ་ཀྱིན་ཡོད་ཚོད་རེད།
ཤེས་ཡོན་པའི་སྡེ་ཁག་གི་ཁྲོད་ན།
སྤྱིར་ཤེས་ཡོན་པའི་སྡེ་ཁག་གི་ད་ལྟའི་གནད་དོན་འདི་ལ་ཁ་ཡ་མི་བྱེད་ཐབས་མེད་ཞིག་ལ་གྱུར་ཡོད་མོད་འུ་
ཚོས་ཤེས་ཡོན་པ་དག་མྱི་ཁ་ལ་སྐྲག་རྒྱུ་མང་དྲགས་པའི་ཡིན་ནམ་ཡང་ན་རང་གི་འགན་འཁྲི་དོར་བ་གང་ཡིན་མ་ཤེས་མོད་འདིའི་ཕྱོགས་ལ་ཁ་ཡ་མི་བྱེད་པ་ནི་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་རེད།འདི་ནི་སྒེར་གཅོད་པ་འགའ་
ཡིས་ཤེས་ཡོན་པའི་སྡེ་ལ་མནར་གཅོད་དང་ཐད་གར་བརྙེས་བཅོས་བྱས་པ་རེད།ཁ་སང་དེ་རིང་བླ་རུང་གི་གནད་དོན་དེ་ཆུང་ཆུང་ཞིག་གཏན་ནས་མ་རེད།ང་ལྟ་བུའི་མིང་ཐོབ་མེད་གྱི་སློབ་མ་ཞིག་གི་སྐད་ཆ་འདིའི་ནུས་པ་མི་ཐོན་པ་ངོ་མ་རེད།ཡིན་ཡང་ང་ཚོར་གནད་འགག་གི་སྐབས་སུ་སྐད་ཆ་རྣལ་མ་བཤད་དགོས་ཞེས་ཁ་ཕོ་ཆེ་བའི་ཤེས་ཡོན་པ་མི་ཉུང་བ་ཞིག་ཡོད་པའི་ཁོ་ཚོའི་འདིའི་ཕྱོགས་ལ་སྐད་ཆ་རེ་བཤད་ན་ཅི་མ་རུང་སྙམ་པའི་འདུ་ཤེས་སྐྱེ་བ་ཐེངས་གཅིག་མིན།
རང་གི་ལྟ་ཚུལ་འགའ་གླེང་བ།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལོ་འགའི་ཡར་སྔོན་ངའི་ཕ་ཡུལ་དུ་གདན་དྲངས་པ་ལྟར་ཕེབས་ནས་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་དང་སྐད་ཡིག་སྲུང་སྐྱོབ་བྱེད་ཐབས་སོགས་གསུང་བཤད་གལ་ཆེན་གནང་སོང་བའི་ངའི་སེམས་ལ་ཕྱི་ནང་གི་རིག་པ་དག་ཁོང་དུ་ཆུད་པའི་མཁས་བ་ཆེན་པོ་ཞིག་རེད་སྙམ་ནས་གོ་གནས་གལ་ཆེན་བཟུང་ཡོད ། ཡིན་ཡང་། ད་རེབ་དབང་མཐར་སྒེར་གཅོད་དང་ངོ་བོ་དབྱེར་མེད་ཀྱི་ལས་འགུལ་འདི་འདྲ་་་ཞིག་སྤེལ་རྒྱུ་ཡིད་ལའང་འཆར་མ་མྱོང་། འདི་ནི་ང་རང་ཁོང་གི་མཐའ་ཡས་པའི་མཁྱེན་རྒྱ་དང་བླ་ན་མེད་པའི་སྤྱོད་པ་དེར་ཡིད་སྨོན་སྐྱེ་རྒྱུ་མང་དྲག་སོང་བས་ཡིན་རྒྱུ་རེད།རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་ཟེར་བ་དེ་ཁོ་བོའི་སྔ་མོ་ཞིག་ནས་ཐོས་མྱོང་བ་ལས་མཐོང་མ་མྱོང་།ཡིན་ཡང་ཁོང་གི་བྲིས་རྩོམ་སྙན་ངག་གི་དཔྱད་རྩོམ་སོགས་མང་པོ་ཞིག་བཀླགས་མྱོང་ཞིང་ངེས་པ་དོན་གྱི་མཁས་པ་ཞིག་ལོས་ཡིན་སྙམ་པའི་སྣང་བ་སྟེར་མྱོང་།སྐབས་འདིར་ཁོང་ཡང་སྒེར་གཅོད་པ་གཙོ་བོའི་གྲས་ཀྱི་གཅིག་ཡིན་རབ་འདུགམགོ་ལོག་པ་རིག་དར་ལོ་ངོ་འགའི་ཡར་སྔོན་གྱི་དགེ་བསྐོས་རྒན་པ་ལོ་ཡིས་མནར་པའི་དྲིན་ལ་ད་ལྟ་ཁོ་རང་བླ་རུང་སྒར་གྱི་དགེ་བསྐོས་སྤྱི་དཔོན་ཡིན་ཞིང་གོང་གི་མཁན་ཆེན་གཉིས་གཙོ་བོ་ཡིན་པས་མཁན་པོ་སྒེར་གཅོད་པ་འགའ་ཡིས་མགྲིན་ཚབ་པ་ཡིན་འདུག བོད་མི་རིགས་སྐྱ་ཆད་སྔོ་སྡུག་གི་སྐབས་འདིར་གོང་གི་མཁས་པ་དག་གི་རང་མི་རིགས་ཀྱི་གནས་བབ་ལ་འགན་མ་འཁུར་ནས་རང་གི་འདོད་པ་ལྟར་དུ་གྲྭ་གཞོན་བསམ་བློ་བ་དག་ལ་ཁ་གསོད་ཚིག་གསོད་སྣ་ཚོགས་བྱེད་ཀྱིན་འདུགཁྱོད་ཚོའི་མི་གཞི་གང་ན་ཡོད།ཁྱོད་ཚོའི་ཀུན་སྤྱོད་གང་ན་ཡོད།ཁྱོད་ཚོའི་བསམ་བློ་གང་ན་ཡོད།ཆ་མི་སྙོམས་པའི་སྤྱི་ཚོགས་ཀྱི་བར་གསེང་ནས་ཁོང་ཚོས་མི་རིགས་ཀྱི་བདེ་སྡུག་ལ་ཁ་ཡ་མི་བྱེད་པར་མ་ཟད་ད་དུང་ན་གཞོན་བསམ་བློ་བ་དགའ་སེ་རེ་བྱུང་བ་ཡང་བརླག་པར་འདོད་པ་དེ་ནི་ཅི་འདྲའིསྐྱུག་བྲོ་བའི་ལས་དོན་ཞིག་རེད།ཁོ་བོར་མཚོན་ན་སློབ་མ་ཞིག་ཡིན ། སྤྱིར་རིག་གནས་ཆུ་ཚད་དང་བསམ་བློའི་ལྟ་རྒྱ་སོགས་ཧ་ཅང་ཉམས་ཆུང་ཡིན ། སྐད་ཆ་སྦོམ་པོ་འདི་འདྲ་བ་ཞིག་བཤད་པར་ཡེ་ནས་མི་འཚམ་མོད ། བོད་མི་རིགས་ཀྱི་ད་ལྟའི་གནས་བབ་དང་མ་འོངས་པའི་འཕེལ་འགྲིབ་ཆེད་ཀུན་ལ་ཁ་ཡ་མེ་བྱེད་ཐབས་མེད་ཞིག་ལ་གྱུར་ཡོད ། ད་ཐེངས་ཀྱི་ལས་འགུལ་འདིར་ཡང་ཁོ་བོ་ནི་རྩ་བ་ནས་དགའ་གིན་མེད། དོན་ངོ་མར་འདི་ནི་བསམ་བློར་དམར་གསོད་དང་འདུ་ཤེས་ཀྱི་བཙན་འཛུལ་ངོ་མ་དེ་རེད ། ལར་མིར་སྐྱེས་པ་ནས་སྐད་ཆ་བཤད་པ་དང་བལྟ་བ་གླེང་བ་ནི་ཆེས་མ་མཐའི་ཁེ་དབང་དེ་ཡིན ། ༼སྒེར་སྡོམ་བྱས་པའི་ཁོར་ཡུག་ལས་གཞན༽ཁྱོད་ཚོའི་ཁེ་དབང་དེའང་མེད་པར་དུ་བཟོ་རྒྱུ་ཟེར་ན་འགྲོ་བ་མིའི་རྩ་བའི་ཐོབ་ཐང་ལ་རྡོག་རྫིས་བཏང་བ་མ་ཡིན་ནམ ། ཁྱེད་ཚོར་ད་དུང་མར་གྱུར་སེམས་ཅན་ཞེས་རྫིག་རྫིག་བྱེད་ནས་བསྔོ་སྨོན་དེའའང་བཅོས་མ་ཞིག་ཏུ་གྱུར་སོང་བ་མ་ཡིན་ནམ །
སྐད་ཆ་ཉིས་ཤད་མ །
སྐད་ཆ་འདིར་ཉིད་ཤད་འཇོག་རན་པའི་སྐབས་འདིར་བརྗོད་མ་ཐུབ་པ་དང་བཤད་མ་ཚར་བ་མང་པོ་ཞིག་མཆིས་མོད་གཅིག་ནས་སློབ་སྦྱོང་གི་གནོན་ཤུགས་དང་གཉིས་ནས་ཐ་སྙད་ཀྱི་ཆུ་ཚད ། གསུམ་ནས་བསམ་བློའི་མཐོང་རྒྱ་སོགས་མང་པོ་ཞིག་གི་རྐྱེན་འདི་ནས་འཚམས་མི་འཇོག་ཀ་མེད་བྱུང་ ། ཡིན་ཏེ ། འདིར་སླར་ཡང་བརྗོད་འདོད་པ་ནི་ངའི་ནམ་ནམ་ཞར་ཞར་བོད་མི་རིགས་ཀྱི་སྐྱ་ཆད་སྔོ་སྡུག་གི་འཚོ་གནས་ཆེད་སྐད་ཆ་བཤད་མཁན་གྲྭ་གྲོང་དབྱེར་མེད་ཀྱི་བསམ་བློ་བ་དང་རྩོམ་པ་པོ་དག་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་རང་གི་ནུས་ཚོད་ཀྱི་སྐད་ཆ་བཤད་རྒྱུ་ཡིན ་ནོ།།

མཐར་སྨས་པ། དགེ་ལྷུང་རིག་དར་གྱི་སྨྱོ་གར་ཆུང་ཆུང་རེད།།
དགེ་བསྐོས་རིག་དར་གྱི་སྒོར་གཅོད་ཚབ་ཆེན་རེད།།
མར་གྱུར་སེམས་ཅན་ཞེས་ཆེ་ཆེ་བྱས་ཀྱང་རུང་།།
མཁྱེན་རྒྱ་སྤུ་ཉག་ལས་ཕྲ་བ་དེ་རེས་ཤེས།།
ལྔ་རིག་སློབ་གླིང་གི་མིང་བྱང་རྫིག་པོ་རེད།།
གུ་ཡངས་སྒམ་དཀྱེལ་གྱི་བསམ་བློ་རི་བོང་རྭ།།
རང་ལས་ཚད་མ་ཞིག་མེད་པར་རློམ་མཁན་དེས།།
ལྟ་བ་བཙོན་འཇུག་གི་ལྕགས་ཐག་སིལ་སིལ་བསྒྲགས།།
ཁ་རུབ་སྒོ་བསྡམས་ཀྱི་སློབ་གླིང་ཆེན་མོ་དེར།།
རིགས་དྲུག་སྡུག་བསྔལ་ཞེས་གླེང་མཁན་མང་མང་རེད།།
རང་གི་གནས་བབ་འདི་མཐོང་མཁན་ཉུང་ཉུང་རེད།།
འགའ་རེ་བྱུང་བ་འང་ཁྱུར་མིད་བྱེད་ལ་ཁད།།
༢༠༡༠ལོའི་ཟླ་༥བའི་ཚེས་༡༢ཉིན་གནའ་མཁར་ཟི་ལིང་ནས་སྦྱར།

·རྩོམ་ཡིག་གོང་མ:གླུ་མ་འཇམ་དབྱངས་སྐྱིད་ཀྱིས་བོད་གླུའི་ཁྱད་ཆོས་སྐོར་གསུང་པ།
·རྩོམ་ཡིག་འོག་མ:Rockགླུ་ཚིག ང་ནི་ངའི་རྒྱལ་པོ་ཡིན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེའི་གསོལ་འདེབས་ཀྱི་མཆན་བུ། 2011/6/23 9:32:59
·བོད་ལ་དྲ་ཚིཊ་ཉུང་སྐྱོན་ལས་མང་སྐྱོན་མེད། 2011/5/15 12:01:41
·སངས་རྒྱས་པའི་ལུཊ་ཀྱི་རིན་ཐང་གི་ལྟ་ཚུལ་འགའ་ཞིག་བརྗོད་པ། 2011/1/9 21:58:59
·ཨ་མཚར་མཚར་དགུའི་བདུན་པ། 2010/12/8 18:08:10
·ཨ་མཚར་མཚར་དགུའི་དྲུག་པ། 2010/11/24 9:10:38
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:17:29 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 9:59:54 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 14:51:04 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 58 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS