ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
 རྩོམ་ཡིག་ཀློག་པ།

སེངྷ་ར་ཛ་ལ་ཕུལ་བ་སྤྲིན་གྱི་སྒྲ་དབྱངས། །

  རྩོམ་པ་པོ:དཔལ་དགྱེས།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2709ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/5/31 16:11:05ཚོགས་ཡར་སྤྲོད:admin
སེངྷ་ར་ཛ་ལ་ཕུལ་བ་སྤྲིན་གྱི་སྒྲ་དབྱངས། །
 
ན་མོ་གུ་རུ་བྷྱཿ
སེངྷ་བཛྲ་ས་མ་ཡ་ཛ། །
གཟུང་འཛིན་རྟོག་པའི་དྲ་བས་མ་རྙོག་པར། །
དྲི་མེད་མེ་ལོང་གཟུགས་བརྙན་བཀྲ་བ་བཞིན། །
དུས་གསུམ་གསལ་བའི་རྨི་ལམ་ལུང་བསྟན་ལས། །
ཆ་ཤས་ཏིལ་ཙམ་བླངས་ནས་འདིར་འགོད་བྱ། །
ཨེ་མ་ཧོ། །
ཆོས་ཅན་སྒྱུ་མའི་ཕུང་པོ་སྲིད་པའི་གཟུགས། །
ཆོས་ཉིད་བདེན་པའི་དོན་སྒྲིབ་དུ་རུ་ཀ །
ཆོས་དཔལ་རིག་པའི་ལམ་སྟོན་སྡིག་པའི་བཤེས། །
ཆོས་མིན་གཡུལ་ལས་རྒྱལ་བའི་དགེ་ལེགས་ཤོག །
 
ཆོས་ཉིད་གཉུག་མའི་རང་བྱུང་ཡེ་ཤེས་འོད། །
ཆོས་བཟང་རིགས་པའི་རྣམ་དཔྱོད་མ་ཎི་ཀ །
ཆོས་མཐུན་དགེ་བའི་བཤེས་གཉེན་བདེན་བཞིའི་ལམ། །
ཆོས་མཆེད་རིག་པའི་རྒྱན་དུ་འཇོ་བར་ཤོག །
 
ཆོས་ཀུན་སྟོང་པ་ནམ་མཁའི་འཇའ་ཚོན་ལས། །
ཆོས་སྨན་བདུད་རྩི་འདྲེན་པའི་ཧེ་རུ་ཀ །
ཆོས་མེད་སྨྲ་བའི་ལྗགས་རིང་དབྱིངས་སུ་བསྡུས། །
ཆོས་ཐུན་རྟེན་འབྲེལ་དམ་པའི་ལམ་སྟོན་ཤོག །
 
ཕ་མེས་རིག་གཞུང་ཞི་བའི་དབྱིངས་སུ་གཟིམས། །
བུ་ཕྲུག་སྙིང་གི་ཐིག་ལེ་ཙ་ན་ཀ །
མ་རབ་མའོ་ཙེའི་དམུས་ལོང་རབ་བསལ་ནས། །
མ་ལུས་ཞི་བདེ་འཚོ་བའི་དཔལ་དུ་ཤོག །
 
འཕྲོག་བྱེད་དགའ་བོའི་ལས་ཀྱི་ལྷག་མ་དང་། །
ཀུན་མཁྱེན་གོ་བོའི་ཤེས་པའི་མེ་ཏོག་ལ། །
རྟེན་འབྲེལ་སྲིད་པའི་ཟློས་གར་སེངྷ་ཀ །
འཛུམ་པའི་གེ་སར་འཛམ་གླིང་རྒྱན་དུ་ཤོག །
 
ཀ་དག་རིག་པའི་ངོ་བོ་ཡེ་ནས་དག །
ལྷུན་གྲུབ་རིག་པའི་རང་བཞིན་ལྷུན་གྱིས་གྲུབ། །
ཟུང་འཇུག་རིག་པའི་ཐུགས་རྗེ་ཀེ་ཏ་ཀ །
རྟུལ་ཞུགས་བདེན་པའི་རང་གཤིས་ངོམ་པར་ཤོག །
 
འཇིག་རྟེན་ཆགས་པའི་རང་མཚན་གཞི་ལ་དབེན། །
བན་བོན་སྡང་བའི་རང་ལམ་རྟོག་པར་བྲལ། །
མ་རིག་གཏི་མུག་བསལ་བའི་དྲང་སྲོང་ཆེ། །
གནས་བརྟན་རྒན་པོའི་ཆོས་འཁོར་དུས་ལ་བབས། །
 
དམ་ཚིག་དུས་ལ་བབ་བོ་ས་མ་ཡ། །
གཏི་མུག་སྒྱིད་ལུག་བག་མེད་སྤང་བྱས་ནས། །
དྲང་བདེན་རིག་པའི་གཞུང་ལུགས་རྨ་མེད་པ། །
ཆོས་མཐུན་ལུང་རིགས་སྤྲོ་བའི་རྒྱན་དུ་ཤོག །
                     ཅེས་པ་འདི་ཡང་སྔ་ཕྱི་བར་མཐའ་རུ་རྨི་ལམ་ཡ་མཚན་ཅན་འགའ་ཞིག་རྨིས་པའི་རྐྱེན་ལས་གང་ཤར་དུ་ཤྲྰི་སྨྱོན་པས་སེངྷ་ར་ཛ་ལ་སྤྲིངས་པ་དགེའོ། ། ཝ་ཡེལ་རི་ཁྲོད་ནས༢༠༡༡ ༥ ༣༡་ལའོ། །
 
    
·རྩོམ་ཡིག་གོང་མ:གསར་རྩོམ་དམངས་གཞས།
·རྩོམ་ཡིག་འོག་མ:དྲུག་གཅིག་བོད་བྱིས་དུས་ཆེན་ལ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:yozvnpk
fYWB9G  <a href="http://kspbffskaidk.com/">kspbffskaidk</a>, [url=http://sguqzbhaszqm.com/]sguqzbhaszqm[/url], [link=http://kzbtfhwcctet.com/]kzbtfhwcctet[/link], http://evpmmvipmygl.com/
发表时间:2019/10/3 5:47:56 [来自: 5.188.211.35]

 评论者:Graham
Other amount http://beeg-com.in.net/ beeg  "Wearing your belt too tight can raise your risk of getting throat cancer…as it increases your chance of suffering acid reflux," is the unnecessarily alarmist headline in The Daily Telegraph.
发表时间:2019/9/26 16:40:34 [来自: 5.188.211.16]

 评论者:Olivia
An envelope http://xnxx.in.net/ xnxx porn
  And wouldn’t you know it. The very next day, one of the biggest, best known investment trusts saw its share price slashed as news of the departure of its star fund manager, Neil Woodford hit the screens.
发表时间:2019/9/26 5:11:45 [来自: 5.188.211.35]

འབྲེལ་ཡོད་དཔྱད་བརྗོད 868 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS