ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> བློ་སྦྱོང་།
རྩོམ་ཡིག་ཀློག་པ།

ས་ག་ཟླ་བ་དང་འབྲེལ་བའི་དམ་བཅའ།

རྩོམ་པ་པོ:གངས་ཕྲུགཡོང་ཁུངས:ངེད་གཟིགས་གྲངས:1584ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/6/14 14:58:44ཚོགས་ཡར་སྤྲོད:admin
ས་ག་ཟླ་བ་དང་འབྲེལ་བའི་དམ་བཅའ།

གངས་ཕྲུག

ས་ག་ཟླ་བ་བོད་ཟླ་བཞི་པ་ཡིན་པ་ཀུན་གྱིས་ཤེས་ལ་དེ་ནི་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ནང་ཆེས་དོན་སྙིང་ཆེ་བའི་དུས་ཞིག་རེད་བོད་ཟླ་༤ཚེས་༡༥ཉིན་སྟོན་པ་སྐུ་འཁྲུངས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལསའདས་པབཅས་གསུམ་འཛོམས་ཀྱི་ཉིན་ཞིག་རེད།

ཟླ་དེར་དགེ་སྡིག་གི་ལས་གང་བྱས་ཀྱང་ལྡབ་འགྱུར་གྱི་ནུས་པ་ཡོད་ལ་ཟླ་དེ་ཙམ་མ་ཡིན་པར་རྒྱུན་གཏན་ནས་ཚེས་༨དང་༡༥དང་༣༠བཅས་ལ་དེ་དང་འདྲ་བའི་ལྡབ་འགྱུར་གྱི་ནུས་པ་ཡོད་པས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་དུས་དེའི་རིང་ལ་ཤ་ཆང་སོགས་མི་དགེ་བའི་རིགས་དག་གང་ཐུབ་ཀྱིས་སྤངས་ཞིང་སྦྱིན་པ་སོགས་དགེ་བའི་ལས་བསྒྲུབ་གང་ཐུབ་བྱེད།

ཡིད་སྐྱོ་བ་ཞིག་ལ་རྒྱ་ནག་ཏུ་སློབ་སྦྱོང་ལ་ཡོད་པའི་ཁོ་བོ་ནི་༥.༤གཞོན་ནུའི་དུས་ཆེན་སོགས་ལ་མགོ་འཁོར་ཏེ་ས་ག་ཟླ་བ་ཞེས་པ་གཏིང་ནས་བརྗེད་འདུག

དགའ་འོས་པ་ཞིག་ལ་རང་རིགས་ལ་ཞེན་པ་ཆེ་བའི་དད་ལྡན་སློབ་མ་གཞན་གྱིས་དྲན་གསོ་བྱས་བ་བརྒྱུད་ད་གཟོད་ཕ་མེས་ནས་སྲུང་བའི་ས་ག་ཟླ་བ་ཞེས་པ་འདི་དྲན་ཞིང་དུས་གང་ལ་ཡིན་པ་དང་གང་མཚོན་བྱེད་ཡིན་པ་ཡང་རྟོགས་བྱུང།

ཁོ་བོས་རང་གི་ཕ་མེས་ཀྱིས་དུས་སྟོན་འདི་ལྟ་བུ་བརྗེད་པར་འགྱོད་བཤག་དང་འབྲེལ་ཏེ་སྙིང་དབུས་ནས་ཟླ་བ་འདིར་ཤ་ཆང་སྤངས་ཤིང་མི་དགེ་བའི་ལས་རྣམས་གང་ཐུབ་ཀྱིས་མི་བྱེད་པ་དང་། སྦྱིན་སོགས་དགེ་བའི་ལས་གཡེང་བ་མེད་པར་བྱ་ལ་དེ་བས་མ་ཎི་ཡིག་དྲུག་སོགས་གང་མང་འདོན་རྒྱུའི་དམ་བཅའ་བརྟན་པོར་བཞག  འོན་ཀྱང་དམ་བཅའ་བརྩི་སྲུང་མ་བྱུང་ཚེ་ཉེས་པ་དེ་བས་ཆེ་བ་ཚང་མས་མཁྱེན་གསལ་རེད།

ཕལ་ཆེར་ཁོ་བོ་ཕུད་ཚང་མས་ས་ག་ཟླ་བ་དུས་ཇི་ཙམ་ལ་ཡིན་པ་གསལ་པོར་ཤེས་ཅིང་དམ་བཅའ་ཡང་བཞག་ཚར་ཡོད་ཤག་ཆེ་བས་ཁོ་བོས་རང་ལ་ཉེས་ཆད་དང་འགྱོད་བཤག་བྱེད་ཆེས་འདི་འབྲི་བར་ཐལ།

མ་ཎི་པདྨེ་ཧྰུྃ༔

·རྩོམ་ཡིག་གོང་མ:བྱ་གཞུང་དབྱངས་བྷའི་སྙན་ལྷུག་ཁག་ཅིག
·རྩོམ་ཡིག་འོག་མ:གཞས་ཚིག ས་ག་ཟླ་བ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གྲགས་ཅན་གསུང་ཚིག༢ 2009/11/17 22:57:18
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 3:20:06 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:10:55 [来自: 112.5.248.152]

评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/14 6:57:54 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS