ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

མུན་པའི་ནང་གི་འོད།༼ཞར་བཀོད་གཅིག༽

རྩོམ་པ་པོ:ས་དམར་གྲགས་པ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1722ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/6/29 8:46:53ཚོགས་ཡར་སྤྲོད:admin

མུན་པའི་ནང་གི་འོད།ཞར་བཀོད་གཅིག)

ས་དམར་གྲགས་པ།    ལྷ་ས།

སྟོབས།

ཚེར་མ་མང་ས་ཞིག་ཏུ

ཁྱོད་རང་གཅིག་པུ་འགྲོ་དགོས་ན

ཁྱོད་ཀྱི་རྐང་པ་ཚེར་མའི་ནང་དུ་འཇོག་ཐུབ་བམ

ཡང་ན་ཚེར་མའི་ཚལ་ནི་འོ་མའི་མཚོ་ཞིག་ཡིན་ན

ཁྱོད་ཀྱིས་ཧུབ་གང་བཏུང་ཐུབ་བམ

གལ་སྲིད་ཁྱོད་གཟུགས་ཅན་ཞིག་ཡིན་ན

ཁྱོད་ལ་ཉི་འོད་དང་ཟླ་འོད་མེད་པར

ཁྱོད་ལ་རེ་བ་དང་འདུན་མ་མེད་པར

ཁེར་རྐྱང་དུ་དུས་ཡུན་ག་ཚོད་ཅིག་ཏུ་སྡོད་ཐུབ་བམ

སྡོབ་ཐུབ་པའི་དབང་དུ་བྱས་ན

ཁྱོད་ཀྱིས་མི་དབང་སུ་ཞིག་ལ་བདག་པོ་ཞེས་འབོད་དམ

མུན་པའི་ནང་གི་འོད།

སྤྲིན་པའི་ལག་ནང་ནས་ལྷུང་བའི་མཆི་མ་གྲང་མོ

མུན་པ་དང་ལྷན་དུ་ངའི་ཉེ་འཁོར་དུ་བབས་བྱུང

བབས་ཚར་བ་དེ་ཆར་བ་ཡིན་ན   ཡང་ན་ཁ་བ་ཡིན་ན

ངས་ཅི་ཞིག་ལ་བསྒུག་པའི་ཚོར་བ་འདི་སུ་ལའང་བརྗོད་དོན་མི་འདུག

མུན་པ་ལགས   ང་སྐྲག་གིན་འདུག

ངའི་མགོ་ཐོག་ཏུ་ད་དུང་ཆར་བ་མ་ཡིན་པ་ཅི་ཞིག་འབབ་སྲིད་དམ

འབབ་སྲིད་པའི་དབང་དུ་བྱས་ན

སུ་ཞིག་གིས་ངའི་ལས་དབང་ལ་གསལ་བཤད་བྱེད་དམ

འོད་ཀྱི་གཞིས་ཁྱིམ་ཆུང་ཆུང   སེམས་ཀྱི་འཛུམ་མདངས་ཆུང་ཆུང

ཟླ་དང་ལོ་ལ་བསྒུག་པའི་ཆུང་ཆུང་འདི་དག་གི་ནང་དུ

ཆུང་ཆུང་དག་གཅིག་ཏུ་འདྲེས་པའི་ཆེན་པོ་ག་ཚོད་ཅིག་ཡོད་དམ

ཆེན་པོ་དེ་དག་གི་གསེང་ན་འཕག་གིན་པའི་རེ་སྒུག་ག་ཚོད་ཡོད་དམ

ཡོད་ན   ཡོད་པ་ནས་མེད་པར་གྱུར་བའི་གླུ་སྒྲ་སྙན་མོ་ག་ཚོད་ཡོད་དམ

ཚེར་མའི་ལམ་དུ་འགྲོ་བྱེད་ཀྱི་རྐང་པ་དེ་སུ་ལ་ཡོད

ཇི་ལྟར་འགྲོ   གང་དུ་འགྲོ   སླེབས་ས་ཞིག་ཡོད་དམ

ངའི་དྲན་པའི་ནང་དུ་ཚེར་མ་བཞིན་སྐྱེས་པའི་འོད་ཀྱི་ཕ་ཁྱིམ་ཆུང་ཆུང

ངའི་མཆི་མའི་མལ་ཁང་དུ་དུས་ལྟར་ཉལ་བའི་བརྩེ་བའི་འཛུམ་མདངས་ཆུང་ཆུང

སུ་ཞིག་གི་ལག་ནང་དུ་ལུས་པའི་རྩེད་ཆས་ཆུང་ཆུང  ཆུང་ཆུང་གི་ནང་གི་ཆུང་ཆུང་ཨང

༢༠༡༡ལོའི་ཟླ༦པའི་ཚེས༢༡ཉིན་ལྷ་ལྡན་གྲོང་དུ་བྲིས།

·རྩོམ་ཡིག་གོང་མ:གཞས་ཚིག རང་གྲོལ།
·རྩོམ་ཡིག་འོག་མ:དམངས་གླུའི་རྩེད་ར།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྙན་ངག་སྤྲིན་གྱི་ཕོ་ཉ།༼༥༡_༡༠༠ 2014/1/26 11:46:59
·སྙན་ངག་སྤྲིན་གྱི་ཕོ་ཉ།༼༡_༥༠ 2014/1/26 11:31:56
·སྙན་ངག་སྐོར་གྱི་གཏམ་གླེང་ཞིག 2013/6/1 10:25:34
·སྙན་ངག་སྤྲིན་གྱི་ཕོ་ཉ། 2012/7/30 15:47:55
·སྲིད་པས་ད་དུང་སྙན་ངག་འབྲིའམ་གླུ་དབྱངས་ལེན། 2012/6/28 15:13:58
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 1:40:57 [来自: 112.5.248.254]

评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 1:40:53 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 3:12:38 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 56 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།40.04MS