ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> དམངས་གཞས་དམངས་གླུ།
རྩོམ་ཡིག་ཀློག་པ།

དམངས་གླུའི་རྩེད་ར།

རྩོམ་པ་པོ:ཚེ་རིང་འཚོ།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:3014ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/6/29 8:59:15ཚོགས་ཡར་སྤྲོད:admin

དམངས་གླུའི་རྩེད་ར།

ཀ

དགུང་འབྲུག་ཆུང་ད་ལོ་མ་གྲགས་ན།།

སང་ལོ་རེར་བསྡད་ན་ཇེ་སྡུག་རེད།།

སྟག་དམར་པོའི་ངར་སྐད་མ་སྒྲོག་ན།།

ཝ་གཡོ་ཅན་ཨག་སྐད་ཇེ་མཐོ་རེད།།

བྱིས་ཁྲོམ་པའི་གླུ་སྒོ་མ་ཕྱེ་ན།།

གླུ་སྙན་མོའི་རང་སྒྲ་ཇེ་ཉུང་རེད།།

གངས་དཀར་པོའི་མདངས་བཟང་མ་ཉམས་ན།།

སེང་དཀར་མོའི་སྐུ་བསོད་ཇེ་ཆེ་རེད།།

ནགས་རྒྱ་རྫོང་སྡོང་ལོ་མ་སྐམ་ན།།

བྱ་འདབ་ཆགས་གནས་ཡུལ་ཇེ་སྐྱིད་རེད།།

བོད་ཁ་བའི་སྲོལ་རྒྱུན་མ་ཉམས་ན།།

སྐྱིད་འཚོ་བའི་གོམ་ཁ་ཇེ་ཆེ་རེད།།

ག

ཤིང་ཙན་དན་ཡག་གི་རྩེ་མོ་ན།།

བྱ་ཁུ་བྱུག་གསུང་སྐད་ལྷང་ལྷང་གྲགས།།

ཤིང་ཙན་དན་ལོ་མ་མ་འཐོར་ན།།

བྱ་ཁུ་བྱུག་དེ་ཡི་བདག་པོ་ཡིན།།

མཚོ་མེ་ལོང་འདྲ་བའི་མཚོ་ཁ་ན།།

བྱ་ངང་བའི་རྐྱལ་རྩལ་ཉ་ལ་འགྲན།།

མཚོ་དྭངས་མོ་མི་སྐམ་རྒྱས་གྱུར་ན།།

བྱ་ངང་བ་དེ་ཡི་བདག་པོ་ཡིན།།

སྦྲ་མཐིང་སྨུག་ཕུག་གི་ཁྱིམ་གཞིས་ན།།

བྱིས་ཁྲོམ་པའི་གླུ་སྐད་ཆང་ལས་དྲངས།།

ཕ་ཨ་ཁུའི་སྐུ་ཚེ་བརྟན་གྱུར་ན།།

བྱིས་ཁྲོམ་པ་དེ་ཡི་བདག་པོ་ཡིན།།

ང

གཤིས་བཟང་པོ་དྲང་བདེན་མདའ་མོ་ཡིན།།

ནོར་བཟང་པོ་བཅུ་ཕྲག་རིག་གནས་ཡིན།།

བུ་བཟང་པོ་ཕ་ལོའི་རེ་ས་ཡིན།།

མ་བཟང་མོ་མ་ལོའི་རྗེས་འབྲངས་ཡིན།།

གླུ་སྙན་མོ་ཨ་ཞང་ལོ་ལོ་ཡིན།།

ཚིག་ཡག་པ་རྗེ་བཙུན་མགུར་མ་ཡིན།།

·རྩོམ་ཡིག་གོང་མ:མུན་པའི་ནང་གི་འོད།༼ཞར་བཀོད་གཅིག༽
·རྩོམ་ཡིག་འོག་མ:ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༤ 2012/9/26 22:09:46
·ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༣ 2012/9/17 20:59:09
·ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༢ 2012/9/14 23:51:37
·ལྷ་རྩེའི་མང་མཁར་དམངས་གླུ། 2011/11/9 21:36:06
·མི་འཛོམས་དགུ་འཛོམས་འཛོམས། 2011/10/11 9:31:17
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:57:11 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:35:38 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 23:35:46 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS