ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

ཆང་དང་མ་ཅཱང་གངས་ཅན་ཡུལ་ལ་དར།

རྩོམ་པ་པོ:གཡུ་མཚོ།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:2228ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/7/14 20:11:35ཚོགས་ཡར་སྤྲོད:admin
ཆང་དང་མ་ཅཱང་གངས་ཅན་ཡུལ་ལ་དར།
གཡུ་མཚོ།

མི་སུ་དང་སུ་ཞིག་ཡིན་རུང་རང་གི་མི་རིགས་དང་མེས་རྒྱལ་འདི་སྟོབས་ཆེ་ཞིག་འགྱུར་འདོད་པ་ནི་སྨྲས་མ་དགོས་པ་ཞིག་རེད་ལ། དེའི་ཆེད་དུ་རང་ནུས་གང་ཡོད་བཏོན་དང་འདོན་བཞིན་ཡོད་པ་ཡང་ཡིད་ཆེས་ཡོད།   མི་རིགས་འདི་ལ་བསྟོད་བསྔགས་བྱས་ན་དགའ་ཞིང་དམའ་འབོད་བྱས་ན་སྙིང་དབུས་ནས་ཁོང་ཁྲོ་ཟ་བ་ཡང་ཡིད་ཆེས་ཡོད། ང་ཡང་ཞང་ཞུང་གི་ལོ་རྒྱུས་ལ་ཉན་རྒྱུ་དགའ་ཞིང་།  སྲོང་བཙན་སྒམ་པོའི་མཛད་རྗེས་འབྲི་རྒྱུ་ལ་དགའ།   ང་ཡང་ནང་ཆོས་ཉན་རྒྱུ་ལ་དགའ་ཞིང་།  པོ་ཏ་ལའི་ལོ་རྒྱུས་འབྲི་རྒྱུ་ལ་དགའ།   མདོར་ན་ང་ཡང་མི་རིགས་འདི་ལ་བསྟོད་བསྔགས་བྱེད་པ་ལ་དགའ་ཞིང་། དམའ་འབོད་ཀྱི་ཚིག་ལ་དུས་ནམ་ཡང་ཉན་འདོད་མེད། མི་རིགས་འདིའི་སྐྱོན་ཆ་རེ་གླེང་མཁན་བྱུང་ན་དེ་ནི་མ་དགའ་བ་དང་མ་ཤེས་པ་ཡིན་པ་ལ་ངོས་འཛིན་བྱས་ནས་མི་དེ་ལ་དགྲ་ཤ་བ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།   དུས་ནམ་ཡང་གཞན་གྱི་ལངས་ཕྱོགས་ནས་འདང་རེ་རྒྱག་མ་མྱོང་།   རེད་ལགས། མི་མང་པོ་ཞིག་ལ་འདི་འདྲའི་ལྟ་ཚུལ་དང་བསམ་ཚུལ་ཡོད་པ་ཡང་ཡིད་ཆེས་ཡོད། ཡིན་ཡང་ང་ཚོས་ཞིབ་ཏུ་འདང་ཞིག་རྒྱག་ན། ང་ཚོས་གླེང་དགོས་པ་ནི་མི་རིགས་འདིའི་སྐྱོན་ཆ་རེད། མི་རིགས་འདིའི་ཁ་ཚ་དགོས་གཏུག་ཏུ་ཐག་གཅོད་དགོས་པའི་གནད་དོན་རེད་སྙམ།
སྤྱིར་ཡིན་ན་དེང་སང་གངས་ཅན་ཡུལ་གང་དུ་ཡིན་ཡང་། བཀའ་གྲངས་མེད་ཅིག་ཡོད་པས་དོན་དག་རེ་བསྒྲུབ་དགོས་ན་དངོས་གནས་ཧ་ཅང་གི་དཀའ་མོ་རེད། དཀའ་ལས་མེད་ས་དཀའ་ལས་བཙལ་བ་ལས་ཆང་དང་མ་ཅྰང་རེ་རྩེད་ནས་འདུག་ན་དགའ་ཞེས་པ་འདི་ནི་དེང་སང་གདོང་དམར་བོད་པ་མང་པོ་ཞིག་གི་ལྟ་ཚུལ་ཞིག་རེད། དེའི་རྐྱེན་གྱིས་ ཆང་དང་གངས་ཅན་ཡུལ་ལ་དར།   དེ་ལས་དགོད་བྲོ་བ་ཞིག་ནི་དེང་སང་མགྲོན་བསུ་བྱེད་མཆོག་ཏུ་གྱུར་པ་ནི་ཆང་དང་མ་ཅྰང་རེད་འདུག་ལ། གལ་ཏེ་ཆང་འཐུང་མ་ཤེས་པ་དང་མ་ཅྰང་རྩེད་མ་ཤེས་ན་མི་གྲལ་དུ་མི་ཚུད་པའི་སྣང་བ་ཞིག་སྟེར་གྱིན་འདུག
བུ་མོ་ཁྱེད་སློབ་གྲྭ་ནས་མཐར་ཕྱིན་ནས་ཡུན་རིང་ཡིན་ས་མ་རེད། རྗེས་མ་རང་གི་མདུན་ལམ་ཡག་པོ་རེ་ཡོད་དགོས་ན་ཆང་འཐུང་ཤེས་དགོས་རེད་ལ་མ་ཅྰང་རྩེད་ཤེས་དགོས་རེད། འདི་ལྟར་བྱས་ན་གཞི་ནས་མི་དང་འབྲེལ་འདྲིས་ཡག་པོ་ཡོང་རེད་ལ་རང་གི་བྱ་བ་ཡང་འགྲུབ་རེད་ཅེས་ལྷག་བསམ་རྣམ་དག་གིས་ང་ལ་སྐད་ཆ་འདི་ཚོ་བཤད་སྐབས། ངས་མགོ་ལྕོག་ལྕོག་གཡུག་བ་ལས་ཅི་ཞིག་བཤད་དགོས་ཤེས་མ་སོང་།   ངས་ཡ་མཚར་བའི་གནས་ལུགས་འདི་ཐོས་དུས། ངས་སྤུན་ཟླའི་སེམས་གཏམ་འདི་གོ་དུས། གཟོད་དཀའ་བའི་ན་ཟུག་ཅིག་སེམས་གཏིང་ནས་སློང་སོང་། ཁྱེད་ཚོ་འདི་རུ་ཕེབས་པ་དགའ་བསུ་ཞུ། ལས་ཀ་ཚར་སོང་ཨེ། ད་མ་ཅྰང་རྩེད་འགྲོ་ཟེར་དུས། སྒོར་བཅུ་དང་བརྒྱ། སྟོང་དང་ཁྲི་ཤོར་དུས། ཁོ་ཚོའི་གདོང་ལ་འགྱུར་ལྡོག་རེ་ཡང་མི་བྱུང་དུས། ངོ་མ་ང་ནི་སེམས་སྤོབས་དེ་ལ་ཡ་མཚར་སོང་། གལ་ཏེ་སྙིང་སྟོབས་དང་སྤོབས་པ་འདི་བཟུང་ནས་ལས་ཀ་རེ་བསྒྲུབ་ན་ལས་འགྲུབ་སྙམ་པའི་ལྟ་ཚུལ་རེ་བྱུང་།  ཆང་འདི་མ་འཐུང་ན་ང་ལ་ངོ་མ་སྦྱིན་པ་ཡིན་ཞེས་དཔོན་པོ་ག་གེ་མོ་ཞིག་གིས་བཤད་དུས། ཆང་རེ་བཀྱགས་ནས་ཁོ་ཚོ་ལ་བཀའ་དྲིན་རེ་ཞུ་ཟེར་དུས། སློབ་གྲྭ་ནས་ཡོང་མ་ཐག་ཡིན་པས་ང་ལ་མིན་ཟེར་བའི་སྙིང་སྟོབས་དེ་འདུག ངས་རྩ་བ་ནས་འཐུང་མ་རེད་ཟེར་བའི་སྤོབས་པ་དེ་འདུག ཆོས་ལུགས་ལ་དད་པ་ཡོད་པས་རེད་ཟེར་བའི་སྙིང་སྟོབས་དེ་འདུག   ལས་ཀ་ཡག་པོ་བསྒྲུབ་ན་ཆང་འདི་འཐུང་བའི་དགོས་པ་མི་འདུག་ཟེར་བའི་སྙིང་སྟོབས་དེ་ཡང་འདུག རྒྱུན་དུ་འདི་འདྲའི་སྣེ་ལེན་མང་པོ་ཡོད་པ་ཨེ་རེད་ཅེས་ངའི་སྤུན་ཟླ་ཞིག་ལ་འདྲི་དུས། ཟླ་བ་འདིའི་ནང་ཕལ་ཆེར་གཟའ་སྤེན་པ་དང་གཟའ་ཉི་མ་མེད་ཟེར་དུས།   དངོས་གནས་ཆང་དང་མ་ཅྰང་གངས་ཅན་ཡུལ་ལ་དར་གྱིན་འདུག་སྙམ་པའི་ལྟ་ཚུལ་དེ་བྱུང་།
ཆང་དང་མ་ཅྰང་གངས་ཅན་ཡུལ་ལ་དར་གྱིན་འདུག ལས་དོན་དངོས་ཐོག་ནས་དོན་རེ་བསྒྲུབ་ཟེར་བ་འདི་དཀའ་མོ་ཡིན་ཡང་ནམ་ཡང་ཁ་ཐོག་ནས་མི་སེམས་ཀྱི་བདེ་སྡུག་གླེང་བཞིན་པའི་ང་ས་ཆ་གང་དུ་སོང་ཡང་ཁྲོམ་ལ་ཉུལ་རྒྱུ་དགའ། དེང་སང་ནི་དབྱར་རྩྭ་དགུན་འབུམ་བརྐོ་བའི་དུས་རེད། ཨ་ཙི། མི་མང་པོ་འདི་འདྲ་ཞིག་བསྐོར་ནས་འདུག དབྱར་རྩྭ་དགུན་འབུའི་ཚོང་རྒྱབ་ཀྱིན་ཡོད་ས་རེད་བསམ་ནས་ང་ཡང་དེའི་ཕྱོགས་ལ་སོང་བ་ཡིན། ཡིན་ཡང་ཡིད་ཕམ་སེམས་སྐྱོ་དགོས་པ་ཞིག་ནི། མི་ཚོ་མང་པོ་ཞིག་གིས་དེ་ལ་ཤོ་རྩེད་ནས་འདུག དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་བཟང་འདི་ལ། ད་དུང་ཡང་འདི་ན་ལ་འཚབ་འཚུབ་གང་ཡང་མེད་པའི་སྒོ་ནས་ཤོ་རྩེད་ཀྱིན་འདུག སེམས་དལ་བག་ཕེབས་སྒོ་ནས་ཤོ་རྩེད་ནས་འདུག དངོས་གནས་སེམས་ཕངས་སོང་ཡིད་སྐྱོ་སོང་། ངས་འདི་ནས་མི་རིགས་ཟེར་ནས་སྐད་ཆ་ཆེན་པོ་ཞིག་བཤད་འདོད་མ་སོང་། མེས་རྒྱལ་ཟེར་ནས་ལབ་ཀྱང་རྒྱབ་འདོད་མ་སོང་། ཁྱེད་ཚོའི་ཁྱིམ་དུ་བུ་ཕྲུག་ཡོད་རྒྱུ་རེད། གཟའ་ཟླ་ཡོད་རྒྱུ་རེད། དེའི་ཚོའི་བདེ་སྐྱིད་ཀྱི་ཆེད་དུ་འདི་འདྲ་མ་བྱེད་ཅེས་བཤད་འདོད་བྱུང་། ཡིན་ཡང་ཁོ་ཚོའི་འགྲམ་དུ་ལངས་ནས་འདུག་པ་ལས་སྐད་ཆ་གང་ཡང་ཁ་ནས་ཐོན་མ་ཐལ། ན་ཟུག་དྲག་པོ་ཞིག་སློང་བ་ལས་ཁ་ནས་ཚིག་ཅིག་ཀྱང་བྱུང་མ་སོང་།  ངས་ཆེ་མདོག་འཇོན་མདོག་བཟོ་ན་ཁོ་ཚོའི་རྣ་ལམ་དུ་འགྲོ་རྒྱུ་མ་རེད་བསམ་ནས་སྐྲག་སོང་། ཡང་ན་འདི་ནི་ཁོ་ཚོས་སྡུག་བཤད་སྟངས་ཀྱི་ཐབས་ཤེས་གཞན་པ་ཞིག་ཡིན་སྲིད་དམ།
ཆང་དང་མ་ཅྰང་གངས་ཅན་ཡུལ་ལ་དར།  སྦི་རག་ཁུག་མ་དང་ཁུག་མ་བྱས་ནས་རྩྭ་ཐང་དང་ཞིང་ཁ་ནས་འཐུང་བཞིན་འདུག་ལ། ཆང་རག་ཤེལ་དམ་དང་ཤེལ་དམ་བྱས་ནས་སྲང་མདོ་དང་ཐང་ཆེན་ནས་འཐུང་བཞིན་འདུག ཡང་ན་འདི་ནི་ཁོ་ཚོས་སྡུག་བཤད་སྟངས་ཀྱི་ཐབས་ཤེས་གཞན་པ་ཞིག་ཡིན་སྲིད་དམ།
མ་ཅྰང་ཆེད་སྒོར་བཅུ་ཤོག་དང་བརྒྱ་ཤོག སྟོང་དང་ཁྲི་ཟེར་ནས་གཏོང་བཞིན་འདུག་ལ། རླངས་འཁོར་དང་ཁང་བ་ཟེར་ནས་གཏོང་བཞིན་འདུག  ཡོད་ཚར་ཤོར་ནས་ས་མཐའ་རུ་འཁྱམ་བཞིན་འདུག དེང་སང་ཆང་ནི་སྐུ་མགྲོན་བསུ་བྱེད་ཀྱི་ལེགས་སྐྱེས་མཆོག་དེ་ཡིན་ལ། མ་ཅྰང་ནི་མགྲོན་པོ་ལ་ཕུལ་བའི་ལེགས་སྐྱེས་མཆོག་དེ་ཡིན།
ང་ཚོ་མི་རིགས་འདི་ལ་ཤ་ཚ་ན། ང་ཚོའི་མི་རིགས་ཆེད་དུ་ལས་དོན་རེ་བསྒྲུབ་བསམ་ན། དང་ཐོག་ཆང་ཉུང་འཐུང་དང་མ་ཅྰང་ཉུང་ཙམ་རྩེད་བ་ནས་འགོ་བརྩམས་དགོས་རྒྱུ་འདུག སྤྱི་ཡིན་ན་མི་སོ་སོའི་སེམས་ན་སྡུག་རེ་ཡོད་རེད་ལ། སྡུག་དེ་ཤེས་མཁན་ནི་ངོ་མ་དཀའ་མོ་རེད། མི་སོ་སོའི་སེམས་ན་གསང་བ་ཞིག་ཡོད་རེད་ལ། གསང་བ་དེ་ནི་སུ་ཞིག་ལ་ཡང་བཤད་དཀའ་མོ་རེད། སྐབས་འགར་རྒྱུ་མཚན་སྣ་ཚོགས་ཀྱི་རྐྱེན་གྱིས་ཆང་དང་མ་ཅྰང་ལ་བརྟེན་ནས་སྡུག་བསྔལ་རེ་དང་གསང་བ་དེ་བརྗེད་ཨེ་ཐུབ་རེ་ལྟ་སྲིད། འདི་ནི་ཧ་ཅང་རྒྱུན་ལྡན་གྱི་སྣང་ཚུལ་ཙམ་རེད། འདི་ནི་ཞག་མ་སུམ་བརྒྱ་དྲུག་ཅུ་རེ་ལྔ་ལས་ཉིན་གཅིག་འམ་ཁ་ཤས་ནང་བྱུང་ཆོག་པ་ལས་གོམས་གཤིས་སུ་རྩ་བ་ནས་ཆགས་མི་རུང་པའི་གནས་ཚུལ་ཙམ་རེད། ཆང་དང་མ་ཅྰང་གངས་ཅན་ཡུལ་ལ་དར།  གནད་དོན་འདི་ལ་ང་ཚོས་ཅི་ནས་ཀྱང་བསམ་བློ་གཏོང་དགོས་ལ། རང་ཉིད་ནས་འགོ་བརྩམས་ཏེ་མ་ཅྰང་ཉུང་ཙམ་རྩེད་བ་དང་།   ཆང་ཉུང་ཙམ་འཐུང་བ་བྱེད་དགོས།
·རྩོམ་ཡིག་གོང་མ:ཞུ་འཕྲིན་ཕོ་ཉ་གཞོན་ནུ་དོན་གྲུབ།
·རྩོམ་ཡིག་འོག་མ:ཤྲཱི་ཀ་ལ་ཙཀྲའི་དབང་ཞུ་རྣམས་ལ་གདམས་ངག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·བོད་མིའི་གཤིས་ཀ་ཡ་མཚན། 2011/11/26 22:46:11
·བླ་རུང་ནས་གྲྭ་གཞོན་བསྐྲད་པ་མ་རེད་བརྒྱུད་ཚོང་བསྐྲད་པ་རེད། 2011/5/30 23:27:04
·ཨ་མཚར་མཚར་དགུ་བཀླགས་པའི་མྱོང་ཚོར། 2011/5/8 20:47:21
·རྒྱལ་བསྟན་འཇིག་རྟེན་འདི་ནས་ཡལ་གྱིས་དོཊ་པའི་སྨྲེ་སྔཊ།༢ 2011/5/4 13:01:20
·མང་ཚོཊ་ལ་མགོ་བསྐོར་ཐེབས་རྒྱུར་གཟབ། 2011/3/27 19:52:58
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 13:59:35 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 18:01:52 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 3:18:43 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།22.95MS