ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

བྱིས་པ་འདི་ཚོ།

རྩོམ་པ་པོ:ལྷམ་ཀོགཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:1661ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/7/31 21:32:32ཚོགས་ཡར་སྤྲོད:admin
བྱིས་པ་འདི་ཚོ།

བྱིས་པ་འདི་ཚོ།
བྱིས་པ་འདི་ཚོ་ཡ་རབས་ཏག་ཏག་ཡིན
ཁོ་ཚོ་སློབ་ཆུང་སློབ་རིམ་བཞི་བ་ཡིན་དུས་ནས
ད་ལྟའི་མཐོ་འབྲིང་གཉིས་པར་བསླེབས་རག་ལ
གྲྭ་ཤག་ཆུང་ཆུང་འདི་ནས
ངས་དབྱུག་པ་རྐྱང་རྐྱང་བཟུང་སྟེ
དཀོན་མཆོག་སྐྱབས་དང་རབ་འབྱོར་གཉིས་ཁོ་ནར་གཅར་བ་ཡང་གྲངས་ཀྱིས་མི་ལོན
ད་དུང་ཁ་སྡིག་ཚིག་སྡིག་གིས་ཁོ་ཚོའི་སེམས་ལ་གནོད་པ་བསྐྱལ་བ་ཡང་གྲངས་ཀྱིས་མི་ལོན
འོན་ཀྱང་ཁོ་ཚོས་དབྱར་གནང་དགུན་གནང་གང་གི་སྐབས་སུ་ཡང
ང་ཁོ་ན་བཙལ་ནས་འོང་བས
ད་སྐབས་ངས་ཀྱང་ཁོ་ཚོ་སེམས་ནས་བློས་གཏོང་མི་ཕོད་དེ
ཁོ་ཚོའི་ལག་གི་སུམ་རྟགས་ཀྱི་དཔེ་ཆ་དང་ལོ་རྒྱུས་ཀྱི་དཔེ་ཆ
ཉི་མ་རེ་རེར་བྲིས་པའི་རྩོམ་ཡིག་དག་གིས
ཚེ་རབས་སྔོན་མའི་ལས་འཕྲོ་ཞིག་ང་ལ་སྤྲད་པ་འདྲ

ད་ནི་ང་ལ་ཡང་ཉིན་རེ་ནས་ཉིན་རེར་སེམས་ངལ་ཇེ་ལྕིར་འགྲོ་གིན་འདུག
ནམ་ཞིག་མཐོ་རྒྱུགས་ལ་ཞུགས་དགོས་པའི་ངའི་བྱིས་པ་འདི་དག་གིས
བློ་དང་སྤོབས་པ་ག་ཙམ་གྱིས་སྦྱངས་འབྲས་ཤིག་བླངས་ཏེ
མ་འོངས་པར་ཁྱིམ་གཞི་སྐྱིད་པོ་ཞིག་འཁྱོངས་འོང་ངམ

ཁོ་ཚོས་གྲྭ་ཤག་འདིའི་གྲུ་ཁ་དང་སླས་དཀྱིལ་ནས་ཡར་འགྲོ་མར་འགྲོ་བྱེད་ཀྱིན
ངའི་འགྲོ་འདུག་ལ་ལྟ་གིན
བསྐྱར་སྦྱོང་དང་བློ་འཛིན་གྱི་རྣམ་པ་འདི་ནི
ངས་ཀྱང་མི་ཚེ་འདིར་སྒྲུབ་སྦྱོང་ཁོ་ན་ཞིག་ཏུ་བསམས་ནས
བློ་རིག་གྲིམ་པོ་བྱས་ཏེ་ཁོ་ཚོར་རང་གིས་གང་ཤེས་པ་ཡོད་ཚད་བསླབ་དགོས

ཁ་བ་དང་ཙག་གི་ཁྲོད་ནས་སམ
ཚ་གདུག་དང་རྔུལ་ཆུའི་ཀློང་ནས་ཀྱང་ཁོ་ཚོར་ཨུ་ཚུགས་ཀྱིས་སློབ་ཁྲིད་བྱས་ཏེ
བྱིས་པ་རེ་རེར་ཚ་འདྲི་དང་གཏིང་འདྲི་བྱེད་དུས
ངས་ཁོ་ཚོར་འཛུམ་མདངས་དང་ཁ་ཡགས་ཅི་ཡང་མ་བཤད་མོད
ངའི་སེམས་སུ་ཁོ་ཚོ་ནི་ཤེལ་ཕོར་གྱི་དབུས་སུ་སྤུངས་པའི་སིལ་ཏོག་སྙིང་རྗེ་བོ་དག་ཡིན་པས
ནམ་ཞིག་གི་ཚེ་ལ་ངེད་ཅག་སོ་སོར་འགྲོ་དགོས་པའི་དུས་སུ་ཡང
ངས་བྱིས་པ་འདི་དག་བརྗེད་ཐབས་ག་ལ་ཡོད་ཨང
ལོ་བདུན་ལྷག་གི་རིང་ལ་དབྱར་གནང་དགུན་གནང་གང་གི་སྐབས་སུ་ང་དང་ཉེ་བར་བཅར་ནས་བོད་ཡིག་གི་ཕྱོགས་རྐྱང་བར་འབད་པ་བྱས་མྱོང་བའི་སློབ་མ་ཆུང་ཆུང་ཚོ་ད་ལྟ་ནར་སོན་ཡོད་པས། ཁོ་བོའི་སེམས་ཀྱང་དགའ་བའི་དབང་དུ་སོང་ནས་ཀ་ཁའི་བདག་པོ་འདི་ཚོ་ཡིད་ནས་བརྗེད་ཐབས་མི་འདུག
·རྩོམ་ཡིག་གོང་མ:གཞས་ཚིག མཚོ་སྔོན་པོ།
·རྩོམ་ཡིག་འོག་མ:ཚངས་མགུར་གྱི་དཔྱད་གཏམ་དང་རྩོམ་རིག་དཔྱད་བརྗོད་ཚད་གཞི།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 20:33:04 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 2:00:38 [来自: 112.5.248.152]

评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 11:58:54 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 37 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS