ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
རྩོམ་ཡིག་ཀློག་པ།

གླུ་མ་ཚེ་སྐྱིད་ཀྱིས་བྱིན་པའི་སེམས་ཚོར།

རྩོམ་པ་པོ:གཙང་སངས།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:3158ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/8/1 22:35:21ཚོགས་ཡར་སྤྲོད:admin
གླུ་མ་ཚེ་སྐྱིད་ཀྱིས་བྱིན་པའི་སེམས་ཚོར།

གཙང་སངས།

དེ་རིང་ང་དང་ངའི་གྲོགས་པོ་སྐོར་ཞིག་གི་ལག་ཏུ་འབྱོར་ཡོད་པ་ནི་བོད་ཀྱི་གླུ་མ་ངོ་མ་ཞིག་གི་འདངས་བཅོལ་ཡོད་སའི་རྡོ་བ་ཚེ་སྐྱིད་ཀྱི་འོད་སྡེར་གསར་བ་《ཟླ་འོད་འོག་གི་སྨོན་འདུན་》ཟེར་བ་དེ་ཡིན། དེ་ཡང་སྔོན་ཞིག་ནས་འགྲེམ་སྤེལ་བྱེད་ཀྱིན་པ་ཤེས་པ་དང་རང་ཅག་སྡོད་སའི་རྫོང་དེ་ནས་བཙོང་བར་བསྒུག་ནས་ཡུན་རིང་ཞིག་འདས་ཀྱང་གང་ཡང་མ་བྱུང་། རྗེས་སུ་མི་འགའ་ཞིག་བརྒྱུད་ནས་གནས་འདི་དང་ཁ་ཐག་ཅུང་རིང་བའི་ཁམས་གསེར་རྟ་རྫོང་ནས་བསྐྱར་སྤར་བྱས་པ་ཞིག་ལག་སོན་བྱུང་བ་ཡིན། དེ་ནི་དངོས་སུ་དེ་རིང་གི་ཉིན་མོ་འདི་ཡིན་ལ་ངའི་གྲོགས་པོ་དག་དང་ང་རང་བཅས་ཁོ་བོའི་རྩིས་འཕྲུལ་གྱི་མདུན་དུ་འཚང་ཁ་རྒྱག་དོན་ཡང་ཟེར་སྡེར་དེར་བལྟ་བའི་ཆེད་ཡིན།
ཡུན་རིང་ཞིག་ལ་རེ་སྒུག་བྱས་ཤིང་ལག་སོན་ཡོང་ཆེད་དཀའ་ལས་ཆེར་བཏོན་གྱི་ཟེར་སྡེར་དེ་ལས་ང་དང་ངའི་གྲོགས་པོ་དག་ལ་བྱིན་པའི་ཚོར་བ་ནི་གཅིག་མཚུངས་ཤིག་སྟེ། མཛེས་མ་ཚེ་སྐྱིད་ལ་བོད་དྲི་མི་འདུག་སྙམ་པ་དེ་ཡིན། དེ་ཡང་གླུ་དབྱངས་ཐོག་མའི་ཁ་བྱང་ལ་《阿妈》བཏགས་འདུག་ལ་མཐོ་སྒང་གི་རྩྭ་ཐང་དང་ནོར་ལུག གཞན་སྦྲ་ནག་གི་དར་ལྕོག་རླུང་གིས་བསྐྱོད་བཞིན་པ་སོགས་སྒང་བ་བོད་པ་ཚང་གི་མཛེས་སྡུག་དག་ངོམ་བྱུང་བ་དང་ལྷན་དུ་བོད་ཀྱི་དབྱངས་རྟ་ཞིག་གི་ཉམས་གཏན་དུ་མི་འདུག་སྙམ་པའི་རོལ་དབྱངས་ཤིག་ཀྱང་དཀྲོལ་བྱུང་། དེ་དང་ལྷན་དུ་ལེན་མཁན་དང་ཚིག་རྩོམ་པ་པོ། དབྱངས་རྩོམ་པ་པོ། བརྙན་ལེན་པ་སོགས་ཐམས་ཅད་རྒྱ་ཡིག་གིས་འཚམས་སྦྱོར་བྱས་འདུག དེ་བཞིན《阿妈》ཞེས་པའི་གླུ་དབྱངས་ཀྱིས་བྱིན་པའི་ཚོར་བ་སྐྱུར་མོ་ལ་དེ་ལྟར་རོལ་མྱོང་ཐེངས་གཅིག་བྱས་པ་དང་གླུ་དབྱངས་གཉིས་པའི་ཁྱད་མཚར་ལ་རེ་སྒུག་བྱས།
གླུ་དབྱངས་གཉིས་པའི་ཁ་བྱང་དང་དེའི་ངོས་སྦྱོར་དག་ཀྱང་རྒྱ་ཡིག་གིས་བསྒྲིགས་འདུག་ལ་ཁ་བྱང་དུ་《爱在路上》བྲིས་འདུག ཁོ་བོས་གླུ་དབྱངས་དེ་སྒྲིག་སྦྱོར་ལ་ཞིབ་ལྟ་ཞིག་བྱས་པ་ཡིན། སྐབས་དེར་གླུ་མ་ཚེ་སྐྱིད་རྩྭ་ཐང་དུ་རྒྱུག་གིན་པ་དང་དྭངས་གཙང་གི་མཁའ་དབྱིངས་ལ་བལྟས་ནས་འཁོར་གྱིན་པ་དག་གི་ཁྲོད་ནས་བོད་མོ་ཚེ་སྐྱིད་ཀྱིས་བོད་ཡུལ་གྱི་མཛེས་སྡུག་རྟོགས་ཀྱི་མེད་པ་གཞི་ནས་མཐོང་ཐུབ། རྒྱུ་མཚན་ནི་བོད་ཡུལ་དང་རྒྱང་ཐག་རིང་བའི་ཡུལ་གྲུ་འགའ་རེ་ཡི་མི་བོད་ཡུལ་དུ་སླེབས་པ་དང་ཡང་ན་ས་ཆ་གཞན་པའི་བརྙན་འཕྲིན་འཁྲབ་སྟོན་པ་འགའ་རེ་ཡིས་རྩྭ་ཐང་གི་བྲོ་བ་ཉམས་སུ་མྱོང་གིན་པའི་ཉམས་དེ་ཨེ་ཐོན་བལྟ་གིན་འདུག་པས་སོ། །རང་ཅག་ནི་ནམ་ཡང་མཐོ་སྒང་གི་མི་ཡིན་པ་དང་མཐོ་སྒང་གི་མཛེས་སྡུག་ཉམས་སུ་མྱོང་མཁན་དེ་ཡིན་ཕྱིན། གཞན་གྱི་ཆ་ལུགས་ལ་ལད་ཟློས་བྱེད་མི་དགོས་པར་རང་ས་ནས་རྩྭ་ཐང་ལ་བཟུང་བའི་རྣམ་འགྱུར་རྒྱུན་ལྡན་ཞིག་གམ། ཡང་ན་བོད་ངོ་མའི་མཛེས་སྡུག་ཅིག་ངོམ་ན་ཅིས་མི་ཆོག་ཀྱང་སྙམ།

དེ་ལྟར་རིམ་བཞིན་གླུ་མ་མོ་རང་དང་འདངས་རྩིས་ཆེ་བའི་གླུ་དབྱངས་《月光下的祈愿》ཞེས་པ་དང་《想想再》 《无界》 《情思故乡》 《相伴天涯》སོགས་ལ་རིམ་བཞིན་བལྟས་མཐར་བོད་རང་གི་སྐད་ཀྱིས་བླངས་བ་ནི་ཟེར་སྡེར་དེ་ན་གླུ་གཞས་གཉིས་ལས་མི་འདུག ངའི་གྲོགས་པོ་ཞིག་གིས་བཤད་དོན།  གླུ་མ་ཚེ་སྐྱིད་ཀྱི་ཟེར་སྡེར་ལ་རེ་སྒུག་བྱས་ནས་ཡུན་རིང་ཞིག་འགོར་ཡང་བདག་འདྲ་དག་གིས་ཉམས་སུ་མྱང་མི་ཐུབ་ཀི་ཞེས་ཞེ་བློ་མ་བདེ་བའི་ཉམས་ཤིག་དང་བཅས་བཤད་བྱུང་།

བདག་རང་ངོས་ནས་བཤད་ན། གླུ་མ་ཚེ་སྐྱིད་ཀྱི་ཟེར་སྡེར་འདི་ཡིས་མཚོན་གླུ་མ་ཚེ་སྐྱིད་ལ་བོད་དྲི་མི་འདུག་ཅེས་བརྗོད་མཁན་དེའི་གྲས་ཡིན་མོད། འོན་ཀྱང་ཧྲིལ་གྱིས་འགོག་མི་ནུས་པ་ཞིག་ལ་ཁོ་མོས་བླངས་བའི་མཇུག་གི་བརྩེ་དུང་གི་གླུ་གཞས་དེ་དག་གིས་བདག་གི་ཡིད་དབང་རབ་ཏུ་ཕྲོག་སོང་ལ། བརྩེ་དུང་འཁྲབ་སྟོན་གྱི་སྒྱུ་རྩལ་དང་ཉམས། གདོང་གི་མཛེས་སྡུག་སོགས་ཀྱིས་ཧན་གོའི་韩国)བུ་མོ་གྲགས་སྐར་(明星)ཞིག་ཀྱང་ཁྲེལ་དགོས་པ་བཟོས་འདུག་སྙམ་ཡོད།

འོན་ཀྱང་འུ་ཚང་གི་གནས་སྟེངས་དང་སྐྱིད་སྡུག་སོགས་ཀྱི་ཕྱོགས་ནས་བསམ་ན་གླུ་མ་དེ་བོད་པའི་བུ་མོ་ཞིག་མིན་ཁོ་ཐག་རེད་སྙམ་པ་ཞིག་ལས་གཞན་པའི་ཚོར་བ་གང་ཡང་རྙེད་མ་ཐུབ། ཅི་ལྟར་བསམ་ཡང་གླུ་མ་ཚེ་སྐྱིད་ཀྱི་ཟེར་སྡེར་འདིར་རེ་སྒུག་བྱེད་མཁན་ནི་མང་ཆེ་བ་གོང་བཤད་བདག་གི་གྲོགས་པོ་ལྟ་བུའི་བོད་པ་དག་ཡིན་པར་སེམས། འོན་ཀྱང་དངོས་སུ་མཐོང་བ་ན་བོད་པ་དག་གི་སེམས་ཁམས་དང་ཁ་ཐག་རིང་བའི་གླུ་གཞས་སྐོར་ཞིག་ལས་གང་ཡང་སྟེར་མ་ཐུབ་ན་གླུ་མ་ཚེ་སྐྱིད་ཀྱི་བསམ་དོན་ཡང་རྫོགས་ནུས་སམ་སྙམ།

སྐབས་འདིར་ཁོ་བོས་བརྗོད་བྱར་བཟུང་ནས་གླེང་གིན་པ་དེ་གླུ་མ་ཚེ་སྐྱིད་ཡིན་ཡང་། རྩོམ་ཡིག་འདིའི་ཁྲོད་ཀྱི་གོ་བ་ནི་བོད་ཀྱི་གླུ་བ་དག་གཙོས་བོད་པ་སུས་ཀྱང་རང་སྟེང་ལ་བསམ་ཆོག་ཅེས་གནང་རྒྱུ་ཡིན། འདི་ལྟར་བོད་པའི་གླུ་བ་དག་གིས་བོད་པའི་གླུ་བའི་རང་ས་མི་ཟིན་པ་ལྟར་ཐམས་ཅད་འདི་ལྟར་གྱུར་ན་བོད་པའང་མྱུར་དུ་ཚར་རྒྱུ་ལས་གནས་ཐབས་ཞན་ཅི་ལྟར་ཡོད་སྲིད།

སྤྱི་ལོ༢༠༡༡ ༧ ༢༧ཉིན་གྱི་དགོང་མོ།

·རྩོམ་ཡིག་གོང་མ:ཚངས་མགུར་གྱི་དཔྱད་གཏམ་དང་རྩོམ་རིག་དཔྱད་བརྗོད་ཚད་གཞི།
·རྩོམ་ཡིག་འོག་མ:ཁྱིམ་མཚེས་བུ་མོར་བླངས་པའི་གླུ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·བོད་གཞས་ལ་བཅངས་བའི་ལྷག་བསམ་དཀར་པོ། 2011/11/28 18:56:10
·བོད་ཀྱི་གླུ་གཞས་སྐོར་གྱི་སྐད་ཆ་ཐན་ཐུན། 2011/8/27 17:22:24
·ད་ཐེངས་ཀྱི་བོད་ཀྱི་གླུ་དབྱངས་འགྲན་ཚོགས། 2011/2/7 12:36:48
·སི་ཁྲོན་ནས་གཉེར་བའི་བོད་ཀྱི་གླུ་དབྱངས་འགྲན་ཚོཊ་སྐོར། 2011/2/6 13:30:13
·གླུ་ཚིག་རེད་དམ་འདོན་པ་རེད། 2010/8/1 22:51:15
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:13:36 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:44:04 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 7:12:11 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS