ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

ཁྱིམ་མཚེས་བུ་མོར་བླངས་པའི་གླུ།

རྩོམ་པ་པོ:འབྲོང་ཕྲུགཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:2024ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/8/1 22:49:42ཚོགས་ཡར་སྤྲོད:admin
ཁྱིམ་མཚེས་བུ་མོར་བླངས་པའི་གླུ།

ཚིག  འབྲོང་ཕྲུག

དམར་ཆུང་བྱུ་རུའི་མཁུར་ཚོས་གོང་གི།
ཁྲ་ཆུང་མིག་གི་བལྟ་ཕྱོགས་ཤིག་གིས། །
ཆང་གིས་བཟི་བའི་ཨ་བོ་འབྲོང་ཕྲུག།
ཁྱོད་ལ་སྙེགས་ནས་ཡོང་བ་རིག་གམ།།

སྙན་མོ་ངག་ལ་གླུ་ཞིག་བཀུག་ནས། །
ཡང་མོ་གོམ་པ་དལ་གྱིས་ལེན་དུས། །
ཁྱོད་ཀྱིས་རྒྱབ་གཟུགས་སྙིང་ལ་རྗེ་བོ། །
སུ་ཡི་སྙིང་ན་ལྗིད་ཀྱིས་ལུས་ཡོད། །

སུམ་བརྒྱ་དྲུག་ཅུའི་ཉིན་ཞག་བར་ནས། །
སྙིང་གི་ལུ་གུ་དལ་སྡོད་མེད་པར། །
ཁྱོད་རང་མཐོང་བའི་སྐལ་བ་ཕྲ་མོ། །
ད་དུང་བློས་ཀྱིས་ཐོངས་ཐབས་མི་འདུག།

དགོང་མོ་ཡུལ་ལོག་པ་འཕྱི་སོང་། །
ང་རང་གཉིད་ཀྱི་རྟོ་ཕོས་ཁྲིད་སོང་། །
ཞོགས་པར་མལ་ལས་ལངས་པ་སྔ་སོང་། །
ང་ཡི་རྨི་ལམ་ད་དུང་སད་མེད། །

རྨི་ལམ་སད་དང་མ་སད་མི་འདུག།
མངོན་སུམ་མིག་ལ་འོད་ཀྱིས་འཚེར་བ། །
ནམ་མཁའི་སྐར་མ་མ་རེད་ཁྱོད་རེད། །
ཁྱོད་ཀྱི་མིག་མདངས་སྐར་མའི་གསལ་རེད། །

ལག་ཟུང་ཕྲ་མོ་ལྡེམ་མྱུར་ཅན་པོས། །
ལྕགས་ཀྱིས་ཟོ་ཆུང་ཕྲག་ལ་ལེན་དུས། །
གམ་གྱི་ཆུང་མ་ལོགས་སུ་བསྐྱུར་ནས། །
ཁྱོད་ཀྱི་ཆུ་ཁར་རྒྱུགས་ན་བསམ་གི།

དྭངས་མོ་ཆུ་ཡི་དྭངས་ཤིག་ཡོད་པ། །
ང་ཡི་བརྩེ་བ་མ་རེད་ཁྱོད་རེད། །
ཁྱོད་ཀྱིས་ཆུ་མིག་ཁམ་གང་འཐུང་བས། །
བསྐལ་བ་སྟོང་གི་སྐོམ་པ་སེལ་འགྲོ།
ཞོར་གྱི་སྐད་ཆ།
ཆང་གིས་བཟི་བའིཉིན་ཞིག་ལ།  ཁྱིམ་མཚེས་བུ་མོས་ལྕགས་ཟེའུ་ཆ་གཅིག་ཁུར་ནས་ཆུ་ལེན་དུ་འགྲོ་བ་མཐོང་བས།  གམ་གྱི་ཆུང་མར་ཀུ་རེ་ངང་། གལ་ཏེ།  ཞི་མོ་འདིར་གླུ་ཞིག་ལེན་དགོས་རྒྱུ་ན་འདི་ལྟར་ལེན་ངེས་ཡིན་ཞེས་གླུ་ཚིག་ལྟ་བུ་འདི་བྲིས་པ་ན།  ཆུང་མ་དགོད་ཞོར།  ཁྱོད་མི་རྒན་ལོ་ལོན་ཞིག་ལ་འདི་མོ་ལན་ཆགས་ཤིག་མཛའ་ནི་མ་རེད་ཟེར།

·རྩོམ་ཡིག་གོང་མ:གླུ་མ་ཚེ་སྐྱིད་ཀྱིས་བྱིན་པའི་སེམས་ཚོར།
·རྩོམ་ཡིག་འོག་མ:དཔལ་དགྱེས་པ་རྡོ་རྗེའི་སྨོན་ལམ་ཀུན་བཟང་རྒྱལ་པོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གླུ་ཚིག་འབྲི་སྟངས་ལ་བསམ་གཞིགས་ཉུང་ངུ་བགྱིས་པ། 2012/9/16 16:11:57
·བོད་ཁམས་ཕྱོགས་ཀྱི་གླུ་ཚིག་འགའ་ཞིག 2012/7/12 21:32:23
·གླུ་ཚིག སྒ་སྟོད་ཇོ་བོ་ཞལ་དཀར། ། 2012/1/27 18:02:31
·ང་དང་གླིང་གི་བློས་ཐུབ་གཏན་གྲོཊ། 2011/8/7 9:56:30
·གླུ་ཚིག རྫི་བོའི་བརྩེ་གླུ། 2011/6/17 23:16:15
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 22:49:24 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 23:58:33 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 0:32:24 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS