ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

གཡང་ཟོག་བཤས་ཚོང་ལག་ཏུ་མ་བཞག་རོཊ།

རྩོམ་པ་པོ:དགེ་བུ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2041ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/8/7 14:07:16ཚོགས་ཡར་སྤྲོད:admin

བོད་མི་རིགས་དང་གཡག་གི་རིག་གནས།

གཡང་ཟོག་བཤས་ཚོང་ལག་ཏུ་མ་བཞག་རོཊ།

དགེ་བུ།

ལྷ་ལུང་དཔལ་རྡོས་ལྷག་བསམ་ལྷག་མས་གྱ་ཚོམ་ངང་དུ་སྲིད་ཀྱི་རྐང་པ་བཅག །
དེ་ནས་བཟུང་སྟེ་མགོན་མེད་སྐྱབས་བྲལ་སིལ་བུར་ཁ་འཐོར་རྒུད་པའི་ལམ་དུ་ཞུགས།།
དེ་རྗེས་རྙིང་པ་ལྷ་ཡི་སྲོལ་དུ་བསྒྲགས་ནས་དམངས་ཀྱི་རྣམ་དཔྱོད་སྲོག་རྩ་བཅད།།
ད་ལྟའི་བར་དུ་ཆོས་མིན་སྲིད་མིན་རྗེས་ལུས་རྨོངས་པའི་གཉིད་དུ་དྲན་མེད་ཡུར།།
བོད་ཀྱི་འབྲོག་པ་སྲིད་པ་ཆགས་ནས་དྲིན་ཆེན་གཡག་དང་མཉམ་ཆགས་ཡིན།།
སྦྲང་དཀར་རྩམ་གསོས་རོང་འབྲོག་གཉིས་ནི་བོད་ཀྱི་འཚོ་གནས་སྲོག་ཟུང་ཡིན།།
དེང་འདིར་སྡིག་ཤ་སྤངས་ཞེས་གཡང་ཟོག་སྡིག་རྒན་བཤས་ཚོང་ལག་ཏུ་བཞག །
ཉ་མོ་བསད་ནས་ཁྱི་ལ་སྦྱིན་པའི་དགེ་སྒྲུབ་དེ་འདྲ་དགོད་རེ་བྲོ།།
འ་མ་འོལ་དུ་གྲོང་དུ་སྤོས་ནས་ལས་མེད་ཤོ་བག་རྒྱན་ལ་གཡེངས།།
བུ་ཚ་བུ་མོ་འཁྱམས་པོ་ཆགས་ནས་ཁྲམ་གཡོ་རྐུན་ཇག་ལས་དང་འབྲེལ།།
ས་ཞིང་སེམས་ཅན་བོར་ཏེ་གྲོང་ནང་འཁྱམས་ཤུལ་གཞན་སྡེས་འབྲོག་ས་བཟུང་།།
མ་འོངས་རྒྱ་དང་ཁ་ཆེས་འབྲོག་སྡེ་བྱེད་པའི་ལུང་བསྟན་དུས་ལ་འབབ།།
ད་ནི་གནམ་འོག་བཤས་རྭ་ཆེ་ཤོས་མཐོ་སྒང་འདི་ན་ཆགས་པར་གྲབས་ཀྱིན་གདའ།།
ད་ནི་འོས་མེད་གཞན་ལ་ཁེ་ཆེན་བྱིན་ཏེ་སྤྱང་ཀིར་རྣ་དར་འདོགས་ཀྱིན་གདའ།།
ད་ནི་བསམ་བཞིན་རང་སྡུག་ལ་སྦྱར་གཡག་གི་རིག་གནས་སྲོག་རྩ་བཅད་ཀྱིན་གདའ།།
ད་ནི་ཤི་མ་སྔ་ན་ངུ་དགོད་མི་ཤེས་ལྟད་མོ་སྣ་ཚོགས་མཐོང་གིན་གདའ།།
ལྷ་ལུང་དཔལ་རྡོས་མདའ་འཁྱམས་གཡུགས་རྗེས་དེ་ཡི་ཚབ་ལ་སུ་ཞིག་བསྐོ་བའི་གྲ་སྒྲིག་ཡོད་ཨེ་མྱོང་།།
བཤས་ཚོང་སྤོང་ཞིང་ཕྱུགས་ལས་བོར་བའི་ཚབ་ཏུ་གང་ལ་བརྟེན་དང་ཅི་ཞིག་ལས་རྒྱུའི་བཀོད་སྒྲིག་ཡོད།།
གལ་ཏེ་དེ་ལྟར་མེད་ན་ཧ་མ་ཧོལ་གྱི་གཏམ་སྤྱོད་དེ་ཚོ་ཉུང་ཙམ་གནང་ན་མི་མཛེས་སམ།།
མགོ་མ་ཚོས་པའི་བྱ་སྤྱོད་དེ་ཚོས་ཡང་སྙིང་རྗེས་འབྲས་བཟང་ངན་ཅི་ཞིག་ཡོང་མིན་རྣམ་པར་དཔྱོད།།
ཡ་མ་ཟུང་གི་ངན་ཤན་དེ་ཚོས་ཡང་སྙིང་དམངས་ལ་ཕན་གནོད་གང་ཡོང་བསམ་བློ་ཐོངས།།
ཆོས་རིག་འབྱོར་འཁོས་རྨང་གཞི་མེད་བཞིན་ཧར་ལས་དེ་ཚོ་དུས་ལ་བབས་མིན་ཐུགས་དཔྱད་མཛོད།།
དེ་ཡང་༼གང་ཞིག་གཏོར་ན་དེ་ཡི་ཚབ་ལ་ཅིག་ཞིག་བཞག་རྒྱུ་༽རིགས་པ་མགོ་མཚུངས་ཡིན།།
གདོད་ནས་ཡོད་པའི་འཚོ་ཐབས་བོར་རྗེས་དེ་ཚབ་ཅི་བྱེད་བསམ་བློ་ཞིབ་ཕྲ་གཏོང་ཨེ་མྱོང་།།
གལ་ཏེ་མན་ངག་ཡོད་ན་ལམ་སྟོན་ལག་བསྟར་བྱེད་པའི་དུས་ལ་ཤིན་ཏུ་གཉག་ནས་འདུག །
སུ་ཡིས་གླེང་མགོ་བརྩམ་ན་དེ་ཡིས་མཇུག་སྐྱོང་གནང་རྒྱུའི་འགན་འཁྲི་དུས་ལས་ཡོལ་མེད་འཚལ།།
དབང་ཆེན་བསྐུར་དང་འབུལ་ཆེན་སྡུད་པ་ལྷ་ཁང་རྟེན་བཞེངས་ཟང་ཟིང་རྒྱས་སྤྲོས་འདུ་ལོང་སོགས།།
རང་སྡེའི་སྤྱི་ཚོགས་སྔར་ནས་རྨོངས་རྒན་ཁྱུ་གཅིག་བཟོས་པའི་བསམ་སྦྱོར་དེ་དག་མཚམས་རེ་ཞོགས།།
དུས་དང་གནས་སྐབས་ཁོར་ཡུག་བསམ་བློའི་རྨང་གཞི་འབྱོར་པའི་ཆུ་ཚད་སོགས་ལ་ཞིབ་འདངས་ཀྱིས།།
སྔོན་ལ་ཡིག་རྨོངས་སེལ་བའི་རིག་གནས་བློ་མིག་ཕྱེ་ཐབས་བྱ་རྒྱུ་གལ་གནད་མི་ཆེ་འམ།།
ཕྱོགས་གཅིག་སྡིག་སྤོང་དགེ་མཚན་མཐོང་ཡང་ཕྱོགས་གཉིས་ཡུལ་ལུང་སྐྲུ་ལམ་བརྫངས་པའི་ཚུལ་མ་མཐོང་།།
དེ་ནི་གཡག་ཞར་རྩྭ་ཟ་ཉིད་ཡིན་རྗེས་སུ་གཡག་ཀྱང་མེད་ན་རྩྭ་ཟ་ག་ལ་ཡོད།།
འཇིག་རྟེན་བྱ་གཞག་གང་ཡང་སྔོན་རྩིས་རྗེས་དཔྱོད་ཆ་ཚང་ཡོད་དགོས་མོད།།
གྲ་སྒྲིག་མེད་པ་རྐང་ཡ་མ་བཙུག་གཉིས་ཀ་བཏེགས་པ་འགྱེལ་བའི་རྒྱུ།།
མ་གཞི་འབྲོག་པས་འབྲོག་དང་ཞིང་པས་ཞིང་ལས་མི་བྱེད་ཅི་ཞིག་ལས།།
འོན་ཀྱང་དེ་དག་དགེ་བའི་ཕྱོགས་སུ་ཡར་རྒྱས་གཏོང་ཐབས་ལོས་རེ་དགོས།།
སྡིག་ཤ་འཛེམ་ཞིང་སྒོ་བཤས་སྤོངས་དང་བཤས་ཚོང་བྱེད་གཉིས་ནང་འགལ་ཡིན།།
སྡིག་ཤ་འཛེམ་ན་དེ་ཡི་འཛེམ་ལུགས་སྤོངས་ལུགས་ཤེས་དགོས་སོ།།
ཚེ་ཕོ་བྱེད་དམ་ཆེད་དུ་བརྔན་པ་ཚུན་གྱིས་མུ་མཐུད་འཚོ་སྐྱོང་ངང་།།
སྤུ་རྩིད་འོ་ཞོ་མར་ཆུར་ཐོན་སྐྱེད་ཡོང་འབབ་འཕར་ཐབས་ལོས་བྱེད་ཆོག །
མཐུན་རྐྱེན་འཚམས་པ་འགའ་ཡིས་འབྲོག་པའི་འཚོ་བ་སྲིད་པ་ས་བཟུང་ལོས་བྱེད་དགོས།།
དེ་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་མི་ཟེར་རམ།།
དེ་ནི་གཟི་བརྗིད་དང་ནི་བྱས་རྗེས་ཡིན་གྱི་ངོ་ཚ་ཞབས་འདྲེན་ཅི་ལ་ཡིན།།
གང་དེ་ལས་བརྩོན་རང་མགོ་རང་ཐོན་ཡིན་གྱི་གཞན་བརྟེན་སྒྱིད་ལུགས་ག་ལ་ཡིན།།
ད་ནས་དེ་མུར་ཕྱིན་ན་རིང་མིན་འབྲོག་པའི་འཚོ་བའི་མིང་བརྡ་ཙམ་ཡང་བརླག་པས་ཉེན།།
དེ་ནི་ད་ལྟའི་སྲོལ་རྒྱུན་གང་མང་ཞིག་གི་མིང་ཡང་རྩ་སྟོངས་གྱུར་དང་གཅིག་མཚུངས་ཡིན།།
མཁྱེན་ལྡན་རྣམ་པས་ཨེ་དྲག་བསམ་ནས་བཀའ་སློབ་བསྩལ་བ་ཨེ་སྡུག་མ་གཏོང་སྐུ་ཚེ་རིང་།།
གློ་བའི་སྨན་དུ་མ་སོང་མཆིན་པའི་དུག་ལ་མི་འགྱུར་ཐབས་ཤིག་ཚང་མས་རིག་པ་སྒྲིམ་འཚལ་ལོ།།

༼བོད་མཐོ་སྒང་གཡག་གི་མི་རིགས་ཟེར།།
སྔོན་སྲིད་པ་ཆགས་ནས་མཉམ་གནས་བྱས།།
དུས་ཡུན་རིང་ཕན་ཚུན་དྲིན་གྱིས་བསྐྱངས།།
ད་དུས་མཐའ་འདི་ལ་གཞན་ལག་བརྫངས།།
ངེད་འཚོ་གནས་སྲོག་ལ་བརྡེག་ནས་བྱུང་།།
གནམ་རྒན་མ་ཉེས་པ་ཅི་ཡིས་ལན།།
ཁོང་བོད་མི་རྣམས་ལ་ཞེ་ཁྲེལ་མེད།།
ད་འཚོ་གནས་སྙིང་པོ་སུ་ལ་རེ།།༽
རེ་ལྟོས་མིག་བཅས་སྐྱོ་བའི་སྔུར་སྒྲ་སྣོལ་མར་བརྩེགས་བཞིན་དུ།།
འདི་སྐད་ཟློ་བའི་གཡག་རྣམས་བཤས་རྭར་ཁྱུ་འདེད་བྱེད་བཟོད་དམ།།
ཀྱེ་མ་ཀྱི་ཧུད་མགོན་མེད་དྲིན་ཆེན་མ་རྣམས་ཐུགས་རྗེས་གཟིགས།།

·རྩོམ་ཡིག་གོང་མ:ང་དང་གླིང་གི་བློས་ཐུབ་གཏན་གྲོཊ།
·རྩོམ་ཡིག་འོག་མ:དཔེ་དེབ་དཔྱད་བརྗོད་བྱེད་པའི་བསམ་ཚུལ་ཁ་ཤས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 19:21:32 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 0:37:57 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 12:51:41 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 76 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS