ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

གྲྭ་རྐྱང་གི་ཚོར་སྣང་།

རྩོམ་པ་པོ:ཚ་བ་སྐུ་ལྷ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1087ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/1/15 12:51:59ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་ཚང་གི་ཐེངས་གསུམ་པའི་འགྲན་རྩོམ་བདམས་བཀོད། ༢

གྲྭ་རྐྱང་གི་ཚོར་སྣང་།

ཚ་བ་སྐུ་ལྷ།

ཀུན་གསལ་བུ་མོའི་མུན་ནག་ཞལ་ཁེབས་རབ་ཕྱེས་ཏེ།།
སྐྱ་རེངས་གསར་པའི་སྨག་རུམ་སྟུག་པོ་ཕ་མཐར་བསྐྲད།།
ཁྱིམ་བྱ་དེ་ཕོའི་མགྲིན་དབྱངས་མི་རྣམས་མནལ་ལས་དཀྲོགས།།
སྔས་མགོར་དུས་ཀྱི་ཅོང་བརྡ་དེ་ཡང་དེ་དང་མཚུངས།།

སེམས་ཀྱི་འཇུག་པ་རང་དབང་མེད་པའི་སེམས་བྱུང་དེ།།
ཅུང་ཟད་སྐྱེངས་ནས་ཚོགས་དྲུག་རྣམ་ཤེས་གམ་དུ་ཡིབ།།
ཉལ་སའི་ནང་ནས་མགོ་བོ་གཏེགས་ཏེ་གཡལ་སྟོང་རྒྱབ།།
འདྲེན་བྱེད་ཟུང་ལ་ཡལ་ག་ལྔ་པཕུར་ཙམ་བྱས།།

འབྱུང་ལྔ་འདུས་པའི་གཟུགས་ཕུང་འདི་ཡང་རབ་འགྲེང་ནས།།
དམར་སེར་སྣེ་གསུམ་གོས་ཀྱི་ཛ་ཛོར་མེད་པར་ཀླུབས།།
གྲུ་བཞི་གཟན་དེ་ཡ་ཡོ་མེད་པར་ཕྲག་པར་བརྒྱངས།།
བྲེལ་མྱུར་ངང་ནས་འདར་འདུར་རྒྱུག་གྱི་ལམ་ལ་ཆས།།

སྤོས་ཀྱི་དུད་པ་དྲི་འཛིན་བརྟན་པ་འཕྲོག་བྱེད་ཅིང་།།
སྣང་གསལ་འོད་ཀྱི་ནམ་མཁའི་ནོར་བུ་སྐྱེངས་པ་སྟེར།།
སྣ་ཚོགས་རྒྱན་གྱི་གཏམས་པའི་ཀུན་དགའ་ར་བ་རུ།།
བདུན་ལྡན་ཆོས་ཀྱི་བདེ་བའི་སྟན་ལ་རབ་འཁོད་དེ།།

ཀུན་སློང་དགེ་བའི་ཆོ་ག་སྙན་མོའི་དབྱངས་ཀྱིས་གྱེར།།
ཏིང་ཤག་སྒྲ་ཡིས་བཟའ་བཅའ་ཚོགས་རྣམས་སྤྱན་དྲངས་ནས།།
རྣམ་འབྱོར་ཏིང་འཛིན་བརྟན་པོའི་བདུད་རྩིར་བྱིན་རླབས་ཏེ།།
དགྱེས་དགུར་བཞེས་ནས་སྔོ་དང་སྨོན་པའི་མཚམས་སྦྱར་བྱ།།
༢༠༡༥ - ༡༠- ཉིན་ཚ་བ་སྒང་དུ།

·རྩོམ་ཡིག་གོང་མ:གྲོགས་དྲན་གྱི་གདུང་དབྱངས།
·རྩོམ་ཡིག་འོག་མ:ཁེར་རྐྱང་གི་ང་།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 6:13:42 [来自: 112.5.248.254]

评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 6:13:40 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 8:41:41 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 48 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS